ནང་ཆེན་རྒྱལ་རབས

ཡོང་ཁུངས་Wikipedia

༈ མདོ་སྟོད་མི་ཡི་ཆོལ་ཁ་ཁམས་ནང་ཆེན་པའི་རྒྱལ་རབས་དེབ་ཐེར་གཟུར་གནས་དྲང་གཏམ་ཞེས་བྱ་བ་བཞུགས་སོ། །

རབ་མཛེས་ཞལ་རས་སྟོན་ཟླ་འཛུམ་པའི་གཉེན། ། བཞི་བཅུའི་ཚེམས་དཀར་གངས་རིའི་ཕྲེང་བའི་སྤུན། ། སྲིད་པའི་མཚར་སྡུག་ཡོངས་རྫོགས་ཚངས་སྲས་མ། ། དེ་རིང་ལོངས་སྤྱོད་འཁོར་ལོའི་ཁ་ལོ་བསྒྱུར། ། ཆེན་པོ་བོད་ཀྱི་ཞིང་གི་བྱེ་བྲག་སྒང་དྲུག་ལྟེ་བ་མདོ་ཁམས་གླིང་ཁྲི་བར་མ་རུ། ། རྒྱལ་ཁྲིམས་མི་ཆོས་གཙང་མའི་སྒྲོན་མེ་རིས་མེད་ཕྱོཊ་སུ་སྤེལ་བའི་བྱེད་པོ་དམ་པ་སྟེ། ། ཉམ་ཆུང་འབངས་ཀྱི་སྐྱིད་སྡུག་ལེེགས་ཉེས་རྟག་ཏུ་གཟིགས་པའི་ས་སྐྱོང་མངའ་བདག་མི་ཡི་རྗེ། ། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་སོཊ་ནང་ཆེན་རྗེ་བོ་རྒྱུད་པར་བཅས་པ་དེང་འདིར་བསྔཊ། ། གང་དེའི་ཕྲིན་ལས་སྤེལ་བའི་བྱེད་པོ་གྲགས་པའི་སྒྲ་ཆེེན་སྟོང་འབར་བའི། ། དཔའ་སྟོབས་བློ་གྲོས་ཐབས་ཚུལ་ཀུན་ལ་འགྲན་མེད་གྱད་བློན་ཆེ་བཞིི་དང་། ། ཉེར་ལྔའི་གྲངས་ལྡན་བློན་ཆེན་ཁག་དང་ཚོ་བ་སུམ་ཅུ་ལྔ་སོགས་ལ། ། མ་བཅོས་འགྱུར་མེད་དྭངས་བའི་བློ་ཡིས་བསྟོད་པའི་དབྱངས་སྙན་འདི་ནས་འབུལ། ། ཆེས་ཆེར་སྙིགས་མའི་དུས་ཀྱི་རྡུལ་རླུང་གིས། ། ཡ་རབས་དམ་པའི་མཛད་བཟང་གངས་རིའི་མདངས། ། སྒྲིབ་པའི་དུས་འདིར་རྒྱལ་རབས་ལོ་རྒྱུས་སོགས། ། ཇི་བཞིན་བརྗོད་འདོད་ངལ་བའི་རྒྱུ་རུ་གྱུར། ། འོན་ཏང་སྔོན་བྱུང་གཏམ་གྱི་རྒྱ་མཚོ་ཆེར། ། འཇུག་འདོད་བློ་གསལ་དོན་གཉེར་ཅན་དག་ལ། ། ཕན་སླད་བགྱིས་པའི་རྒྱལ་རབས་མདོར་བསྡུས་འདི། ། ལོ་རྒྱུས་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཡིན། ། གངས་ཅན་མདོ་སྟོད་མགོ་ནག་མི་ཡི་རྗེ། ། རྗེ་བློན་འབངས་ཀྱི་བྱུང་བ་མདོར་བསྡུས་འདི། ། འདི་ན་མ་བཅོས་ཚིག་གིས་སྤེལ་བ་གང་། ། གང་དག་མོས་ལྡན་རྣ་བའི་རྒྱན་དུ་མཛོད། ། དེ་ཡང་སྒོམ་སྡེ་ནང་ཆེན་པའི་གཏམ་རྒན་མ་ལས། “གཏམ་ཅི་བཤད་ གོང་ལ་མགོ་དཔོན་ལ་བསྟོད་པ། སྡེ་ལྷོ་གླིང་དབུས་མའི་ཁྱད་ཆོས། ཟས་ཅི་ཟོས་གོང་ལ་དཀོན་མཆོག་ལ་མཆོད་པ། དེ་དབུ་ནག་བོད་ཀྱི་ལུགས་སྲོལ”ཞེས་སྲོལ་རྒྱུན་གྱི་གོམས་གཤིས་ལྟར་ཐོག་མར་ཤིས་བརྗོད་དང་། ཆེ་བསྟོད་སོགས་ཀྱི་ཚིག་གི་ཕྲེང་བས་སྒོ་ཡངས་པོར་ཕྱེས་ཏེ་ལོ་རྒྱུས་དངོས་ལ་འཇུག་པར་བྱའོ། །


གཅིག ལོ་རྒྱུས་འཆད་པའི་དགོས་པ་དང་གདོད་མའི་གནས་ཚུལ་ སོགས་བཤད་པ། ༡ ལོ་རྒྱུས་འཆད་པའི་དགོས་པ། དེ་ཡང་། ཕྱི་སྣོད་གོ་ལ་ཟླུམ་པོའི་སྟེང་དུ་འཚོ་ཞིང་གནས་པའི་ནང་བཅུད་འགྲོ་བ་མི་དང་བཅས་པའི་སེམས་ཅན་ཀུན་གྱི་ཆགས་གནས་འཇིག་པའི་ལོ་རྒྱུས་ཀྱི་ཆུ་ཀླུང་ཆེན་མོའི་ཁྲོད། འགྲོ་བ་མི་ཡི་འཕོ་འགྱུར་དར་རྒུད་ཀྱི་རླབས་རིས་རེ་རེ་ནི་མི་རིགས་སོ་སོའི་འདས་པའི་བྱུང་བ་དང་། རིག་གནས། གོམས་གཤིས་སོགས་མཚོན་པའི་མེ་ལོང་ལྟ་བུ་ཡིན་ལ། བྱེ་བྲག་ཟླ་ཤེལ་གྱི་ཁུ་བས་ལན་བརྒྱར་བྱུག་པ་ལྟ་བུའི་ཁ་བའི་རྡུལ་རྩེགས་ཀྱི་ལྷུན་པོ་བརྒྱ་ཕྲག་གིས་ཡོངས་སུ་བསྐོར་བའི་མཐོ་སྒང་གངས་རིའི་རྒྱལ་ཁམས་འདིར་བྱུང་བའི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱང་། ང་ཚོ་རྗེས་རབས་པ་དག་གི་ཚབ་མཚོན་ནམ། འདས་པའི་གཞིན་རས་ལྟ་བའི་མེ་ལོང་ཡིན་པས། དེ་ཉིད་འཚོལ་རྟོགས་དང་། འཆད་རྩོམ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། ཇི་སྐད་དུ། 《 རླངས་ཀྱི་པོ་ཏི་བསེ་རུ》 