བཀྲ་ཤིས་རྟག་བརྒྱད།

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „བཀྲ་ཤིས་རྟགས་བརྒྱད།“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

༡ གདུགས[རྩོམ་སྒྲིག]

ཚངས་པ་ལ་སོགས་པས་སངས་རྒྱས་ལ་ཕུལ་བ་དང་སངས་རྒྱས་རང་གི་སྐུ་ལ་དབུ་གདུགས་ལྟར་དུ་ཡོད་པ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་རང་རྩལ་ལས་སོ་སོའི་མཚན་མ་མངོན་པའི་གདུགས་དཀར་པོ་ནི་གསེར་གྱི་ཡུ་བ་ཅན། དར་སྣ་ཚོགས་ཀྱི་འཕུར་ལྡང་གཡོ་བ་རིན་པོ་ཆེའི་ཏོག་གིས་རབ་ཏུ་མཛེས་པ་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ་དེ་དང་།

File:གདུགས་.JPG
གདུགས་

༢ གསེར་ཉ།[རྩོམ་སྒྲིག]

ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་གྱི་མཚོན་བྱེད་གསེར་གྱི་ཉ་གཡུའི་འདབ་གཤོག་དང་ལྡན་པ། མིག་འབྲས་སྒོར་ཞིང་མཛེས་ལ་འོད་འཁྱུག་པ། མཉེན་ཞིང་ལྕུག་པའི་ཉམས་འགྱུར་ཅི་ཡང་ངོམ་ཞིང་སྐྱེ་བོ་ཀུན་ལ་ཤེས་རབ་ཀྱི་མིག་སྤྱིན་པར་བྱེད་པ་དེ་དང་།

File:གསེར་ཉ་.JPG
གསེར་ཉ་

༣ པདྨ།[རྩོམ་སྒྲིག]

པདྨ་ལ་ཆུ་མི་ཆགས་པ་ལྟར་བདག་སོགས་འཁོར་བ་ལ་གནས་ཀྱང་། འཁོར་བའི་སྐྱོན་གྱིས་མི་གོས་པ་མཚོན་བྱེད། མེ་ཏོག་པདྨ་ཚོན་དང་མདངས་ཀྱིས་རབ་ཏུ་མཛེས་ཤིང་དྲི་བཟང་པོ་ཕྱོགས་མེད་དུ་འཐུལ་བ། འདབ་སྟོང་རྣམ་པར་བཞད་ཅིང་མཉེན་ལྕུག་གི་ལོ་མ་རྒྱས་ཚེ་རབས་ཀུན་ཏུ་རྫུན་ལ་སོགས་ངག་གི་མི་དགེ་བ་ཐམས་ཅད་ཡོངས་སུ་སྤངས་ཏེ་ཚིག་འཇམ་པོ་སྨྲ་མཁས་པ། དམ་པའི་ཆོས་ཀྱི་བདུད་རྩི་མྱངས་ནས་འཆད་རྩོད་ལ་ཐོགས་པ་མེད་པའི་ལྗགས་པདྨ་ལྟ་བུ་འཐོབ་པར་བྱེད་པ་དེ་དང་།

File:རྒྱལ་མཚན།.JPG
རྒྱལ་མཚན།

༤ དུང་དཀར།[རྩོམ་སྒྲིག]

བྱང་ཆུབ་སེམས་དཔའ་གཞན་དོན་དུ་སྐྱེ་བ་བཟུང་བའི་བཀྲ་ཤིས་པའི་ཆོས་དུང་གཡས་སུ་འཁྱིལ་བ་སངས་རྒྱས་ཀྱི་ཚེམས་ཕྲེང་བཞི་བཅུའི་མཚན་མ་མངོན་སུམ་དུ་གསལ་ཞིང་། ཚེམས་ཀྱི་བར་ནས་དམ་པའི་ཆོས་དང་བཀྲ་ཤིས་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོག་པ་དང་། སྐྱེ་རྒུ་རྣམས་ལ་གོང་གི་མཆོག་ཐོབ་པར་བྱེད་པའི་བཀྲ་ཤིས་པའི་དུང་དཀར་གཡས་འཁྱིལ་བ་དང་།

File:དུང་དཀར་.JPG
དུང་དཀར་

༥ བུམ་པ།[རྩོམ་སྒྲིག]

