ནང་ཆེན།

ཡོང་ཁུངས་Wikipedia

ནང་ཆེན་ ནང་ཆེན་ནི་སྔོན་མ་མདོ་སྟོད་མི་ཡི་ཆོལ་ཁ་ནང་སྡེ་ཤོག་ཆེན་བཅོ་བརྒྱད་དང་ཕྱི་སྡེ་དེམ་ཆི་ཉེར་ལྔ། སྒ་སྟོད་ཨ་ཁྲོ་ཚོ་བདུན། རྒྱ་སྡེ་ཁག་བཞི་སོགས་ལ་དབང་བསྒྱུར་བའི་འབྲུ་རྗེ་ནང་ཆེན་རྒྱལ་པོའི་མངའ་ཁོང་ཡོད་ཚད་ལ་ཟེར་བ་ཡིན། རྒྱས་པར་ནང་ཆེན་རྒྱལ་རབས་སུ་གསལ།

ལོ་རྒྱུས་ཐོག་མངའ་ཐང་རྒྱས་པའི་དུས་སྐབས་ཀྱང་བྱུང་མྱོང་ཡོད། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་རྫོང་ཞིག་གི་མིང་ལ་གོ

ཆོས་རྒྱུད། ས་དགེ་བཀའ་རྙིང་སོགས་ཀྱི་དགོན་སྡེ་ཡོད་པ་དང་། ལོ་བཞིན་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་པོ་ཤར་མདའ་གྲོང་ལ་ཚོགས་བཞིན་ཡོད། ཡུལ་ཤོག ཤར་མདའ། སྐྱོ་བྲག མོ་གྲོང་། སྤྲེལ་ཚྭ། ཉག་ལ། ལྕི་ཆུ། ལྕི་ཉིན་སྲིབ། འབྲོག་ཤོག སྡོམ་པ། ཀ་གཞུང་སོགས་བཅུ་ཡོད། དགོན་སྡེ། ལྷོ་དཔལ་མེ་དགོན། རྫ་མེར་ཆེན་དགོན། མགར་དགོན། སྐྱོ་བྲག་དགོན། ཟུར་མང་རྣམ་རྒྱལ་རྩེ། མཁར་མགོ་དགོན། ནང་ཆེན་སྒར། རྭ་ཡ་དགོན། ཇ་པ་དགོན། རྟ་རྣ་དགོན། ཚངས་གསར་དགོན། ལུང་དཀར་དགོན། ཤོར་ཕུ་དགོན། སྟོང་ནག་དགོན། གེ་ཆག་དགེ་དགོན་སོགས་དགོན་སྡེ་མང་ངོ་།། ལག་རྩལ། སྲོལ་རྒྱུན་གྱི་ཞིང་འབྲོག་ལས། གསེར་དངུལ་མགར། རྫ་མ་བཅའ་སྲེགས་སོགས་དར། རང་བྱུང་ཐོན་རྫས། དབྱར་རྩྭ་དགུན་འབུ། ཤྭ་ར། གླ་རྩི། རྫ་ཡུང་། སུར་ཡུང་བཅས། ཞིང་ཕྱུགས་ཐོན་རྫས། ནས། ཡུང་མ། གྲོ ཏིལ་སོགས་ཡོད།