ལས། “ཡབ་མེས་ཀྱི་ཡིག་ཚང་མ་ཤེས་ན། །མོན་ཕྲུག་ཡར་བོ་དང་འདྲ”ཞེས་དང་། “མི་རང་གི་སྐྱེ་རྒྱུད་མ་ཤེས་ན། །ནགས་ཁོངས་ནས་འོང་བའི་སྤྲེའུ་དང་འདྲ”ཞེས་གསུངས་པ་དང་། སྲིད་པ་རྒན་པོའི་གཏམ་དཔེ་ལས་ཀྱང། “ལོ་རྒྱུས་ཀྱི་ཚིག་གསུམ་མ་གོ་ན། ཕ་ཨ་ཁུ་ཡིན་ཡང་ངོ་མི་ཤེས”ཞེས་པ་ལྟར། ཕ་མེས་ཡང་མེས་ཀྱི་ལོ་རྒྱུས་དང་རུས་རྒྱུད། མི་རང་གི་སྐྱེ་རྒྱུད་སོགས་མ་ཤེས་ན་ནགས་ཁོངས་ནས་འོང་བའི་སྤྲེའུའི་ཟླ་བོར་འགྱུར་ལ། ཕ་ཨ་ཁུ་དག་ཀྱང་ངོ་མི་ཤེས་པའི་ཚད་ལ་ཐོན་ངེས་པས་སུ་ཞིག་ཡིན་ཡང་ཕ་མེས་ཀྱི་ལོ་རྒྱུས་དང་། རང་གི་རུས་རྒྱུད་སོགས་ལ་འཚོལ་རྟོག་བྱས་ཏེ་ཤེས་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་མཐོང་ཐུབ་བོ། ། འཛམ་གླིང་གོ་ལ་ཟླུམ་པོའི་ཤར་ཕྱོགས་ཨེ་ཤ་ཡའི་གླིང་ཆེན། ས་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་བཞི་ལྷག་ལ་དབང་བསྒྱུར་བའི་ཆེན་པོ་བོད་ཀྱི་རྒྱལ་ཁམས་རུ་ཆེན་ལྔཡི་བྱེ་བྲག གཙང་ཆེན་བཞི་ཡི་སྟོད་རྒྱུད། མདོ་ཁམས་གླིང་ཁྲི་བར་མའམ། མདོ་ཁམས་ལུང་པ་ཕྱུག་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོ་སྒང་རྒྱུད་དུ་ཆགས་པའི་ཁམས་སྒོམ་སྡེ་ནང་ཆེན་ཆོས་ཀྱི་རྒྱལ་ཁམས་ཞེས། རི་རྒྱལ་ལྷུན་པོ་བརྒྱ་ཕྲག་གི་ཕྲེང་བས་བསྐོར་ཞིང། ཆུ་ཆེན་གཙང་གསུམ་གྱི་འབྱུང་ཁུངས། གཡང་ཟོག་ནོར་གནག་གི་ཡུལ་ལྗོངས། གླུ་གཞས་བྲོ་གར་གྱི་ཕ་ཡུལ། ཡིག་གཟུགས་སྒྱུ་རྩལ་གྱི་ཕ་ས་རུ་གྲགས་པ་འདིར། གདོད་མའི་དུས་སུ་ཡུལ་ཁམས་འདིའི་མིང་དང་། ཆགས་ཚུལ། མིའི་འགྲོ་བ་བྱུང་ཚུལ་ནས། ལོ་རྒྱུས་ཀྱི་རྒྱུད་རིམ་སོགས་ཇི་བཞིན་བརྗོད་པའི་ཡིག་ཆ་མ་མཐོང་བས། འདི་དང་འདི་ལྟར་ཞེས་ཞིབ་ཏུ་སྨྲ་རུ་མི་སྤོབས་ཀྱང་། གནའ་སྔ་མོ་ནས་བཟུང་བོད་ཀྱི་ལོ་རྒྱུས་འཕེལ་འགྱུར་སྤྱི་ལྟར་སྤྲེའུ་དང་བྲག་སྲིན་ལས་མཆེད་པའི་རིགས་རྒྱུད་རིམ་པར་བྱུང་སྟེ་བོད་ཀྱི་རིགས་རྒྱུད་འཚོ་ཞིང་གནས་པའི་ཡུལ་ཁམས་ཤིག་ཡིན་ལ། བོད་བཙན་པོའི་སྐབས་སུ་ཆུ་བཞི་སྒང་དྲུག་སྤྱིའི་གྲལ་དུ་བགྲངས་ཤིང་། བཙན་པོ་རིམ་བྱོན་གྱི་བཀའ་ཡི་ཕྲིན་ལས་སྐྱོང་བའི་བློན་འབངས་ཏེ། ནོར་འཛིན་ཡངས་པའི་ལྗོངས་ཆེན་པོ་འདིར་བོད་ཆེན་པོའི་སྲིད་འབྱོར་རིག་གསུམ་གྱིས་རང་རང་གི་མངའ་རིས་བདེ་བར་སྐྱོང་བའི་མདོ་ཁམས་སྟོད་ཀྱི་ས་གནས་བློན་ཆེན་གྱི་གོ་གནས་བཟུང་ཞིང། བོད་རང་གི་ཐུན་མོང་ཡན་ལག་ ______________________  བོད་ཡུལ་རུ་ཆེན་ལྔ་ནི 《དུང་དཀར་ཚིག་མཛོད་ལས》 བོད་རྒྱལ་སྲོང་བཙན་སྐབས་དབུས། གཙང། མངའ་རིས། མདོ་སྟོད། མདོ་སྨད་བཅས་རུ་ཆེན་ལྔར་ཕྱེས་པ་དང། དེ་ནི་དམག་དོན་དང་སྲིད་འཛིན་དོ་དམ་ཟུང་འབྲེལ་གྱི་ལམ་ལུགས་ཤིག་ཡིན་པར་བཤད། ཅིག་ཏུ་གྲུབ་ཡོད། ལྷག་ཏུ་གནའ་དུས་ཀྱི་ཐང་བོད་གནའ་ལམ་སོགས་ལོ་རྒྱུས་རྒྱུན་རིང་ལྡན་ཞིང། མདོ་ཁམས་སྟོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་ལྟེ་གནས་ལྟ་བུ་ཡིན། སིལ་བུའི་དུས་སྐབས་ཀྱི་མཇུག་ཏུ་ཆོས་རྗེ་འབའ་རོམ་དར་མ་དབང་ཕྱུག་གི་སློབ་ཆེན་འགྲོ་མགོན་ཏི་ཤྲཱི་ཤེས་རབ་སེང་གེའི་དངོས་སློབ་རས་པ་དཀར་པོ་ཡབ་སྲས་ཀྱིས་ཕྱོགས་འདིར་དབང་སྒྱུར། ཧོར་སེ་ཆེན་རྒྱལ་པོའི་སྐབས་སུ་མདོ་ཁམས་སྟོད་ཀྱི་བླ་ཆེེན་ཁག་དང་ཧོར་གྱི་བར་མཆོད་ཡོན་གྱི་འབྲེལ་བ་བྱུང་ཞིང་། རས་པ་དཀར་པོ(ཤེས་རབ་བྱང་ཆུབ)དང་གུང་སྒོམ་ཨའུ་གཉིས་ཆོས་སྲིད་ཀྱི་དཔོན་དུ་སོ་སོར་བསྐོས་ནས་རས་ཚང་སྒོམ་སྡེའི་རྒྱལ་སྲིད་དར་ཞིང་རྒྱས་པའི་དུས་སྐབས་ཏེ། བོད་རབ་བྱུང་བཞི་པའི་མེ་སྤྲེལ་སྤྱི་ལོ ༡༢༣༦ ཙམ་ལ་མདོ་སྟོད་དམ་ཁམས་སྟོད་འདིར་རས་ཚང་སྒོམ་སྡེ་ཞེས་འབོད། དེའི་རྗེས་རབ་བྱུང་དྲུག་པའི་ལྕགས་བྱི་སྤྱི་ལོ༡༣༠༠ལོར་མདོ་སྟོད་མི་ཡི་ཆོལ་ཁའི་རྗེ་བོ་འབྲུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་སོཆེན་མོའི་ཁྲི་ལ་བཞུགས་པ་ནས་བཟུང་ཡུལ་ཁམས་འདིར་སྒོམ་སྡེ་ནང་ཆེན་དུ་གྲགས་པར་བཤད། གཞན་ཡང་མདོ་སྟོད་དམ་ཁམས་སྟོད་ཀྱི་ཡུལ་ཁམས་འདིར་བོད་སིལ་བུའི་དུས་སྐབས་ནས་ ______________________ ནང་སོ་ཞེས་པ་ནི་བཙན་པོའི་སྐབས་སུ་གོ་གནས་ཤིག་གི་མིང་ཡིན་ཏེ། དཔེར་ན་སྔོན་མ་ས་མཚམས་དག་ལ་ཕྱི་སོ་དང་ནང་སོ་ཞེས་མེལ་ཚེ་བྱེད་མཁན་གྱི་སོ་པ་བློན་པོ་བསྐོ་བཞག་བྱེད་པའི་ལམ་ལུགས་ཡོད་པ་དེ་ལས་རིམ་གྱིས་ཐ་སྙད་དེ་གང་ཟག་དང་ཡུལ་གནས་ཕོ་བྲང་སོགས་ལ་ཐོགས་པ་ཡིན་ལ། མདོ་དབུས་ཁམས་གསུམ་གྱི་ལོ་རྒྱུས་གང་ལའང་ནང་སོ་ཞེས་པའི་ཐ་སྙད་འདི་རྒྱུག་ཆེ་བས་མཚོན། སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའང་དེའི་སྲོལ་རྒྱུན་མ་ཉམས་པར་ཡོད་པའི་སྟབས་ཀྱིས་གནས་ཁང་གི་མིང་ལ་ནང་སོ་ཆེན་མོ་ཞེས་ཐོགས་པ་རེད། བཟུང་བྱེ་བྲག་གི་རྒྱལ་ཕྲན་སིལ་མ་མང་པོ་བྱུང་ཡོད་དེ། དཔེར་ན། ཁམས་ཀྱི་ཤར་ཕྱོགས་དེང་སང་དཀར་མཛེས་ས་ཁུལ་དར་མདོ་རྫོང་ནས་བྱུང་བའི་ལྕགས་ལ་རྒྱལ་པོ་དང་། སྨར་ཁམས་སྨད་ཀྱི་བེ་རི་རྒྱལ་པོ། བར་ཁམས་ཀྱི་སྡེ་དགེ་རྒྱལ་པོ་སོགས་ཀྱང་ཡོད་དེ། རྒྱལ་ཕྲན་དེ་དག་ཀྱང་ཆོས་སྲིད་ཀྱི་བྱུང་བའི་ཐད་བོད་ཀྱི་ལོ་རྒྱུས་ནང་ཅུང་གྲགས་པ་ཆེ་བའི་ས་གནས་ཀྱི་རྒྱལ་ཕྲན་ཁག་གཅིག་རེད། དེ་དག་ལས་ནང་ཆེན་རྒྱལ་བློན་འབངས་གསུམ་གྱི་བྱུང་བ་ནི་མདོ་ཁམས་སྟོད་ནས་ཅུང་ལོ་རྒྱུས་རིང་ཞིང་། ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་ཐད་ཕྲིན་ལས་རྒྱས་ཤིང་འཐུས་སྒོ་ཚང་བའི་ལོ་རྒྱུས་ཅན་ཞིག་ཡིན་ནོ། ། སྤྱིར་བོད་མིའི་ལོ་རྒྱུས་སྔོན་མ་ལྷ་སྒྲུང་དང་། ཆོས་འབྱུང་གིས་ལྷད་ཆེ་བ་དང་། དེང་སང་ཡང་གཞན་རིགས་ཀྱི་ཞབས་སུ་འཐེན་ཁྱེར་བྱེད་པའི་འཁྱོག་བརྗོད་ལོ་རྒྱུས་དར་ཆེ་བ་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གིས་མ་གཞི་ནས་བོད་རང་གི་མི་བུའི་ལོ་རྒྱུས་ངོ་མ་ཞིག་མཐོང་དཀོན་པར་མ་ཟད། ལྷག་པར་དུ་ཁམས་ནང་ཆེན་གྱི་འགྲོ་བ་མིའི་བྱུང་འཕེལ་དར་རྒུད་ཀྱི་ལོ་རྒྱུས་ཁུངས་བཙུན་པ་ཞིག་མཐོང་དུ་མེད་པ་སོགས་ཀྱིས། དེང་སང་འདས་པའི་བྱུང་བ་ཇི་བཞིན་སྨྲ་བ་ནི་ཧ་ཅང་དཀའ་མོའི་གནས་སུ་འདུག་ལ། གནའ་ནས་ད་བར་ཆོས་ལུགས་ཀྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ལས་འཇིག་རྟེན་མི་བུའི་བྱུང་འཕེལ་དར་རྒུད་ཀྱི་ལོ་རྒྱུས་ངོ་མ་ནི་སྐྲུན་མ་མྱོང་ལ། དེང་སང་ཡང་ང་ཆེ་ང་གཉེན་གྱིས་རང་ཉིད་ཆེ་སར་འདོན་བྱེད་ལྷ་སྒྲུང་དང་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ཤིང་། འུད་བསྟོད་དང་ཕྱོགས་ཞེན་གྱི་དབང་དུ་སོང་བའི་ལོ་རྒྱུས་ཉབ་ཉོབ་ལག་ཡས་ལོན་ཙམ་རེ་འབྲི་བཞིན་འདུག་མོད། གཞི་རྩའི་ཆ་ནས་སྔོན་གྱི་ཡིག་རྙིང་དང་། བདེན་པའི་ལོ་རྒྱུས་རྒྱབ་ཏུ་དོར་ནས་དཀྱོགས་བཤད་དང་ལོག་བཤད་བྱེད་པ་མཐོང་བས་མ་བཟོད་པར། ནང་ཆེན་རྒྱལ་རབས་ཀྱི་ལོ་རྒྱུས་གཙོ་བོར་བརྗོད་པའི་མི་བུའི་བྱུང་བ་ཉུང་བསྡུས་འདི་ཉིད་རྩོམ་པའི་ལས་འགན་ཁུར་དུ་བླངས་པ་ཡིན་ལ། དེ་ཡང་གཞི་འཛིན་ས་གཙོ་བོ་ཤོར་ཕུ་ཀརྨ་རབ་གསལ་གྱིས་བརྩམས་པའི་ཡིག་རྙིང《ནང་ཡ་གཉིས་རི་ཁག་བཅོ་བརྒྱད་ཀྱི་བྱུང་བ་གསལ་བར་བྱེད་པ་སྔོན་མེད་གསལ་བའི་གཏམ་སྙན་མེ་ན་ཀའི་ཟུར་སྟེགས་གཟུགས་འཛིན་དབང་པོའི་ལྕགས་ཀྱུ》ཞེས་པ་དེའི་ནང་གི་རྒྱལ་རབས་མདོར་བསྡུས་དང་། སོ་རག་བྱ་བྲལ་བས་བརྩམས་པའི 