ས་འགུལ་རྒྱུན་ཤེས།

ཡོང་ཁུངས་Wikipedia

རྒྱུན་ཤེས། ༡ ས་འགུལ་གྱི་གོད་ཆག

༡ ས་འགུལ་གོད་ཆག་གི་ཁྱད་ཆོས།

ས་འགུལ་གྱི་གོད་ཆག་ནི་ནམ་རྒྱུན་གློ་བུར་བ་ དང་ཉེན་ཚབས་ཆེན་པོ་ཡིན་པ་དང་མཉམ་དུ་གང་བྱུང་དུ་རྨས་མ་འབོར་ཆེན་དང་རྨ་ཁ་སྣ་ མང་ཡོད་པ་ཞིག་ཡིན།ས་འགུལ་གོད་ཆག་དེ་གཙོ་བོ་སྡོད་ཁང་འགྱེལ་ནས་མི་ལུས་ལ་ཆག་ སྐྱོན་དང་གཅུར་སྐྱོན་ཕོག་པ་དང་མི་མང་པོའི་མགོ་རུས་དང་ཕོ་བ།རྐང་ལག་དང་སྒལ་ ཚིགས་བཅས་སུ་རྨས་སྐྱོན་ཕོག་པ་ཤ་སྟག་གོ ། ས་འགུལ་གྱི་སྐབས་སུ་རྨས་མ་མང་པོ་དུས་གཅིག་ཏུ་ཐོན་སྲིད་པས།མྱུར་སྐྱོབ་ཀྱི་ ལས་ཀ་སོགས་གཙོ་བོ་དམངས་ཚོགས་ཀྱི་རོགས་སྐྱོར་འོག་ལག་བསྟར་བྱ་བ་ཡིན།དེའི་ རྐྱེན་གྱིས་ས་གནས་ནས་བཀོད་འདོམས་ལེགས་པོ་བྱེད་པ་དང་མི་སྣ་བཀོད་བསྒྲིགས་ ལེགས་པོ་ཡོང་བ་ནི་ཤིན་ཏུ་ནས་གལ་ཆེན་ཡིན།

གཉིས་པ། ས་གནས་ཀྱི་བཀོད་འདོམས།

མྱུར་སྐྱོབ་པས་ས་གནས་ལ་རྟོག་ཞིབ་ལེགས་པོ་བྱེད་དགོས་པ་སྟེ།ཁང་པ་ཞིག་སྐྱོན་བྱུང་ཚད་དང་། རྨས་མའི་མང་ཉུང་དང་ས་གནས་སོགས་ལ་ལེགས་པར་གཞིགས་ཏེ་མྱུར་སྐྱོབ་ བྱེད་གནས་བདེ་འཇགས་ཅན་འདེམས་དགོས། མྱུར་སྟབས་ཀྱིས་ས་གནས་བཀོད་འདོམ་རུ་ཁག་དང་བཀོད་འདོམ་ལྟེ་གནས་འཛུགས་དགོས་ཤིང་། རྨས་མ་དག་མགྱོགས་མྱུར་ངང་རྨས་སྐྱོན་བྱུང་སའི་ས་གནས་ལས་སྤར་ཅིང་བདེ་འཇགས་ཀྱི་ས་གནས་སུ་ཁྱེར་ཏེ་མྱུར་སྐྱོབ་བྱེད་ དགོས།

གསུམ་པ། རྨས་མ་ རིགས་དགར་བ།

རྨས་མའི་རྨས་སྐྱོན་བྱུང་ཚད་དང་རྨས་སྐྱོན་ཕོག་ཡུལ།སྲོག་ཉེན་སོགས་ལ་གཞིགས་ཏེ་ ནད་པ་རིགས་དགར་བྱས་ན་རྨས་མའི་རྨས་སྐྱོན་བྱུང་ཚད་བཞིན་སྨན་བཅོས་དང་སྨན་ཁང་ དུ་སྐྱེལ་བར་ཕན་པ་ཡོད།

