མི་རྟག་པ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

[SIZE=5] == མི་རྟག་པ། == སྐད་ཅིག་མ་མི་རྟག་པའི་མཚན་ཉིད། སྐབས་འདིའི་སྐད་ཅིག་མའི་འཇོག་ཚུལ་ལ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ཡན་ཆད་གཉིས་མི་འདྲ་སྟེ། བྱེ་སྨྲས་དངོས་པོ་ལ་རྟག་མི་རྟག་འདོད་ཅིང་། འདུས་བྱས་ཀྱི་དངོས་པོ་ལ་མི་རྟག་པས་ཁྱབ་ཀྱང་། སྐད་ཅིག་མ་མ་ཡིན་པ་ཡོད་ཟེར་ཏེཞ སྐྱེ་འཇིག་ཅིག་ཅར་བྱེད་པ་བློས་མི་འཆུན་ནས་འདུས་བྱས་རྣམས་དང་པོར་སྐྱེས། དེ་ནས་གནས་དེ་ནས་འཇིག་ཅེས་རིམ་གྱིས་འཇུག་པར་འདོད། དེས་ན་བྱེ་སྨྲས་མི་རྟག་པ་སྐད་ཅིག་མ་མ་ཡིན་པར་མི་འདོད་མོད་ཀྱང་སྐད་ཅིག་མ་འཇོག་ཚུལ་ལ་སྐྱེ་བ་དང་འཇིག་པ་ལས་གཞན་དེ་གཉིས་ཀྱི་བར་ན་གནས་པའི་གནས་སྐབས་ཁས་ལེན་པ་ཡིན། མདོ་སྡེ་པ་ཡན་གྱིས་འདི་ལྟར་མི་འདོད་དེ། རྒྱུ་རྐྱེན་ཚོགས་ཤིང་འདུ་བྱས་པའི་དངོས་པོ་རྣམས་སྐད་ཅིག་མ་ཡིན་ཚུལ་ནི། སྐྱེས་ཙམ་ནས་འཇིག་པར་འདོད་པའི་ཕྱིར། སྐྱེ་བའི་རྒྱུ་འདི་ཉིད་ཀྱིས་འཇིག་པའི་རྒྱུ་ཡང་བྱེད་ཀྱི། ཕྱིར་འབྱུང་གི་རྒྱུ་གཞན་ལ་རགས་ལས་མི་དགོས་པར་འདོད་པ་དེ་ཡིན། །

མི་རྟག་པ(ལེགས་སྦྱར་སྐད།: अनित्य) [/SIZE]

གསལ་བཤད།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]