《 འབའ་རོམ་གསེར་ཕྲེང་རིན་ཆེན་རྒྱན་ཕྲེང》  གཉིས་གཙོ་བོར་བཞག་པ་ཡིན་ཏེ། དེ་གཉིས་ལ་མི་ལོ་སུམ་བརྒྱ་དང་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པས་སྔོན་གྱི་བྱུང་བ་དག་ཅུང་ཁ་གསལ་ལ་ཁུངས་བཙུན་ཕྱིར་དང་། དེ་རྗེས་ཀྱི་བྱུང་བ་ཕལ་མོ་ཆེ་ནི《ཆོས་འབྱུང་གསལ་བྱེད་སྒྲོན་མེའི》 ནང་གི་ནང་ཆེན་པའི་བྱུང་བ་དེ་ཉིད་ཅུང་རྒྱས་ཤིང་། ཕལ་ཆེ་བ་ཕྱོགས་ཞེན་གྱིས་མ་ལྷད་པར་ཡིད་ཆེས་རུང་བའི་གནས་སུ་འདུག་པས། དེ་དག་རྩ་བར་བཟུང་བ་ཡིན་ལ། གཞན་ཡང་ཁམས་སྟོད་ལོ་རྒྱུས་སྟོད་སྨད་གཉིས་དང་། ཆོས་འབྱུང་། ནང་ཆེན་གྱི་དགོན་ཁག་ལོ་རྒྱུས་སོགས་ ཡིག་ཆ་གཞན་ཡང་ཟུར་ལྟའི་ཡིག་ཆར་བཟུང་ནས། ལྷ་སྒྲུང་དང་རྟོག་བཏགས་ཀྱི་ཆེ་བརྗོད་མགོ་ ______________________ ཤོར་ཕུ་ཀརྨ་རབ་གསལ་གྱིས་བརྩམས། ད་བར་མི་ལོ༣༦༠ཙམ་འདས། སོ་རག་བྱ་བྲལ་གྱིས་བརྩམས། ད་བར་མི་ལོ༤༣༠ཙམ་འདས། ཚང་གསར་བློ་གྲོས་རིན་ཆེན་གྱིས་བརྩམས། རུ་མ་བཞག ཆོས་ལུགས་དང་ཆོས་རྒྱུད་ཀྱི་བྱུང་བས་བསྲེ་ལྷད་ཆེན་པོ་མ་བྱས་པར། ཁམས་ནང་ཆེན་གྱི་མགོ་ནག་མི་བུའི་སྐྱིད་སྡུག་འཕེལ་འགྱུར་གྱི་བྱུང་བ་གཙོ་བོར་བརྗོད་པའི་རྒྱལ་རབས་ལོ་རྒྱུས་འདི་ཉིད་བྲིས་པ་ཡིན་ཏེ། རང་རེ་ལའང་འགྲོ་བ་མིའི་དར་འཕེལ་གྱི་བྱུང་བ་ཇི་བཞིན་བརྗོད་པའི་ལོ་རྒྱུས་ཞིག་ཅིས་ཀྱང་མཁོ་ལ། མ་འོངས་པར་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འཚོལ་རྟོག་དང་། དཔྱོད་ཤེས་ཀྱིས་ཁམས་ནང་ཆེན་པའི་མི་བུའི་འབྱུང་འཕེལ་དར་རྒུད་ཀྱི་ལོ་རྒྱུས་མཐུས་ཚབ་རུང་བ་ཞིག་བསྐྲུན་རྒྱུ་ནི་དུས་དང་མཐུན་པའི་བྱ་བ་གལ་ཆེན་ཞིག་ཡིན་ལ། ལྷ་སྒྲུང་དང་། ཆོས་ལུགས་ཀྱི་བྱུང་བ། གཞན་རིགས་ཀྱི་ཞབས་སུ་འཐེན་ཁྱེར་བྱེད་པའི་མཁྱོག་བརྗོད་ལོ་རྒྱུས་ཁོ་ན་བརྗོད་པ་ཙམ་ཞིག་གིས་མ་འོངས་བུ་རབ་ཚ་རྒྱུད་དག་གི་རེ་འདོད་སྐོང་མི་ཐུབ་པས། ནང་ཆེན་རྒྱལ་རབས་འདི་ཉིད་གཙོ་བོ་ཡིག་རྙིང་ལ་ཁུངས་གཏུགས་ཤིང་། དྲང་པོའི་ལོ་ཚིགས་གཞིར་བཟུང་ནས། འདས་པའི་ལོ་རྒྱུས་ལྷ་སྒྲུང་དང་ཆོས་འབྱུང་སོགས་འདྲ་མ་འདྲེས་ཀྱི་གསེང་ནས་རྟོག་བཏགས་རང་བཞིན་དང་། འུད་བསྟོད་རང་བཞིན་གྱི་ལོ་རྒྱུས་དག་རེ་ཞིག་ཟུར་དུ་བསལ་ཏེ། དངོས་ཡོད་དང་མཐུན་པའི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཚོ་བའི་ལོ་རྒྱུས་དངོས་དྲང་པོའི་བློ་དང་གཟུར་གནས་རིག་པས་ཅི་ནུས་ཀྱིས་བསྡུ་ལེན་བྱས་ཏེ་ཁུངས་བཙུན་ལ་ཡིད་ཆེས་པའི་གནས་ཁོ་ན་བཀོད་པ་ཡིན་ནོ། ། འདིར་ཟུར་དུ་བརྗོད་རྒྱུ་ཞིག་ལ་རྒྱལ་རབས་ལོ་རྒྱུས་འདིར་ནང་ཆེན་པའི་རྗེ་བློན་འབངས་གསུམ་གྱིས་འཇིག་རྟེན་གྱི་ཕྱོགས་ནས་མཛད་རྗེས་ཅི་གནང་གི་བྱུང་བ་གཙོ་བོར་བརྗོད་པ་ཡིན་པས། དམ་པའི་ཆོས་ཕྱོགས་ཀྱི་ལོ་རྒྱུས་འདིར་མ་སྨོས་ལ། གཞན་ཡང་ཕྱོགས་འདིའི་དགོན་ཁག་དང་། མཁས་དབང་། བླ་ཆེན་དག་གི་ལོ་རྒྱུས་ནི་འདིར་སྐབས་སུ་མ་བབ་པས་རེ་ཞིག་ཟུར་དུ་བཞག་པ་ཡིན།

  རྒྱལ་རབས་འདི་ཉིད་དུས་རབས་ཀྱི་ངོས་ནས་སྔ་དར་དང་།  བར་དར།     ཕྱི་དར་བཅས་ཁག་གསུམ་དུ་དབྱེར་ཡོད་ལ།   རྒྱུད་རིམ་གྱི་དབང་གིས་ཏྲེ་རབ་ཁའི་རྒྱལ་རབས་ཀྱི་སྐབས་དང་།   སྐུ་འབུམ་སྐབས་ཀྱི་རྒྱལ་རབས།    གསང་རྫོང་སྐབས་ཀྱི་རྒྱལ་རབས།     ནང་ཆེན་སྒར་སྐབས་ཀྱི་རྒྱལ་རབས་ཏེ་རིམ་པ་བཞི་རུ་ཕྱེས་ཡོད།   ལོ་རྒྱུས་སྤྱིའི་ཆ་ནས།    བོད་བཙན་པོའི་སྐབས་དང་།   སིལ་བུའི་དུས་ཀྱི་སྐབས།    ས་སྐྱའི་སྲིད་དབང་གི་སྐབས།   ཕག་གྲུའི་སྐབས།   