སྒོ་ཡོན།

ཡོང་ཁུངས་Wikipedia

སྒོ་ཡོན། བོད་ཀྱི་ན་གཞོན་རྩོམ་པ་པོ། ༡༩༨༨ལོར་ཁམས་བྲག་འགོ་རྫོང་དུ་སྐྱེས། སྔ་རྗེས་སུ་བླ་རུང་ནང་བསྟན་སློབ་གླིང་དང་པེ་ཅིང་སྐད་བརྡ་རིག་པའི་སློབ་ཆེན་ཁག་ཏུ་སློབ་གཉེར་བྱས། རང་ལོ་བཅོ་ལྔའི་སྟེང་ནས་རྩོམ་རིག་གསར་རྩོམ་ལ་འབད་དེ། ད་ལྟའི་བར<<མི་སྐད་འདི། ཁ་གཡོར་ས་གཏན་ནས་མིན>>དང<<ཐུབ་པའི་གཞོན་རབས>><<རིག་རྩལ་རྒྱང་སྐྱོད>><<རང་རིག་རང་གསལ>><<སྣང་ཚོར་རོ་མཉམ>><<བརྩེ་དུང་གི་གླུ་པ>>གཙོས་པའི་བརྩམས་ཆོས་ཕྱོགས་བསྡུས་ཀྱི་དཔེ་དེབ་ལྔ་ལྷག་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་དུ་བསྐྲུན། གཞན་ཡང༢༠༠༧ལོ་ནས་བཟུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཏད་པའི<<བོད>>དུས་དེབ་ཀྱི་གཙོ་སྒྲིག་པའི་འགན་འཁུར་ཞིང་། སྔ་གཞུག་ཏུ<<སྦྲང་ཆར>>དང<<ཀློག་པ་པོ>><<བོད་ཀྱི་རྩོམ་རིག་སྒྱུ་རྩལ>><<གངས་རྒྱན་མེ་ཏོག>><<བོད་ཀྱི་དུས་བབ>><<མི་རིགས་ཀྱི་རྩོམ་རིག>><<གངས་དཀར་རི་བོ>><<གངས་རྒྱན་ན་ཆུང་ཚགས་པར>><<མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ>>གཙོས་པའི་བོད་ཡིག་གི་དུས་དེབ་དང་ཚགས་པར། དྲ་རྒྱ་ཉིས་བརྒྱ་ལྷག་གི་ནང་དུ་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་སུམ་བརྒྱ་ལྷག་བཀོད་འདུག་པར་མ་ཟད། བརྩམས་ཆོས་ཁ་ཅིག་དབྱིན་ཡིག་དང་རྒྱ་ཡིག་ཁག་ཏུ་བསྒྱུར་འདུག །