རོང་བྲག།

ཡོང་ཁུངས་Wikipedia

རོང་བྲག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་རོང་ཆུ་བོའི་ཁར་ཆགས་ཡོད། རོང་བྲག་ནི་གནའ་བོའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པའི་ཤར་རྒྱལ་མོ་རོང་གི་ཕྱོགས་ཆེན་བཅོ་བརྒྱད་གྱི་ནང་གསེས་ཀྱི་ཕྱོགས་ཆེན་ཞིག་ཡིན། རོང་བྲག་དུ་བོན་པོའི་དགོན་པ་ཆུང་ཆུང་འགའ་དང་རྡོ་ལས་རྩིག་པའི་གནའ་བོའི་གཙན་རྫོང་མང་པོ་ད་ལྟའང་མཐོང་རྒྱུ་ཡོད།