དེ་བཞིན་གཤེགས་པའི་མགུལ་གྱི་རྣམ་པ་སྟེ། གསེར་གྱི་བུམ་པ་འཆི་མེད་བདུད་རྩིས་གང་བའམ། ཡང་ན་རིན་པོ་ཆེས་གང་བ་ཟད་མི་ཤེས་པའི་གཏེར་ཆེན་པོའི་བུམ་པས་སྐྱེ་རྒུ་ཐམས་ཅད་བུམ་པ་བཅུད་ཀྱིས་གང་བ་ལྟར་རང་རྒྱུད་ཆོས་ཀྱིས་གང་ནས་གདུལ་བྱའི་རྒྱུད་ཚིམས་པ་དང་ཡང་ན་འདོད་དགུ་ལོངས་སྤྱོད་ཐམས་ཅད་འབད་མེད་འབྱུང་བའི་གཏེར་གྱི་བུམ་པ་དང་།

File:བུམ་པ་.JPG
བུམ་པ་

༦ དཔལ་བེའུ།[རྩོམ་སྒྲིག]

བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་མཚོན་བྱེད་རིན་པོ་ཆེ་དཔལ་བེའུ་འཇའ་དང་འོད་ཀྱི་རང་གཞིན་ཅན་སངས་རྒྱས་ཀྱི་མཁྱེན་པ་ཐམས་ཅད་ཐོགས་མེད་དུ་མཁྱེན་ཅིང་། གཏིང་དཔག་པར་དཀའ་བའི་སྟོབས་ཐམས་ཅད་རང་གི་རྒྱུད་ལ་འཐོབ་པར་བྱེད་པ་དེ་དང་།

File:པ་ཏྲ།.JPG
པ་ཏྲ་

༧ ནོར་བུ།[རྩོམ་སྒྲིག]

ལྷ་རྫས་ལས་གྲུབ་པའི་དར་ཚོད་སྣ་ལྔ་ལྷབ་ལྷབ་ཏུ་གཡོ་ཞིང་དགོས་འདོད་ཀུན་ཏུ་འབྱུང་བའི་ནོར་བུ་རིན་པོ་ཆེ་ཏོག་ཏུ་མཛེས་པར་སྤུད་པ། བསྟན་པ་མི་ནུབ་བསྐལ་པར་གནས་པའི་རྒྱལ་མཚན་རྫོགས་པའི་སངས་རྒྱས་ཀྱི་སྐུ་ལུས་ལྟ་བུ་ཕས་ཀྱི་རྒོལ་བ་དང་མི་མཐུན་བའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་སྟོབས་ཡོངས་སུ་རྫོགས་ཏེ་བརྗིད་ཅིང་མཛེས་པས་མཐོང་བ་ཙམ་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་སྐྱེ་བོ་ཕལ་བའི་ལུས་ལས་སུམ་འགྱུར་གྱིས་འཕགས་པ་ཐོབ་པར་བྱེད་པ་དེ་དང་།

File:ནོར་བུ་མེ་འབར་.JPG
ནོར་བུ་མེ་འབར་

༨ འཁོར་ལོ།[རྩོམ་སྒྲིག]

ཚངས་པ་ལ་སོགས་པས་དེ་བཞིན་གཤེགས་པར་ཕུལ་ཞིང་དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་དུ་བསོད་ནམས་ཀྱི་སྟོབས་ལས་འཁོར་ལོའི་མཚན་མ་རང་བཞིན་གྱིས་མངོན་པ་སྟེ་དེ་བཞིན་གཤེགས་མཚོན་བྱེད་སྲིད་པའི་དྲ་བ་ཉོན་མོངས་པའི་རང་བཞིན་ཅན་རྩད་ནས་གཅོད་ཅིང་ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཞན་གྱི་སྟོབས་རྣམས་འཕྲོག་ཅིང་རང་གི་དཔལ་དང་ལོངས་སྤྱོད་སྙན་གྲགས་དང་དབང་ཐང་ཐམས་ཅད་བསྐྱེད། ཐེགས་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དེ་དང་བཅས་བརྒྱད་དོ།

File:འཁོར་ལོ་.JPG
འཁོར་ལོ་