མོག་མོག་

ཡོང་ཁུངས་Wikipedia
མོག་མོག

མོག་མོགནི་རླངས་བཙོས་བྱས་པའི་ཁ་ཟས།

མོག་མོག་ལ་རིགས་མི་འདྲ་བ་ཡོད་ཅིང་། གཙོ་བོ་ནི་ཤ་ཡོད་དང་ཤ་མེད་གཉིས་སུ་ཕྱེ་ཆོག ཤ་ཡོད་མོག་མོག་ནི་གཡག་ཤ་དང་གླང་སོགས་ཤ་ཆེན་རིགས་དྲོ་བ་ཆེན་ཞིང་། བྱ་ཤ་སོགས་ཀྱང་བཀོལ་རུང་། གོང་གི་ཤ་རིགས་གང་ཞིག་ཞིབ་མོར་བཙག་ཏེ་སྨན་སྣ་དང་སྣུམ་ཙོང་དང་པ་ལག་སོགས་ཚལ་རིགས་ཉུང་ཙམ་བཅས་གྲ་སྒྲིག་བཟོ་དགོས། གྲོ་ཕྱེ་ཆུ་ཚོད་གཅིག་གི་སྔོན་ནས་བརྫིས་ཏེ་སྣོད་ཆས་ཤིག་གི་ནང་དུ་ཁ་བཅད་རྒྱག་ནས་བཞག་དགོས། དེ་ནས་མོག་མོག་བཟོ་སྟངས་ནི་ གྲོ་ཕྱེ་དུམ་བུ་ཆུང་ངུ་པག་ཚད་ཆེ་ཆུང་གཅིག་པ་རྒྱག་དགོས་ལ། དེ་ནས་པག་ཚད་དེ་དག་རེ་རེ་བཞིན་ལག་གིས་བསྒྲིལ་ནས་རིལ་རིལ་བཟོས་ཏེ་གནོན་ནས་ལེབ་ལེབ་བཟོ། དེ་ནས་རྒྱུགས་རིལ་གྱིས་མཐའ་ནས་གནོན་ཏེ་ལེབ་ལེབ་བཟོས་རྗེས་མང་ཉུང་རན་པའི་ཤ་བླུགས་ཁ་ཟུམ་དགོས། ཁ་ཟུམ་སྟངས་མི་འདྲ་བ་གཉིས་ཡོད་ཅིང་། གཅིག་ནི་མོག་པགས་མཐའ་ནས་གཡོན་ལ་སྐོར་ནས་ལྟེབས་བརྩེགས་རྒྱག་དགོས། མོག་མོག་འདིའི་དབྱིབས་ནི་ཟླུམ་པོར་འགྱུར། ཡང་གཞན་དེ་ནི་སིལ་མོར་མི་བྱེད་པར་མོག་པགས་སྣེ་གཉིས་ཕན་ཚུན་སྦྱར་ཏེ་ཟླ་བ་ཕྱེད་པ་ལྟ་བུ་བཟོས་རྗས་སྣེ་གཉིས་ནང་དུ་བཀུག་དགོས། མོག་བཀྲག་ནང་དུ་སྣུམ་ཅུང་ཟད་བྱུག་དགོས། དེ་ནི་མོག་པགས་མི་འབྱར་བའི་ཆེད་དུ་རེད། མོག་མོག་མེ་ཐབ་ཏུ་མེ་ཚ་དོད་སྙོམས་པ་བྱས་ནས་སྐར་མ་བཅོ་ལྔ་ཙམ་བཙོ་དགོས། ད་གཟོད་མོག་མོག་ཟ་ཆོག་པ་ཡིན།


   ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། .
ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས།


==