མཁན་ཆེན་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ།

ཡོང་ཁུངས་Wikipedia

མཁན་ཆེན་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ནི་སྤྱི་ལོ་༡༨༧༡ལོར་མདོ་སྨད་ཁྱུང་ཀྱཱའི་སའི་ཆར་ གཏོགས་ཐོག་ཁང་པའི་སྡེ་བར་སྐུ་འཁྲུངས།ཁུ་བོ་བློ་བཟང་ཕུན་ཚོགས་དང་དགེ་ཤེས་བློ་བཟང་ཆོས་འབྱོར་ གཉིས་ལས་ཡི་གེ་འབྲི་ཀློག་བསླབས།དགུང་ལོ་བདུན་པར་ཁྲི་ཆེན་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་ཉི་མ་དང་། ཉཱ་ཀྱ་ལྷ་རམས་པ་ངག་དབང་ཆོས་གྲགས།སྔགས་རམས་པ་བསྟན་པ་དར་རྒྱས་རྣམས་ཀྱིས་ལས་ཀྱི་སྐོར་མཛད་ནས་ དེ་མཚན་ལ་བྱང་ཆུབ་བསྟན་པའི་སྒྲོན་མེ་གསོལ།དགུང་ལོ་ཉེར་བརྒྱབ་པ་ས་བྱི་སྤྱི་ལོ་༡༨༨༨ལོར་གདན་སའི་ཁྲི་ཆེན་ ལ་ཞུགས།སྨོན་ལམ་གསུང་ཆོས་དང་ཐོག་གི་བརྩི་བཞག་བཀའ་ཆོས་གང་ཡོད་རྒྱས་ཤིང་མཐའ་ཆོད་པའི་བཀའ་དྲིན་ བླ་ན་མཐོ།རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྤྱི་ལོ་༡༩༣༤ལོར་སྐུ་གཤེགས།