ལུང་མོན་བྲག་ཕུག

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
Longmen-lu-she-na-1.jpg

ལུང་མོན་བྲག་ཕུག་ནི་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱི་ལྷོ་འདབས་ཀྱི་དབྱི་ཧོ་གཅང་པོའི་འགྲམ་དུ་ཡོད། ཝེ་བྱང་མ་ནས་ཐང་རྒྱལ་རབས་དུས་མཇུག་བར་གྱི་ལོ་ངོ་༤༠༠རིང་ལ། གནས་དེ་རུ་ཕུག་པ་གྲངས་མེད་བརྐོས། ད་ལྟ་ཉར་ཡོད་པར་ཕུག་པ་༡༣༠༠ལྷག་ཡོད་པ་དང་ལྷ་སྐུ་ཁྲི་༩ལྷག་ཡོད། དེའི་ཁྲོད་དུ་"ཧྥུན་ཞན་སི་དགོན་པ་"ཟེར་བའི་བྲག་ཕུག་ནང་དུ། རྣམ་པར་སྣང་མཛད་ཀྱི་སྐུ་ཆེན་པོ་ཞིག་བཞུགས་སུ་གསོལ་ཡོད། ངག་རྒྱུན་ལྟར་ན། དེ་ནི་རྒྱལ་མོ་ཝུའུ་ཙེ་ཐེན་གྱིས་མོ་རང་གི་གཟུགས་བྱད་དཔེ་བྱས་ནས་ལྷ་བཟོ་ལ་བཞེང་དུ་བཅུག་པ་རེད་ཟེར། ༢༠༠༠ལོར་ལུང་མོན་བྲག་ཕུག་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་ནོར་གྱི་གྲས་སུ་བཀོད་པ་རེད།[༡]

གསལ་བཤད།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

Longmen Grottoes Pano.JPG

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

  1. "འཛམ་གླིང་གི་ཡུལ་ལྗོངས།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]