ཞེ་ཆེན་དགོན།

ཡོང་ཁུངས་Wikipedia

ཞེ་ཆེན་ནི་བོད་ཀྱི་རྙིང་མའི་དགོན་ཆེན་དྲུག་གི་ཡ་གྱལ་གཅིག་ཡིན། ཞེ་ཆེན་རབ་འབྱམས་སྐུ་ཕྲེང་དང་པོ་རབ་འབྱམས་བསྟན་པའི་རྒྱལ་མཚན་གྱིས་༡༦༩༥ལོར་ཁམས་སྡེ་དགེའི་ཕྱོགས་སུ་ཕྱག་བཏབ་པ་ཡིན། དེ་ནས་རབ་འབྱམས་སྐུ་ཕྲེང་རིམ་བྱོན་དང་རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན་དབོན་སྤྲུལ་སྐུ་ཕྲེང་རིམ་བྱོན་སོགས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ནས་མདོ་དབུས་ཁམས་གསུམ་དུ་སློབ་བརྒྱུད་ཀྱིས་ཁྱབ་ཡོད། དུས་འགྱུར་རྗེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ཞེ་ཆེན་རབ་འབྱམས་བདུན་པ་འགྱུར་མེད་ཆོས་ཀྱི་སེངྒེས་བོད་རྒྱུད་ནང་བསྟན་གང་སར་སྤེལ་བ་དང་མདོ་སྒྱུ་སེམས་གསུམ་སོགས་ཀྱི་གླེགས་བམ་འབོར་ཆེན་སྤར་བསྐྲུན་ཞུས་པ་དང་འཛམ་གླིང་གི་ས་ཆ་སོར་སོར་ཞེ་ཆེན་དགོན་གསར་བ་བཅུ་ཕྲག་འགའ་བཞེངས་ཡོད།

ཆོས་ལུགས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

བོད་པའི་དགོན་སྡེའི་ཐོ།

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

www.shechen.org