² མྱུར་སྐྱོབ།

༡དབུགས་ལེན་མཚམས་འཇོག་བྱས་ ཟིན་པའི་རྨས་མ་ཞིག་ཡིན་ན་ལམ་སང་གློ་སྙིང་ ནུས་པ་སླར་གསོའི་སྨན་བཅོས་བྱེད་དགོས་པས་དང་ཐོག་ཁ་སྣའི་ནང་གི་ས་རྡུལ་གཙང་ ཕྱིས་དང་དབུགས་ཀྱི་རྒྱུ་ལམ་བསལ་དགོས་ཤིང་།དེ་མུར་མྱུར་སྟབས་ཀྱིས་སྨན་ཁང་དུ་ སྐྱེལ་དགོས། ༢དྲན་འཐོར་རྨས་མ་ཡོད་ན་དྲང་མོས་མནར་ཅིང་།གཡོ་འགུལ་ཆེན་པོ་བཟོ་མི་ཉན།ས་འགུལ་ གྱིས་བསྐྱེད་པའི་དྲན་འཐོར་ནད་པ་མང་པོ་ཞིག་གི་སྙིང་ཁར་རྨས་སྐྱོན་ཤོར་ཡོད་པས། མྱུར་བར་སྨན་ཁང་དུ་བསྐྱལ་ན་བཟང་།

༣རྨ་ཁ་ཡོད་ན་ལམ་སང་རྨ་ཁའི་ ཉེ་ཁོར་གྱི་ས་རྡུལ་གཙང་ཕྱིས་བྱེད་ཅིང་གཅུད་ཆས་སོགས་རས་རྒྱུ་གཙང་མས་རྨ་ཁ་ གཅུད་དེ་ཁྲག་གཅོད་དགོས།ས་འགུལ་གྱིས་བསྐྱེད་པའི་རྨས་མའི་རྨ་ཁར་གཉན་ཚད་དེ་ཐབ་ རྒྱག་ཤུགས་ཆེ་བས་ལམ་སང་སྨན་ཁང་དུ་སོང་ཞིང་རྨ་ཁ་གཙང་ཁྲུས་བྱེད་པ་དང་ཐབ་མི་ རྒྱག་པའི་འགོག་སྨན་རྒྱག་དགོས།

༤རྐང་ལག་གི་ཚིགས་དཀྱོག་ པའམ་ཚིགས་ཕུད་པའི་གནས་ཚུལ་བྱུང་ཚེ་ཐབས་ལམ་སྣ་ཚོགས་སྤྱད་དེ་རྐང་ལག་གི་ཚིགས་ སོར་ཆུད་བྱས་རྗེས་སྨན་ཁང་དུ་སྐྱེལ་དགོས།

༥ ས་འགུལ་སྐབས་སུ་སྒལ་ཚིགས་ལ་དཀྱོག་སྐྱོན་ཤོར་བའི་གནས་ཚུལ་ཤིན་ཏུ་མོད་ཀྱང་། གང་དུ་སྐྱོན་ཤོར་ཡོད་པ་གོ་དཀའ་བས།སྤོ་འགུལ་དང་གནས་གཞན་དུ་འདྲེན་སྐབས་ངེས་ པར་ཏུ་དོགས་ཟོན་བྱེད་དགོས།སྐེ་ཚིགས་ཕུད་པའི་ནད་པ་བྱམས་ནས་འགྲོ་དུས་མགོ་དང་ ལུས་པོ་དྲང་ཐད་དུ་འཇོག་དགོས། སྙིང་ཁ་དང་སྐེད་པའི་རུས་པར་སྐྱོན་བྱུང་བའི་ནད་པའམ། ལུས་ཕྱེད་ཞ་བའི་ནད་པ་བྱམས་སྐབས་ངེས་པར་གཟབ་གཟབ་མ་བྱས་ན་སྒལ་ཀླད་ལ་སྐྱོན་ ཕོག་སྲིད།སྐེ་ཚིགས་ཕུད་པའི་ནད་པ་ཡིན་ན་སྐེ་འོར་གྱིས་བརྟན་ཆགས་བྱས་རྗེས་ འདྲེན་སྤོར་བྱེད་དགོས།སྒལ་ཚིགས་ལ་སྙད་ཕོག་པའི་ནད་པ་ཡོད་ཚད་བྱམས་ཁྲིའི་སྟེང་ འཁྱེར་དུས་ངེས་པར་ཏུ་བྱམས་ཁྲི་ཁོད་སྙོམ་ཡིན་དགོས་ཤིང་།སྐ་རགས་སོགས་ཀྱིས་ སྟེང་ནས་གཡོ་འགུལ་དང་སྤྲུག་སྡེབ་མི་བྱེད་པ་དགོས།

