རྒས་སྔ་བའི་ནད་

ཡོང་ཁུངས་Wikipedia
File:རྒས་སྔ་བའི་ནད།.jpg

ངོ་སྤྲོད་མདོར་བསྡུས།[རྩོམ་སྒྲིག]

མིང་གཞན་ལ་རྒས་སྔ་བའི་ཕྱོགས་བསྡུས་ནད་ཡང་བརྗོད། ཡིག་ངོས་ཐོག་ནས་ངོས་འཛིན་ན་ན་ཚོད་ཆེན་པོ་མ་ཟིན་ཡང་སྔོན་ནས་རྒས་རྟགས་ཐོན་པའི་ནད་ལ་ཟེར་བ་དང་། ནད་འདི་ནི་ཆེས་མཐོང་དཀོན་པའི་རྒྱུད་འཛིན་རང་བཞིན་གྱི་ནད་རིགས་ཡིན་ཞིང་ནད་གཞི་ཕོག་ཚད་ནི་ཁྲི་༤༠༠ཅ་གཅིག་ནས་ཁྲི་༨༠༠ཅ་གཅིག་བར་ཡིན་པར་བཤད། ནད་འདི་ཕོག་པའི་མིའི་ཕྲ་ཕུང་རྒས་པའི་མྱུར་ཚད་ནི་དབང་པོ་རྒྱུན་ལྡན་གྱི་མིའི་ལྡབ་༥ནས་༡༠བར་ཡིན་ཞིངསྤྱིར་ལོ་ངོ་༡༣ཙམ་ལ་གསོན་སྐབས་སྙིང་ནད་དང་གྲིབ་སྐྱོན་འོག་ཤི་འགྲོ་བ་ཡིན། སྐྱེ་དངོས་ཀྱི་ཚེ་ཚད་སྤྱིར་བཏང་བྱས་ན་སྐྱེ་འཚར་སྐབས་ཀྱི་ལྡབ་༥ནས་༦བར་ཡིན། དེར་བརྟེན་མིའི་ཚེ་ཚད་ཀྱང་གཞུང་ལུགས་ལྟར་ན་ལོ་༡༣༠ནས་༡༥༠བར་གསོན་ཐུབ། ལོ་ངོ་༡༠ནས་༢༠བར་གསོན་ནས་རྒས་པའི་སྣང་ཚུལ་ཐོན་པ་དང་དེ་རྗེས་ཤི་འགྲོ་བ་ཡིན་ན་རྒས་སྔ་བའི་ནད་ཕོག་པར་ངོས་འཛིན་བྱེད། ད་བར་འཛམ་གླིང་ཐོག་ཏུ་རྒས་སྔ་བའི་ནད་ཕོག་པའི་ནད་པ་ཚེ་ཚད་རིང་ཤོས་ལོ་ངོ་༢༦ལས་གསོན་ཐུབ་མེད།

ནད་རྟགས།[རྩོམ་སྒྲིག]

རྒས་སྔ་བའི་ནད་ཀྱི་ཁྱད་ཆོས་ནི་ཕྲུ་གུ་དམར་འབྱར་སྐབས་སུ་སྐྱེ་འཚར་དལ་པོ་ཡོད་ཅིང་ལོ་ཧྲིལ་པོ་གཅིག་སོང་རྗེས་དེ་ལས་ཀྱང་དལ་བར་གྱུར། ལོ་༡༠ཙམ་གསོན་སྐབས་སུ་ད་དུང་ལོ་༤དང་༥ཙམ་གྱི་ཕྲུ་གུའི་གཟུགས་ཚད་ལས་མེད་ཅིང་ལུས་སྟོབས་ཞན་པ། ལྤགས་པར་གཉེར་མ་མང་བ། སྐྲ་བུད་པ་སོགས་ཀྱི་ནད་རྟགས་ཐོན། དེ་མིན་ཁྲག་གཤེད་མཐོ་བའི་ནད་དང་། སྙིང་གཟེར་ལངས་པ། སྙིང་རྩ་འགགས་པ། རུས་པ་སོབ་སོབ་ཆགས་པ། གྲིབ་སྐྱོན་གྱི་ནད་སོགས་ཐོན་གྱི་ཡོད།