ཕོ་བྲང་གོང་རི་དཀར་པོ།

ཡོང་ཁུངས་Wikipedia

ཕོ་བྲང་གོང་རི་དཀར་པོ་ནི། ད་ལྟའི་ཆུ་ཤུར་རྟ་དཀར་ཟམ་ཆེན་ནས། ལྷོ་ཁར་འགྲོ་བའི་ལམ་བར་ན། དགའ་ལྡན་བཤད་སྒྲུབ་གླིང་ཟེར་བའི་དགོན་སྡེའི་རི་གཤམ་ཞིག་ན་ཡོད། ཕོ་བྲང་འདི་ཐོག་མར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང་། ཕག་གྲུའི་སྲིད་གཞུང་གི་ཕོ་བྲང་རབ་གྲས་སམ་གལ་ཆེ་གྲས་ཡིན། རིག་གསར་གོང་དུ་བརྗིད་ཆགས་པར་གནས་པའི་པར་རྙིང་ད་ལྟ་ཡང་མཇལ་རྒྱུ་ཡོད་ཀྱང་། རིག་གསར་སྐབས་སུ་ཐོར་ཞིག་ཏུ་སོང་ནས། ད་ལྟ་གྱང་རོ་ཙམ་ལྷག་ཡོད།