² དོགས་ཟོན་བྱེད་དགོས་ས།

༡ བློ་སེམས་བརྟན་པོའི་ངང་བཀོད་འདོམ་བྱེད་པ་ལས་འཚབ་འཚུབ་བྱེད་མི་རུང་།

༢ ནད་ཚབས་ཆེ་ཆུང་ལ་གཞིགས་ནས་མྱུར་སྐྱོབ་བྱེད་པ་དང་སྨན་ཁང་དུ་འདྲེན་དགོས།

༣ཚིགས་ཕུད་པའམ་ལྷག་པར་ཏུ་སྒལ་ཚིགས་ལ་སྐྱོན་ཕོག་ཡོད་པར་འདོད་ཚེ། རྨས་སྐྱོན་ཇེ་ལྗིད་དུ་མི་གཏོང་བའི་ཆེད་དུ་ནད་པར་རང་ནུས་ཀྱིས་འགྲོ་འདུག་ བྱེད་དུ་འཇུག་མི་རུང་།

༤ སྒལ་ཚིགས་ལ་སྐྱོན་ཕོག་པའི་ནད་པ་ཡིན་ན། སྒལ་ཀླད་ལ་གནོད་སྐྱོན་མི་ཕོག་པའི་ཆེད་དུ་ངེས་པར་ཏུ་ཤིང་གི་པང་ལེབ་སྟེང་ བྱམས་དགོས་པ་ལས་རས་བཟོས་བྱམས་ཁྲི་སྤྱོད་མི་རུང་།

བཞི་བ། སྐྱོར་ཁྲིད་བྱེད་ཐབས།

དང་པོ། མི་གཅིག་གིས་ཁྲིད་ཐབས།

༡ སྐྱོར་ཅིང་ཁྲིད་པ། ཐབས་ལམ་འདི་རྨས་མའི་རྣམ་རིག་སངས་བའི་ཆེད་དུ་རུས་ཚིགས་ཕུད་མེད་པ་དང་རྨས་ སྐྱོན་ཡང་བ། རང་སྟོབས་ཀྱི་འགྲོ་འདུག་ནུས་པའི་ནད་པར་འཚམས་པོ་ཡོད།

ཐབས་ལམ།

མྱུར་སྐྱོབ་པ་རྨས་མའི་ཟུར་དུ་ལངས་ཏེ།ནད་པའི་ལག་ཡ་མྱུར་སྐྱོབ་པའི་ སྐེ་ཐོག་ནས་འཁྱེར་དགོས་ལ།མྱུར་སྐྱོབ་པས་ལག་ཡ་ཡིས་སྐེ་ཐོག་ནས་ཁྱེར་བའི་ནད་ པའི་ལག་ཡ་ནས་བཟུང་ཞིང་། ལག་ཡ་ཡིས་ནད་པའི་རྒྱབ་ཕྱོགས་ནས་བསྐྱོར་ཏེ་དལ་མོས་ངང་འགྲོ་དགོས།

སྐྱོར་ཁྲིད་བྱེད་ཐབས།

༢ རྒྱབ་ཏུ་ཁུར་བའི་ཐབས།


ཐབས་ལམ་འདི་ནི་ལོ་ལོན་དང་བྱིས་པ། གཟུགས་གཞི་ཡང་མོ་ཡོད་ལ་རྣམ་རིག་གསལ་བའི་ནད་པར་འཚམས་པོ་ཡོད།

ཐབས་ལམ།


མྱུར་སྐྱོབ་པ་རྨས་མའི་སྔུན་ནས་མགོ་བོ་བསྒུར་ཅིང་།ནད་པར་ལག་པ་གཉིས་པོས་མྱུར་ སྐྱོབ་པའི་ཕྲག་པ་ནས་བསྐྱངས་ཏེ་བྲང་ཁར་ཐོན་དུས་ལག་པ་གཉིས་པོ་དམ་པོར་འཆང་དུ་ འཇུག་དགོས་ཤིང་། མྱུར་སྐྱོབ་པས་ནད་པའི་བླ་གཉིས་ནས་བཟུང་སྟེ་དལ་མོས་ངང་ཡར་ལངས་དགོས། གལ་ཏེ་རྐང་ལག་དང་སྒལ་ཚིགས་ལ་སྐྱོན་ཕོག་ཡོད་ན་ནི་ཐབས་ལམ་དེ་སྤྱོད་མི་རུང་།


