མུ་སྟེགས།

ཡོང་ཁུངས་Wikipedia

མུ་སྟེགས།[རྩོམ་སྒྲིག]

མུ་སྟེགས་ཞེས་པའི་གོ་དོན་ནི་མུ་ཞེས་པ་མཐའ་དང་།  སྟེགས་ཞེས་སྡོད་སའི་སྟེགས་བུའི་དོན་ཡིན་པས།  ལྟ་བ་ངན་པའི་མུ་ལ་སྡོད་སའི་སྟེགས་བྱེད་པ་ཞེས་ནང་པ་སངས་རྒྱས་པ་རྣམས་ཀྱིས་ཟུར་ཟ་བྱས་པའི་མིང་ཞིག་ཡིན།  སྤྱིར་རྒྱ་གར་ན་མུ་སྟེགས་པའི་ལྟ་བ་རིགས་མི་འདྲ་བ་དྲུག་ཅུ་ལྷག་ཙམ་ཡོད་ཅིང་།  དེའི་ནང་ནས་གྲགས་ཆེ་བ་ནི་བཅུ་གཉིས་ཡོད་དེ་ཆད་ལྟ་གཅིག་དང་རྟག་ལྟ་བཅུ་གཅིག  དེ་རྣམས་ཀྱི་་ལྟ་བའི་འདོད་ཚུལ་རྒྱས་པར་གསུངས་པ་ནི།  སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་མཛད་པའི་《 དབུ་མ་རྟོག་གེ་འབར་བ》བསྟན་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགས་ལེ་ཚན་(ཛ)པའི་ནང་བཞུགས་པ་དེ་དང་།  འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་མཛད་པའི་《གྲུབ་མཐའ་ཆེན་མོ》ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་《གྲུབ་མཐའ་ཐུབ་བསྟན་མཛེས་རྒྱན》བཅས་སུ་གསལ།