དགའ་ལྡན་ཁྲི་རབས་ཀྱི་སྐབས་སོགས་རྒྱུད་རིམ་ལྟར་བྱེ་བྲག་ཕྱེས་ཡོད་ལ།    སྤྱིར་རྒྱལ་རབས་འདི་ཉིད་གོ་རིམ་བཞིན་ས་བཅད་ཆེན་པོ་བཅུའི་ཐོག་ནས་ལོ་རྒྱུས་ཀྱི་གནད་མ་འཁྲུགས་ཤིང་།     ཆ་ཚང་བ།    ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་བཀྲལ་ཡོད་པས་ཀློགས་པ་པོ་དག་ལ་མཚོན་ན་ལྟ་བདེ་ཞིང་།  གོ་སླ་བའི་ཁྱད་ཆོས་ཡོད་པར་མ་ཟད།     རྒྱལ་རབས་ལོ་རྒྱུས་འདི་ཉིད་ཀློག་པའི་སྐབས་སུ་ཐོག་མར་ཤེས་དགོས་པ་ཞིག་ལ་འདིའི་ནང་གི་མི་སྣ་དང་བྱུང་རིམ་ག་རེ་ཡིན་ཡང་ཚུལ་མཐོང་འགྲོ་བ་མིའི་མིག་ཤེས་སྤྱད་དེ་མིའི་ལོ་རྒྱུས་ཀྱི་ཚད་ལ་བཞག་ནས་ཀློག་དགོས་པ་ལས་ལྷ་སྒྲུང་དང་ཆོས་འབྱུང་གི་ཚད་ལ་བཞག་ནས་ཀློག་རྒྱུ་མེད་ལ།     ད་དུང་ལོ་རྒྱུས་གཞན་དག་ནས་འབྱུང་བའི་ངོ་མཚར་རང་བཞིན་དང་འུད་བསྟོད་རང་བཞིན་གྱི་བྱུང་བ་དང་།  ནང་ཆེན་རྒྱལ་རབས་དངོས་དང་འབྲེལ་བའི་བླ་ཆེན་འགའ་རེའི་མཛད་རྣམ་ལོ་རྒྱུས་སོགས་ནི་འདིར་གཙོར་འདོན་མ་བྱས་པར།     འགྲོ་བ་མིའི་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བའི་ལོ་རྒྱུས་ཅི་ནུས་ཀྱིས་རྒྱས་སྤྲོད་བྱས་ཡོད་པ་དག་ནི།     ད་བར་ཆོས་ལུགས་དང་ཆོས་རྒྱུད་ཀྱི་བྱུང་བ་གཙོ་བོར་བརྗོད་པའི་ལོ་རྒྱུས་ལས།    འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་མཛད་རྗེས་ཅི་གནང་གི་ལོ་རྒྱུས་དེ་ཙམ་གསལ་ཁ་མེད་པ་སོགས་ཀྱི་སྟོང་ཆ་སྐོང་ཆེད་དང་།    ལྷག་པར་དུ་ལོ་རྒྱུས་འདི་ནི་དངོས་ཡོད་ལ་བསྟུན་ཅི་ཐུབ་དང་།    བདེན་པའི་ཕྱོགས་པ་འགྲོ་ཅི་ཐུབ་ཀྱིས་འཇིག་རྟེན་གྱི་ཚུལ་མཐོང་འགྲོ་བ་མིའི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་དངོས་གཙོ་བོར་བྲིས་པའི་རྒྱལ་རབས་ལོ་རྒྱུས་ཞིག་ཡིན་པས་ཀློག་མཁན་དག་གིས་ཀྱང་ཐོག་མར་དེ་ལུགས་ཀྱི་ལོ་རྒྱུས་ཀློག་སྟངས་ཤེས་རྒྱུ་གལ་ཆེའོ།  ། 

༢ གདོད་མའི་དུས་ཀྱི་གནས་ཚུལ། འཛམ་གླིང་ཤར་ནུབ་ཀྱི་མི་རིགས་སོ་སོའི་གནའ་བོའི་གཞུང་ལུགས་སྣ་ཚོགས་རྒྱབ་ལྗོངས་ཡོད་པའི་སྒོ་ནས་སྣོད་བཅུད་གཉིས་ཀྱི་གྲུབ་ཚུལ་དང་། འཕེལ་འགྱུར་ཐད་འགྲེལ་བཤད་སྐྱོན་སྟངས་མི་འདྲ་བ་མང་པོ་མཆིས་ཀྱང་། དེང་སང་ཡོངས་ཁྱབ་རང་བཞིན་གྱི་ལྟ་སྟངས་སམ། གོ་བ་ལེན་སྟངས་ནི་ཅུང་འབྲེལ་ཆགས་ཤིང་། ཡིད་ཆེས་པའི་དངོས་གཙོ་རྩོད་སྒྲུབ་རིག་པའི་སྒོ་ནས་འགྲེལ་བཤད་སྐྱོན་སྟངས་དེ་ལ་གཞི་བཅོལ་བཞིན་ཡོད་པས། འདི་ནས་ཀྱང་ལྟ་སྟངས་དེ་ཉིད་གཙོར་བཟུང་ནས་བརྗོད་པ་ཡིན་ཏེ། དེ་ཡང་ལོ་ངོ་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་ལྷག་གི་ཡར་སྔོན་ནས་ས་སྒང་འདི་ཐོག་མར་ཆགས་ཤིང། དེ་ནས་མི་ལོ་མང་པོ་འདས་རྗེས་ག་ལེར་གདོད་མའི་མཚོ་བྲི་ཞིང་། ཧི་མ་ལ་ཡའི་རི་རྒྱུད་བལྟམས་པ་ནས་རིམ་བཞིན“འཕེལ་འགྱུར” བྱུང་སྟེ། རང་བྱུང་ཁམས་ཀྱི་རི་ཆུའི་བཀོད་པ་དང་། ནགས་ཚལ། ལྗོན་པ། རྩི་ཤིང་སོགས་སྨིན་ནས། མཛེས་ཤིང་སྡུག་པའི་སྣོད་ཀྱི་འཇིག་རྟེན་གྲུབ། དེ་རྗེས་ལོ་ངོ་དུ་མའི་རྗེས་སུ་གནས་དེར་འཚོ་ཞིང་གནས་པའི་སྲོག་ཆགས་ཁྱུང་རྒོད་དང་། གཏུམ་འབྲུག