ཁུར་བའི་ཐབས།

༣ གོག་འགྲོའི་ཐབས།

ཐབས་ལམ་དེ་རྣམ་རིག་གསལ་བ་དང་མི་གསལ་བ་གཉིས་པོར་འཚམས་ཤིང་།


ཁོར་ཡུག་གུ་དོགས་པ་དང་དུད་སྨིག་གིས་ཁེངས་པའི་སར་སྤྱོད་ཆོག།

ཐབས་ལམ།

མྱུར་སྐྱོབ་པ་རྨས་མའི་སྟེང་དུ་ཞོན་འདུག་གིས་པུས་བཙུགས་ངང་བསྡད་ ཅིང་། རྨས་མར་མྱུར་སྐྱོབ་པའི་སྐེ་རུ་འབྱར་བཅུག་པའམ། རང་ཉིད་ཀྱིས་རྨས་མའི་མཆན་འོག་ནས་བཟུང་སྟེ་དལ་མོས་ངང་མདུན་དུ་བསྐྱོད་དགོས།


  གོག་འགྲོའི་ཐབས།

༤ པང་འགྲོའི་ཐབས། ཐབས་ལམ་ འདི་ལོ་ན་ཆུང་ལ་ལུས་པོ་ཡང་མོ་ཡོད་པ་དང་རུས་ཚིགས་ཕུད་མེད་པ། ནད་པ་ཚབས་ཆེན་མིན་པ་ཚོར་འཚམས་ལ།བར་ཐག་ཐུང་ཐུང་ལ་ཤིན་ཏུ་ལེགས་པའི་ཐབས་ལམ་ ཞིག་ཡིན། ཐབས་ལམ།

མྱུར་སྐྱོབ་པ་རྨས་མའི་གཞོགས་ཟུར་ནས་པུས་བཙུགས་ཀྱིས་བསྡད་ཅིང་། གདོང་རྨས་མར་ཕྱོགས། ལག་ཡ་གཅིག་རྨས་མའི་སྒྱིད་ཁུག་ཏུ་བཞག་ཅིང་། ལག་ཡ་རྨས་པའི་རྒྱབ་ཕྱོགས་ནས་ཁྱེར་ཏེ་དལ་མོས་རྨས་མ་ཚུརབསྐྱོར་ཅིང་འཁྱེར་ དགོས། གལ་ཏེ་སྒལ་ཚིགས་དང་བླ་རུས་ལ་སྐྱོན་ཕོག་ཡོད་པའི་ནད་པ་ཡིན་ན་ཐབས་འདི་གཏན་ནས་ སྤྱོད་མི་རུང་།



པང་འགྲོའི་ཐབས།

གཉིས་པ། མི་གཉིས་ཀྱིས་ཁྲིད་ཐབས།

ལག་བྱམས་ཀྱི་ཐབས།

རྣམ་རིག་གསལ་བའི་རྨས་མར་འཚམས།

ཐབས་ལམ།

མྱུར་སྐྱོབ་པ་གཉིས་པོས་ཕན་ཚུན་གདོང་ཕྱོགས་ཤིང་རང་རང་གི་ལག་གཡས་པས་ ལག་གཡོན་པའི་ལག་མགོ་ནས་དམ་པོར་བཟུང་ཞིང་། དེ་ནས་ལག་གཡོན་པས་མྱུར་སྐྱོབ་པ་གཞན་པའི་ལག་གཡས་པའི་ལག་མགོ་ནས་བཟུང་རྗེས། མར་བསྒུར་ནས་རྨས་མར་ལག་པ་གཉིས་པོ་མྱུར་སྐྱོབ་པའི་སྐེ་རྒྱབ་ནས་འཛིན་དུ་འཇུག་ དགོས། དེ་ནས་མྱུར་སྐྱོབ་པ་གཉིས་པོ་དུས་མཉམ་དུ་ཡར་ལངས་དགོས་ཤིང་། འགྲོ་བའི་སྐབས་སུ་དུས་མཉམ་གྱིས་ཕྱི་ཕྱོགས་ཀྱི་རྐང་པས་གོམ་པ་དང་པོ་སྤོ་དགོས་ པས་མ་ཚད། གོམ་འགྲོས་ངེས་པར་ཏུ་གཅིག་གྱུར་ཡིན་དགོས།


