ཝེ་ཁེ་རིག་མཛོད་ནང་རྩོམ་སྒྲིག

ཡོང་ཁུངས་Wikipedia

སྒོ་ཡོན། བོད་ཀྱི་ན་གཞོན་རྩོམ་པ་པོ། ༡༩༨༨ལོར་ཁམས་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་སྐྱེས། སྔ་རྗེས་སུ་བླ་རུང་ནང་བསྟན་སློབ་གླིང་དང་པེ་ཅིང་སྐད་བརྡ་རིག་པའི་སློབ་ཆེན་ཁག་ཏུ་སློབ་གཉེར་བྱས། རང་ལོ་བཅོ་ལྔའི་སྟེང་ནས་རྩོམ་རིག་གསར་རྩོམ་ལ་འབད་དེ། ད་ལྟའི་བར《མི་སྐད་འདི། ཁ་གཡོར་ས་གཏན་ནས་མིན》དང《ཐུབ་པའི་གཞོན་རབས》《རིག་རྩལ་རྒྱང་སྐྱོད》《རང་རིག་རང་གསལ》གཙོས་པའི་བརྩམས་ཆོས་ཕྱོགས་བསྡུས་ཀྱི་དཔེ་དེབ་ལྔ་ལྷག་པར་དུ་བསྐྲུན། གཞན་ཡང༢༠༠༧ལོ་ནས་བཟུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཏད་པའི《བོད》ལོ་དེབ་ཀྱི་གཙོ་སྒྲིག་གི་འགན་འཁུར་ཞིང་། སྔ་གཞུག་ཏུ《སྦྲང་ཆར》དང《ཀློག་པ་པོ》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》《གངས་དཀར་རི་བོ》《 གངས་རྒྱན་ན་ཆུང་ཚགས་པར 》《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》གཙོས་པའི་བོད་ཡིག་གི་དུས་དེབ་དང་ཚགས་པར། དྲ་རྒྱ་ཉིས་བརྒྱ་ལྷག་གི་ནང་དུ་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་སུམ་བརྒྱ་ལྷག་བཀོད་འདུག །