རྒྱལ་སྲས་ལག་ལེན་གྱི་མཚམས་སྦྱོར།

ཡོང་ཁུངས་Wikipedia

ଧମଙ୍କଗ୍ନ) ོཡབབངངདམ྄་ལ ༽༄༼༜࿂༆)

རྩ་བའི་མཚམས་སྦྱོར།[རྩོམ་སྒྲིག]

  • མཚན་ཆ་ཚང་། རྒྱལ་བའི་སྲས་ཀྱི་ལག་ལེན་སོ་བདུན་མ།
  • མཛད་པ་པོ། རྒྱལ་སྲས་དངུལ་ཆུ་ཐོགས་མེད།༼ས་སྐྱ་པ།༽
  • མཚནདོན། རྒྱལ་བའི་ཐུགས་སྲས་བྱང་ཆུབ་སེམས་དཔའི་ལམ་གྱི་སྦྱོར་བ་དང་བསླབ་བྱ་རྣམས་ལག་ཏུ་ལེན་ཚུལ་ཇི་ལྟར་ཡིན་པ་གོ་བདེའི་ངག་གིས་མ་ནོར་བར་བསྟན་པས་ན་མཚན་ལ་དེ་སྐད་ཅེས་བྱའོ། །
  • གཞུང་ཚད། བསྟན་བཅོས་ཀྱི་དབུ་ནས་མཆོད་བརྗོད་དང་བརྩམ་པར་དམ་བཅའ་བཅས་ཤློ་ཀ་གཉིས་དང་རྐང་པ་གཅིག མཇུག་གི་བསྟན་བཅོས་བརྩམས་པའི་དགོས་ཆེད་དང་ཁེངས་སྐྱུང་། བཟོད་གསོལ། དགེ་བསྔོ་བཅས་སྟོན་བྱེད་ཀྱི་ཤློ་ཀ་བཞི་མ་གཏོགས་པར་གཞུང་ཚད་ཤློ་ཀ་སུམ་ཅུ་སོ་བདུན་ཡིན་ནོ། །
  • ནང་དོན། དལ་འབྱོར་རྙེད་དཀའ་བསམ་པ་དང་། མི་ཚེ་དོན་ཡོད་པར་བྱ་བ། དུག་གསུམ་གྱི་འབྱུང་གནས་ཕ་ཡུལསྤོང་བ། ཡོན་ཏན་གྱི་འབྱུང་གནས་དབེན་པ་བསྟེན་པ། ཚེ་འདི་བློས་གཏོང་བ། གྲོགས་ངན་སྤོང་བ། བཤེས་གཉེན་བསྟེན་པ། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བཅས་སྔོན་འགྲོའི་ཆོས་བདུན་དང་། ལམ་གྱི་དངོས་གཞི་སྐྱེས་བུ་གསུམ་གྱི་ལམ་སྤྱི་དང་བྱེ་བྲག་སྐྱེས་བུ་ཆེན་པོའི་ལམ་རྒྱས་པར་བསྟན་པའོ། །

དཔྱད་གཞི།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

རྒྱལ་སྲས་ལག་ལེན།

ཕྱི་ཕྱོགས་དྲྭ་མཐུད།[རྩོམ་སྒྲིག]