  ལག་བྱམས་ཀྱི་ཐབས།

༢ བཀྱགས་འགྲོའི་ཐབས། འཚམས་ས་ རྣམ་རིག་མི་གསལ་བའི་ནད་པ་ཡིན།

ཐབས་ལམ།

རྨས་མ་ སྙེ་ཁྲིའུ་དང་འགྱོགས་བྱམས་སྟེང་དུ་འཁྱེར་བ་དང་ཁོར་ཡུག་གུ་དོགས་ནས་བེད་ སྤྱོད་བྱེད།

མྱུར་སྐྱོབ་པ་གཉིས་ལས་གཅིག་རྨས་མའི་རྒྱབ་ཕྱོགས་ནས་ལག་གཉིས་རྨས་མའི་མཆན་འོག་ ནས་ཐོན་ཏེ་རྨས་མའི་བྲང་ཁ་ནས་བསྣོལ་ཅིང་། ལག་པ་གཉིས་པོའི་རྨས་མའི་ལག་མགོ་ནས་འཛིན་དགོས། གཞན་པ་དེས་རྨས་མའི་རྐང་པ་གཉིས་ནས་བཟུང་ཏེ་སྔ་རྗེས་སུ་འགྲོ་དགོས།



  བཀྱགས་འགྲོའི་ཐབས།

༣ མི་གསུམ་མམ་བཞིས་འཁྱེར་ཐབས།

མི་གསུམ་མམ་བཞིས་དྲང་སྙོམ་སྒོས་འཁྱེར་བའི་ཐབས་འདི་ནི་སྒལ་ཚིགས་ལ་སྐྱོན་ཕོག་ པའི་རྨས་མར་འཚམས་པོ་ཡོད།


མི་གསུམ་གྱིས་གཞོགས་མི་འདྲ་བ་ནས་བྱམས་ཤིང་འགྲོ་བ། ཐབས་ ལམ།

མི་གཉིས་ནད་པའི་གཞོགས་གཅིག་ནས་བསྡད་ཅིང་ཕྲག་པ་དང་སྐེད་པ། གཞོགས་ཟུར། པུས་མོས་བཅས་ནས་སྐྱོར་བྱམས་བྱེད་དགོས་ཤིང་། མི་གསུམ་པ་དེ་གཞོགས་གཞན་ནས་བསྡད་ཅིང་ལག་པ་གཉིས་པོ་རྨས་མའི་གཞོགས་འོག་ནས་ ཁྱེར་ཏེ་མྱུར་སྐྱོབ་པ་གཞན་གཉིས་ཀྱིས་ལག་མགོ་ནས་འཛིན་དགོས། མི་གསུམ་པོས་པུས་བཙུགས་ཀྱིས་བསྡད་ཅིང་ནད་པའི་ཕྲག་པ་དང་ལྟག་རྒྱབ། གཞོགས་གཉིས།སྒྱིད་ཁུག་བཅས་ནས་བསྐྱོར་བྱམས་ཀྱིས་དལ་མོས་དུས་མཉམ་ངང་ཡར་ལངས་ ཏེ་འགྲོ་དགོས།



  མི་གསུམ་གྱིས་སྐྱོར་བྱམས་བྱེད་ཐབས།

༢ མི་བཞིས་སྐྱོར་བྱམས་བྱེད་ཐབས། ཐབས་ལམ། མྱུར་ སྐྱོབ་པ་གསུམ་ནད་པའི་གཞོགས་གཅིག་ནས་བསྡད་ཅིང་ནད་པའི་མགོ་དང་སྐེད་པ། སྒྱིད་ཁུག་བཅས་ནས་སྐྱོར་བ་དང་། མི་བཞི་པས་གཞོགས་གཞན་ནས་སྐྱོར་བྱམས་བྱེད་དགོས། མི་བཞི་བོས་པུས་བཙུགས་ཀྱིས་རྨས་མའི་སྐེ་དང་ཕྲག་པ། ལྟག་རྒྱབ། གཞོགས། སྒྱིད་ཁུག་བཅས་ནས་བསྐྱོར་ཅིང་དུས་མཉམ་ངང་ནད་པ་ཡར་བཀྱགས་ཤིང་འགྲོ་དགོས། མི་བཞིས་ སྐྱོར་བྱམས་བྱེད་ཐབས། Template:རྒྱུན་ཤེས