བདེན་པའི་ཡི་ཤུ་ཚོགས་པ།
From Wikipedia
| |
This Tibetan article needs to be transcribed into the Tibetan Unicode script. You can help us Transcribe it. Thank you very much. |
བདེན་པའི་ཡི་ཤུ་ཚོགས་པ་འདི་ནི་ཕྱི་ལོ༡༩༡༥ལོར་རྒྱ་ནག་གྲོང་ཁྱེར་པེ་ཅིང་ལ་རྩ་འཛུགས་བྱས་པ་རེད། དེ་ནས་བཟུང་རྒྱལ་ཁབ་༤༨ནང་ཆོས་ཚོགས་དེའི་ཡན་ལག་ཁྱབ་བརྡལ་དུ་སྤེལ་ནས་དེང་སང་ཚོགས་མི་ས་ཡ་གཉིས་དང་ཕྱེད་ཀ་ཙམ་ཡོད། ཡི་ཤུ་ཚོགས་པ་འདི་ནི་དུས་རབས་བཅུ་གཉིས་པའི་ནང་དར་བའི་ཡི་ཤུའི་ཆོས་ལུགས་གསར་མའི་ཡན་ལག་ཞིག་རེད། བདེན་པའི་ཡི་ཤུ་ཆོས་ཚོགས་ཀྱི་དམིགས་ཡུལ་ནི་ཡི་ཤུ་སྟོན་པ་ལྷར་འཛམ་གླིང་ལ་ཐེངས་གཉིས་པར་མ་ཕེབས་གོང་འགྲོ་བ་ལ་འཕྲིན་བཟང་གི་གྲུབ་མཐའ་ཆོས་བཤད་བྱེད་རྒྱུ་དེ་ཡིན།
གྲུབ་མཐའ་འདིའི་ཡིད་ཆེས་གཙོ་བོ་བཅུ་ནི།
༡ དམ་པའི་སེམས་ཉིད་ཀྱི་བྱིན་བརླབས་ཐོབ་ན་ལྷ་ཡུལ་ལ་སླེབས་ཐུབ་པ་མཚོན་གྱི་ཡོད།
༢ ཁྲུས་དབང་ཆོ་ག་ཡི་མཚོན་དོན་ལ་མི་དགེ་བ་སྡིག་པའི་ལས་རྣམས་ཆག་ཡང་ཡོང་བ་དང་བསྐྱར་དུ་བློ་ཆོས་ལ་ཁུག་པ་སྟེ་ཡིན། ཆོ་ག་འདི་ནི་ཡི་ཤུ་ཆོས་ལུགས་གསར་མ་ཚོ་ཡིས་སྟོན་པ་མ་ཤི་ཀའི་མཚན་ཐོག་ནས་རང་བྱུང་གི་ཆུ་རྒྱུག་ཆུ། རྒྱ་མཚོ། ཡང་ན་ཆུ་མིག་སོགས་ཀྱི་ནང་ལ་ཆོ་ག་བྱེད་ཀྱི་ཡོད། དེ་སྐབས་ཁྲུས་དབང་ཞུ་མཁན་དེའི་མཁོ་བོ་མར་དགུར་ནས་ལུས་པོ་ཐམས་ཅད་ཆུ་ནང་ལ་ནུབ་དགོས་རེད།
༣ རྐང་པ་ཁྲུས་པའི་མཚོན་དོན་ནི་སྟོན་པ་མ་ཤོ་ཀ་དང་ཉེ་བར་ཡོང་རྒྱུ་དང་། གང་ཟག་གི་བྱམས་པ་དང་། སྐྱབས་མགོན། གུས་ཞབས། བཟོད་པ་། ཞབས་ཞུ་བཅས་དྲན་གསོ་ཡོང་བའི་ཆེད་ལ་ཡིན། ཁྲུས་དབང་གི་ཆོ་ག་ཞུ་མཁན་ཚང་མས་སྟོན་པ་མ་ཤོ་ཤའི་མཚན་ཐོགས་ནས་རྐང་པ་ཁྲུས་དགོས།
༤ ཡི་ཤུའི་ཚོགས་ཁོངས་སུ་ཞུགས་ལས་འདི་ནི་སྟོན་པ་མ་ཤོ་ཀ་དགོས་པ་རྫོགས་པར་རྗེས་དྲན་མཚོན་དོན་གྱི་ཆོ་ག་རེད། ཆོ་ག་འདི་ཡང་ཡང་བྱེད་པ་དང་དེ་སྐབས་སྐྱུར་རྩི་མེད་པའི་བག་ལེབ་དང་རྒུན་འབྲུམ་ཁུ་བ་བེད་སྤྱོད་བྱེད་ཀྱི་ཡོད། འདི་འདྲ་བྱེད་དགོས་དོན་ནི་སྟོན་པ་མ་ཤི་ཀ་དང་ལྷན་གཅིག་ཚོགས་ཁོངས་སུ་ཞུགས་པའི་ཆེད་ལ་ཡིན་པ་དང་ཉིན་མཐའ་མར་ཡར་གསོ་བྱེད་དེ་རྒྱུན་ཆད་མེད་པའི་མི་ཚེ་ཡོང་བའི་ཆེད་ཡིན།
5བདུན་གཅིག་ནང་གི་ཉིན་མཐའ་མ་རེ་གཟའ་སྤེན་པ་ནི་ངལ་གསོའི་ཉི་མ་ཞེས་རྩ་ཆེན་པོ་སྲུང་རྩི་བྱེད་ཀྱི་ཡོད་།ཉིན་དེ་ནི་དཀོན་མཆོག་གི་བྱིན་གྱིས་རློབ་པ་དང་སྡིག་སྒྲིབ་སྦྱོང་བའི་ཉིན་ཞིག་རེད། འདི་ནི་དཀོན་མཆོག་གིས་བཀོད་པའི་འཛམ་གླིང་དང་དེའི་འཇིགས་པ་ལས་སྒྲོལ་བ་སོགས་རྗེས་དྲན་སྲུང་རྩི་དང་། མཐར་རྒྱུན་ཆད་མེད་པའི་མི་ཚེ་ཞིག་ཡོང་བའི་རེ་བ་བཅས་མཚོན་ནོ། ༦སྟོན་པ་མ་ཤི་ཀས་སྡིག་ཅན་པ་ཚོ་སྐྱོབ་ཐབས་ལ་རྒྱངས་ཤིང་ཐོག་དགོང་པ་རྫོགས་པའི་ཚུལ་བཞེས་རྗེས་ཉིན་གསུམ་པར་བསྐྱར་བྱོན་ནས་ལྷ་ཡུལ་ལ་ཕེབས་པ་རེད། ཁོང་གཅིག་པོ་ནི་འགྲོ་མ་མིའི་སྐྱབས་མགོན་ཡིན་པ་མ་ཟད། འཛམ་གླིང་དང་ལྷ་ཡུལ་གྱི་བཀོད་པ་པོ་དང་མཐར་ཐུག་གི་སྐྱབས་མགོན་ཁོ་ན་དེ་ཡིན།