སྡེ་དགེ་དགོན་ཆེན།

ཡོང་ཁུངས་Wikipedia
mini
mini

སྡེ་དགེ་དགོན་ཆེན་ནི་བོད་ཀྱི་གྲུབ་མཐའ་ས་སྐྱ་པའི་དགོན་སྡེ་གཅིག་རེད།

ལོ་རྒྱུས།[རྩོམ་སྒྲིག]

ཆོས་ལུགས།[རྩོམ་སྒྲིག]

སྡེ་དགེ་པར་ཁང་ནི་གེ་སར་རྒྱལ་བོའི་འཁྲུངས་ཡུལ་དང་། བོད་ཀྱི་རིག་གནས་ལྟེ་གནས་ཆེན་པོ་གསུམ་གྱི་ཡ་གྱལ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་ཡོད་པ་དང་། པར་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་ཁྱོན་སྡོམ་སྨི་གྲུ་བཞི་མ་ཁྲི་ཙམ་ལ་ཉེ་བ་ཡོད་པ་རེད། ལོ་རྒྱུས་སྟེང་སྙན་གྲགས་ཡོད་པའི་བོད་ཡིག་གི་པར་ཁང་ཆེན་མོ་གསུམ་གྱི་ཡ་གྱལ་དུ་བགྲང་པའི་སི་ཁྲོན་སྡེ་དགེ་པར་ཁང་ནི་༡༧༢༩ལོར་བཞེངས་ཤིང་། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གཙོ་བོ་ཡིན་པ་དང་། མིག་སྔར་པར་ཁང་དུ་གཞུང་དང་བསྟན་བཅོས་རྩ་ཆེན་སྣ་ཚོགས་༨༣༠ལྷག་དང་། ཤིང་པར་ཁྲི་༢༩ལྷག་ཡོད་ཅིང་། གཞུང་དང་བསྟན་བཅོས་ཀྱི་ཡིག་འབྲུ་དུང་ཕྱུར་༥ཙམ་ལ་སླེབས་ཡོད་པ་རེད། སྡེ་དགེ་པར་ཁང་ནང་དུ་གཞུང་རྩ་ཆེན་ཉར་ཚགས་བྱས་ཡོད་པ་མ་ཟད། ད་དུང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གཞུང་ལུགས་བརྩམས་ཆོས་ཉར་ཚགས་བྱས་ཡོད་ཅིང་། ནང་དོན་གྱི་ཆ་ནས་སྐར་རྩིས་དང་། ས་དཔྱད། ལོ་རྒྱུས། ཚད་མ། ཚན་རྩལ། གསོ་རིག སློབ་གསོ། རིག་གནས་དང་བོད་ཡིག་གི་ཡིག་གཟུགས་ལ་སོགས་པའི་བོད་ཀྱི་རིག་གནས་ཀྱི་ཕྱོགས་སོ་སོ་འདུས་ཡོད་པ་རེད། དེ་མ་ཟད། པར་ཁང་འདིའི་ནང་ད་དུང་སྲིད་ན་དཀོན་པའི་གཞུང་དང་བསྟན་བཅོས་རྩ་ཆེན་ཡོད་ཅིང་། ཤིང་པར་ལག་རྩལ་གྱི་ཤིང་བརྐོས་དང་། སྣག་ཚ། ཤོག་བུའི་བཟོ་རྩལ། པར་འདེབས་སྒྱུ་རྩལ་སོགས་ཡོད་ཚད་དུས་རབས་བཅུ་གསུམ་པའི་སྐབས་ཀྱི་ལུགས་སྲོལ་རྒྱུད་འཛིན་བྱས་ཡོད་པར་བརྟེན། པར་ཁང་དེ་ནི་རང་རྒྱལ་དང་ཐ་ན་འཛམ་གླིང་ཡོངས་སུའང་བོད་ཡིག་གི་པར་ཤིང་ཉར་ཚགས་བྱས་པ་ཆེས་མང་ཞིང་། ནང་དོན་ཆེས་ཕུན་སུམ་ཚོགས་པ་ལྡན་པའི་པར་ཁང་ཞིག་རེད།

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

བོད་པའི་དགོན་སྡེའི་ཐོ།

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]