སྤྲ་མི་སོགས་བཅུད་ཀྱི་སེམས་ཅན་སྣ་ཚོགས་གནས་ཏེ་ལོ་ངོ་མང་པོ་ཞིག་འདས། ལོ་ངོ་ས་ཡ་བདུན་ཡས་མས་ཀྱི་ཡར་སྔོན་ནས་མིའི་རིགས་ཀྱི་ཐོག་མའི་མེས་པོ་སྤྲ་རིགས་མི་འདྲ་བ་དག་བྱུང་བར་ས་འོག་ནས་བརྙེད་པའི་འགྱུར་རྡོ་སོགས་ལ་བརྟེན་ནས་བདེན་དཔང་བརྙེད་ཅིང་ཚན་རིག་པ་དག་གིས་སྨྲ། དེ་ནས་ལོ་ས་ཡ་བཞི་དང་འབུམ་ཕྲག་གཅིག་ལྷག་གི་སྔོན་ནས་ད་གཟོད་སྤྲ་མི་དེ་དག་གྱེན་དུ་འགྲེང་ཐབས་སུ་ལང་ནས་འགྲོ་ཤེས་པར་གྱུར། ལོ་ས་ཡ་གཉིས་དང་འབུམ་བཞི་ཙམ་གྱི་སྔོན་དུ་འཇོན་མིHomo巧人ཞེས་པ་དེ་བྱུང་བར་བཤད། འཇོན་མི་དེ་ཚོའི་རིགས་རྒྱུད་མང་དུ་འཕེལ་ཞིང་ཁོ་ཚོས་རྡོ་ཆས་ཀྱི་ལག་ཆ་སྟབས་བདེ་བཟོ་ཤེས་པར་མ་ཟད། རྡོ་ཤིང་རྩུབ་བརྡར་ལས་མེ་རྙེད་ཅིང་། མེ་བེད་སྤྱོད་བྱེད་ཤེས་ལ། ཁོ་ཚོ་ནི་མིའི་རིགས་ཀྱི་མེ་བེད་སྤྱོད་བྱེད་པའི་ལག་རྩལ་གསར་གཏོད་བྱེད་མཁན་ཐོག་མའང་ཡིན། དེ་རྗེས་ལོ་ས་ཡ་གཅིག་དང་འབུམ་དྲུག་ཙམ་གྱི་སྔོན་ནས་བཟོ་མི Homo dragster, 匠人ཞེས་པ་བྱུང་ཞིང་དེ་དག་ལའང་ད་དུང་འགྲོ་བ་མིའི་གཤིས་སྤྱོད་ཚང་མེད་ལ། སྐད་ཆའང་སྨྲ་མི་ཤེས། མིའི་རིགས་ཀྱི་མེས་པོ་ཐོག་མ་ནི་ལོ་འབུམ་ཕྲག་བཞིའི་སྔོན་ཙམ་ནས་བྱུང་བའི་འགྲེང་མིHomo Er ectus, 真立人ཞེས་པ་དེ་ཡིན་ལ་དེ་དག་གིས་ད་གཟོད་ཕན་ཚུན་གོ་བརྡ་འཕྲོད་པའི་གཏམ་ཅུང་ཟད་སྨྲ་ཤེས་སོ། ། དེ་ནས་ལོ་འབུམ་གསུམ་དང་ཁྲི་གསུམ་ཡས་མས་ཀྱི་སྔོན་ནས་བྱུང་བའི་མི་ཉི་ཨན་དྷི་ཐ Homo Neanderthalensis,尼安德塔人ཞེས་པའི་མི་དེ་དག་བྱུང་ཞིང་དེ་དག་གི་སྐབས་སུ་ད་གཟོད་ཕན་ཚུན་གོ་བརྡ་ཅི་རིགས་པ་སྤྲོད་ཐུབ་པའི་སྐད་ཆ་སྨྲ་ཤེས་པར་མ་ཟད། རྙོག་འཛིང་ཅན་གྱི་མིང་ཚིག་དག་ཀྱང་རིམ་བཞིན་བྱུང་བ་ཡིན། སྤྱིར་འགྲོ་བ་མི་བྱུང་ནས་མི་ལོ་བྱེ་བ་གཉིས་སོང་བར་བཤད་ཀྱང་། སྐད་ཆ་སྨྲ་ཤེས་ཤིང་འཚོ་བའི་གོམས་སྲོལ་ཡང་སྟབས་བདེར་གྱུར་པའི་འགྲོ་བ་མིར་ལོ་འབུམ་གསུམ་ཙམ་གྱི་ལོ་རྒྱུས་ལས་མེད་ལ། ཡི་གེ་བྱུང་ནས་ལོ་ལྔ་སྟོང་ལྔ་བརྒྱ་ཙམ་གྱི་ལོ་རྒྱུས་ལས་མེད་དོ། ། བོད་ཀྱི་ལོ་རྒྱུས་ཀྱང་གདོད་མའི་སྤྲ་མི་སྤྲེའུར་གྱུར་པ་དང་། སྤྲེའུ་མི་རུ་གྱུར་པའི་རྒྱུད་རིམ་ཁྲོད་ནས་བོད་ཀྱི་མིའུ་གདུང་དྲུག་ཡང་སྤྲེའུ་དང་། བྲག་སྲིན་ལས་མཆེད་པའི་ལོ་རྒྱུས་དུམ་བུ་འདི་དང་འབྲེལ་བ་ཡིན་ཏེ། བོད་ཀྱི་མཁས་པ་སྔ་མ་དག་གིས་དོན་དངོས་ཀྱི་ལོ་རྒྱུས་འདི་ལ་ཆོས་ལུགས་ཀྱི་ཕྱི་ཐུམ་རྒྱབ་སྟེ་སྤྲེའུ་དང་བྲག་སྲིན་ནི་སྤྱན་རས་གཟིགས་དང་སྒྲོལ་མའི་རྣམ་སྤྲུལ་ཡིན་ཟེར་བ་དང་། ཡང་ན། སྤྲེའུ་ནི་བྱང་ཆུབ་སེམས་པའི་རིགས་དང་། བྲག་སྲིན་མོ་ནི་སྤྱོད་པ་རྩུབ་པའི་འདྲེ་སྲིན་གྱི་རིགས་ཤིག་ཡིན་པར་འདོད་པ་སོགས་ཀྱི་བཤད་སྲོལ་མང་པོ་མཆིས་མོད། དོན་དུ། ཆོས་ལུགས་ཀྱི་ཕྱི་ཐུམ་དབྲལ་ཏེ་དོན་དངོས་ཀྱི་ལོ་རྒྱུས་ལ་བལྟས་ན། སྤྲ་སྤྲེའུ་མི་རུ་གྱུར་པའི་ལོ་རྒྱུས་ཀྱི་ལྟ་ཚུལ་དེ་ནི་གནའ་དེང་གི་ལོ་རྒྱུས་གང་ལའང་འབྲེལ་ཆགས་ཤིང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་མཐུན་པ་ཞིག་རེད། དེ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་ས་ཡ་བཞི་དང་འབུམ་ཕྲག་གཅིག་ལྷག་གི་སྔོན་ཙམ་སྟེ། དེའི་དུས་སུ་སྤྲེའུ་དང་བྲག་སྲིན་ལས་མཆེད་པའི་བོད་ཀྱི་རུས་རྒྱུད་དག་བོད་ཡུལ་སོ་སོར་དར་བར་བཤད། སྤྱི་ལོ་སྔོན་གྱི་ལོ༡༦༠༡༧ཡས་མས་སུ་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་ཞེས་བོན་གྱི་བསྟན་འབྱུང་སོགས་ལས་བཤད། སྤྲ་མི་དེ་དག་གནས་འཆའ་སའི་ས་ཆའང་ད་ལྟའི་བོད་ལྗོངས་ལྷོ་ཁའི་རྩེད་ཐང་ཡིན་པར་བཤད་ལ། ང་ཚོའི་གདོད་མའི་མེས་པོ་སྤྲེལ་སྲིན་གཉིས་ཀྱི་ཕ་ཁྱིམ་རྩེད་ཐང་གི་ཕུག་པ་ཡིན་པས། བོད་མིའུ་གདུང་དྲུག་གི་འབྱུང་ཁུངས་ཡང་རྩེད་ཐང་ཡིན། རྡོ་ཆས་རྙིང་མའི་སྐབས་ཀྱི་བོད་མི་རིགས་འདི་ཞང་ཞུང་རིག་གནས་ཀྱིས་ཡུལ་ཞང་ཞུང་ཡུལ་དུ་འཚོ་ཞིང་གནས་པ་སྔོན་གྱི་གནའ་རྫས་མང་པོ་ལ་བརྟེན་ནས་བདེན་དཔང་བརྙེད་ཡོད་ལ། དེ་དུས་ནས་བོད་ཀྱི་སྤྱི་ཚོགས་ཐོག་ཞིང་ལས་རིག་གནས་དར་རྒྱས་སུ་ཕྱིན་ཡོད་པས་བོད་འདིར་ཞིང་ལས་དང་ཉ་ལས་ཀྱི་རིག་གནས་ཀྱང་སྔ་མོ་ནས་དར་ཡོད་པ་ཤེས་ཐུབ། སྤྱི་ལོ་སྔོན་གྱི་ལོ༣༠༠༠གི་ཡར་སྔོན་ནི་བསྐལ་བ་ཡ་ཐོག་གི་དུས་སྐབས་སམ་གདོད་མའི་སྤྱི་ཚོགས་ཀྱི་དུས་རབས་ཏེ། རྡོ་ཆས་རྙིང་མའི་དུས་སྐབས(སྤྱི་ལོ་སྔོན་གྱི་ལོ༩༠༠༠ནས༧༠༠༠བར) དང་གདོད་མའི་ཞིང་ལས་ཤེས་རིག་གི་དུས་སྐབས་སོགས་སུའང་འབོད། དུས་སྐབས་དེར་གཟའ་སྐར་གྱི་རྒྱུ་བར་ལྟ་ཞིབ་བྱས་པའི་འབྲས་བུར་གཞི་བཅོལ་ནས་ལོ་ཐོ་བསྒྲིགས་ཡོད་ལ། དེས་འགྲོ་བ་མིའི་རིགས་ཀྱི་ལས་སྒོ་ཀུན་ལ་མེད་དུ་མི་རུང་བའི་གཞོགས་འདེགས་བྱེད། གདོད་མའི་དུས་ཚོད་བརྩི་སྟངས་ནི(སྤྱི་ལོ་སྔོན་གྱི་ལོ༡༡༠༠༠ལོ་ཡས་མས)དེ་ལས་ཀྱང་སྔ་བར་བྱུང་ཡོད། བོད་དུ་གནོད་སྦྱིན་ནག་པོ་དང་། མ་སངས་རུ་དགུ་ཞེས་པ་བྱུང་བ་དག་གིས་རིམ་བཞིན་དབང་བསྒྱུར་ཏེ་གནས། མདོ་སྟོད་འདིར་མཚོན་ན་འབྲི་ཆུའི་སྟོད་ཕྱོགས་འཛོམ་ཉག་མཆོད་རྟེན་གྱི་ཉེ་སྐོར་དང་། སྒའི་མཆོད་རྟེན་དཀར་པོའི་གྲུ་ག་སོགས་ནས། གདོད་མའི་ཞིང་ལས་ལ་སྤྱོད་པའི་རྡོ་ཡི་གཤོལ་རྩེ་སོགས་བརྙེད་པ་ལ་བརྟེན་ནས། ཕྱོགས་འདིར་གདོད་མའི་དུས་སུ་བོད་མིས་ཞིང་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་མཚོན་ཐུབ་ལ། ཁ་རོང་གི་ས་འོག་ནས་བརྙེད་པའི་ལོ་ངོ་ལྔ་སྟོང་སྔོན་གྱི་མཁར་ཤུལ་དང་། གནའ་རྫས་གང་མང་བརྙེད་པ་སོགས་ལ་བརྟེན་ནས། ལོ་ངོ་ལྔ་སྟོང་གི་ཡར་སྔོན་དུ་མདོ་སྟོད་དུ་གནས་འཆའ་བའི་བོད་མི་དག་གི་འཚོ་བ་དང་སྤྱི་ཚོགས་ཀྱི་འཕེལ་རིམ་གསལ་སྟོན་ཐུབ་ཀྱི་ཡོད་པ་རེད། དེ་ལ་སོགས་པའི་ས་འོག་ནས་བརྙེད་པའི་གནའ་རྫས་སོགས་ལ་རྟོགས་དཔྱོད་བྱས་པར་སྤྱི་ལོ་སྔོན་གྱི་ལོ་སུམ་སྟོང་བརྒྱད་བརྒྱ་ཡས་མས་སུ་ལྡོང་གི་མི་རྒྱུད་མདོ་ཁམས་སྒང་དྲུག་ཏུ་ཁྱབ་ཡོད་པའི་བདེན་དཔང་བྱས་ཡོད་པ་སོགས། མདོར་ན། བོད་ཡུལ་སྟོད་སྨད་བར་གསུམ་ནས་གནའ་དུས་ཀྱི་རྡོ་ཆས་རྙིང་མའི་ཚུན་གྱི་གནའ་རྫས་མི་ཉུང་བ་ཞིག་བཙལ་རྙེད་བྱུང་བ་ལ་བརྟེན་ནས། ལོ་རྒྱུས་ཀུན་ལ་ངོ་མཚར་རང་བཞིན་གྱི་ཆོས་ལུགས་དང་། རྟོག་བཏགས་རང་བཞིན་གྱི་ལྷ་སྒྲུང་། འུད་སྟོད་རང་བཞིན་གྱི་བཤད་རྒྱུན་ཁོ་ནས་འཇུག་པ་མ་ཡིན་པར། དངོས་ཡོད་དང་། བདེན་པའི་ཕྱོགས་ལ་བསྐྱོད་པའི་ཚན་རིག་གི་ལམ་འགག་གསར་པ་ཞིག་གིས་ལོ་རྒྱུས་རིག་པའི་གཞི་འཛིན་ས་གང་མང་བརྙེད་ཡོད་ལ། མ་འོངས་བར་བོད་ཀྱི་ལོ་རྒྱུས་ཀྱང་། དངོས་ཡོད་ལ་ཉེ་ཞིང་། བདེན་པ་ལ་ཕྱོགས་པའི་འགྲོ་བ་མིའི་ལོ་རྒྱུས་ངོ་མ་རེ་དབྱེ་གསལ་དང་། གསར་སྐྲུན་བྱེད་པའི་དམིགས་འདུན་ཇེ་གསལ་དུ་འགྲོ་བཞིན་ཡོད་དོ། ། གདོད་མའི་སྤྲ་སྤྲེའུ་མི་རུ་འཕེལ་འགྱུར་བྱུང་བའི་དུས་སྐབས་དེ་དག་ཏུ་མི་རྣམས་ཀྱིས་རི་དྭགས་བརྔོན་ཏེ་ཤ་རྒྱན་ཟ་བའི་རྣམ་པ་ལ་འགྱུར་ལྡོག་བྱུང་སྟེ། ཞིང་ལས་རྨོ་འདེབས་ཀྱི་འགོ་ཚུགས། ཤིང་གཙུབས་ཏེ་མེ་ལེན་པའི་ལག་རྩལ་བྱུང་ཞིང་། བཟའ་བཅའ་མེ་ལ་སྲེག་པ་དང་། མེ་དྲོད་ལ་བརྟེན་ནས་གྲང་ངར་འགོག་པ་སོགས་ཀྱི་ཐབས་ལམ་ཡང་ཤེས་ཡོད་པ་རེད། དུས་སྐབས་དེ་ཙམ་ལ་བོད་དུ་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་དང་། མ་ལག་ཇེ་ཚང་དུ་གྱུར་ནས་རང་གསོའི་ནུས་པ་ཐོན་ཏེ། ཚོ་སྐོར་ཆུང་བ་ནས་ཆེ་བར་འདུས་པ་དེ་དག་ལ་དཔོན་རེ་བྱུང་ནས་བྲན་གཡོག་གི་སྤྱི་ཚོགས་འགོ་ཚུགས། དེ་ནས་སྤྱི་ལོ་སྔོན་གྱི་ལོ༣༠༠༠གི་རྗེས་ཏེ་གནའ་རབས་སྤྱི་ཚོགས་ཀྱི་དུས་སྐབས་སུ། ཆེས་གདོད་མའི་ཕྱུགས་ལས་ཐོག་མར་བྱུང་འགོ་བརྩམས་ཤིང་། གནའ་བོའི་ཨེ་ཅིབ་པས་གྲངས་གནས་ས་ཡ་ཡན་གྱི་གྲངས་ཀའི་མ་ལག་བེད་སྤྱོད་བྱེད་འགོ་བརྩམས་ཡོད་ལ། སུའུ་མེར་པ་དག་གིས་ཤིང་གི་འཁོར་ལོ་བཟོས་པ་དང་། རྩིབ་མ་ཡོད་པའི་འཁོར་ལོ་ཐོག་མར་བྱུང་། ཨེ་ཅིབ་ཀྱི་གཏོར་གཟུགས་མཆོད་རྟེན་དང་། གནའ་བོའི་སྦ་སྦི་ལོན་པའི་བར་སྣང་གི་སྐྱེད་ཚལ། དབྱིན་ཇི་པའི་རྡོའི་མུ་ཁྱུད་ལྟ་བུའི་རྡོ་ཡི་རྩིས་འཁོར་ཆེན་པོ་དག་གསར་དུ་བསྐྲུན་ཡོད། དུས་སྐབས་དེའི་མིའི་རིགས་ཀྱིས་བེད་སྤྱོད་པའི་ནུས་ཤུགས་ནི་མི་ཤུགས་ནས་བྲན་གཡོག་གི་རྣམ་པའི་སྒོ་ནས་ཕྱུགས་ཤུགས་བེད་སྤྱོད་བྱས་པ་དང་། གཡོར་གྲུའི་སྟེང་གི་རླུང་ཤུགས་བེད་སྤྱོད་བྱས་པ་སོགས་ཀྱིས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་སྔར་ལས་ལྷག་པ་བྱུང་། དུས་སྐབས་འདིའི་ཡས་མས་སུ་བོད་ཡུལ་དུ་རྒྱལ་ཕྲན་སིལ་མ་མང་པོས་དབང་བསྒྱུར་ཏེ་གནས། སྤྱི་ལོ་སྔོན་གྱི་ལོ༦༠༠ཙམ་གྱི་རྗེས་ནས་ད་གཟོད་གནའ་བོའི་རིག་གནས་དུས་སྐབས་སུ་བསླེབས་པ་ཡིན་ཟེར་ཞིང་། འཛམ་གླིང་གི་ཤར་ནུབ་སོ་སོར་གནའ་བོའི་ཆོས་ལུགས་དང་། མཚན་ཉིད་རིག་པ་སོགས་གཞུང་ལུགས་སྣ་ཚོགས་རྒྱབ་ལྗོངས་ཡོད་པའི་སྒོ་ནས་སྣོད་བཅུད་གཉིས་ཀྱི་གྲུབ་ཚུལ་སྐོར་ལ་འབྲེལ་བཤད་སྣ་ཚོགས་སུ་མཆིས་ཤིང་། གྲུབ་མཐའ་མི་འདྲ་བ་དུ་མ་བྱུང་། ཏེ་མོ་ཁི་ཐི་ཞེས་པས་གནའ་བོའི་རྡུལ་ཕྲ་རབ་ཀྱི་རིགས་པ་ཐོག་མར་གསུངས། ཨ་རིའི་སོ་ཏོ་ཏལ་གྱིས་དངོས་ལུགས་རིགས་པ་ནི་འགུལ་སྐྱོད་སྐོར་གྱི་གཞུང་ལུགས་ཤིག་ཡིན་པའི་འདོད་ཚུལ་བཏོན། ཀེ་རི་སེའི་གྲུབ་མཐའ་སྨྲ་བ་དག་གིས་ཕིས་ཐ་གོ་ར་སིའི་དབྱིབས་རྩིས་རིག་པའི་སྤྱི་འགྲོས་གསར་དུ་རྙེད། དུས་སྐབས་དེར་ཡོ་རོབ་ཨན་ཌི་རིས་ཌི་ཡིས་ནི་དབྱིབས་རྩིས་རིག་པ་རང་སྐྱ་འཕེར་བའི་རིག་པ་ཞིག་ཏུ་གཏན་འབེབ་གནང་། གནའ་བོའི་རོམ་གྱིས་རྨོ་འདེབས་བྱེད་པ་དང་། ཕྱུགས་ཀྱི་ལྕི་བ་ལུད་དུ་བཀོལ་བའི་ཐབས་ཤེས་རྙེད། འདྲེད་འཁོར་དང་འཁོར་ལོ་སོ་ཅན། རླུང་ཤུགས་འཁོར་ལོ་སོགས་ཀྱང་གསར་གཏོད་བྱས་ཡོད་ལ། རྒྱ་གར་དུ་སངས་རྒྱས་ཆོས་ལུགས་དར་འགོ་ཚུགས། རྒྱ་ནག་པས་ནི་དུས་སྐབས་དེར་ཤོག་བུ་བཟོ་བའི་ལག་རྩལ་དར་ཡོད་ཟེར། སྤྱི་ལོ་སྔོན་གྱི་ལོ༤༠༠ཙམ་ནས་བཟུང་དུས་རབས་བར་མའི་ལམ་དུ་སྐྱོད་ཅིང་། སའི་གོ་ལ་ནི་སྒོང་དབྱིབས་ཀྱི་བརྟན་སྐར་ཞིག་ཡིན་པར་ངོས་ཟིན་བྱུང་བ་དང་། དེ་ནི་འཇིག་རྟེན་གྱི་ལྟེ་བ་ཡིན་པར་སྨྲ། ཡོབ་གླིང་དུ་རླུང་ནུས་སྒུལ་ཤུགས་བྱས་པའི་རླུང་གི་རང་འཐག་དང་རླུང་འཁོར་འཕྲུལ་ཆས་སོགས་དར་ཁྱབ་ཆེན་པོ་བྱུང་། རྒྱ་གར་དང་རྒྱ་ནག་ཏུ་རྩིས་ཐབས་ཀྱི་རིག་པ་ཆེས་ཆེར་དར། མིའི་རིགས་ཀྱིས་བེད་སྤྱོད་བྱེད་པའི་སྒུལ་ཤུགས་གཙོ་ཤོས་ནི་སྔར་བཞིན་བྲན་གཡོག་རང་བཞིན་གྱི་མི་ཤུགས་དང་ཕྱུགས་ཤུགས་ཁོ་ན་སྤྱོད་པར་བྱེད་ལ། འཚོ་བ་ནི་གཙོ་བོ་ཤ་ཆང་དང་། རི་དྭགས་རྔོན་པ་སོགས་ལ་ཤིན་ཏུ་སྤྲོ། དུས་སྐབས་དེའི་ཡས་མས་སུ་བོད་དུ་རྒྱལ་ཕྲན་སིལ་བ་བཅུ་གཉིས་སམ་བཅུ་བཞི་ཙམ་གྱིས་དབང་བསྒྱུར་བྱས་ཏེ་སིལ་བུའི་ཚུལ་དུ་གནས། བོན་ཆོས་དང་། བོན་གྱི་རིག་གནས་སོགས་ཡ་ཐོག་གི་ཤེས་རིག་སྣ་ཚོགས་ཀྱང་རིམ་བཞིན་དར་རོ། ། ༣ བཙན་པོའི་སྐབས་ཀྱི་བོད། སྟོབས་འབྱོར་མངའ་ཐང་དབྱར་གྱི་ཆུ་གཏེར་ལྟར་རབ་ཏུ་རྒྱས་ཤིང་། སྲིད་འབྱོར་རིག་གསུམ་གྱི་རྦ་རླབས་གཅིག་གིས་ཡ་གླིང་སུམ་གཉིས་དབང་དུ་བྱས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་དར་ཞིང་རྒྱས་པའི་དུས་སྐབས་ཏེ། འོད་སྟོང་རྣམ་པར་བཀྲ་བའི་ཐུ་བྷོདབཙན་རྒྱལ་ཆེན་མོའི་དུས་སྐབས་ནི། དེ་ཡང་《 ཏུན་ཧོང་གནའ་ཡིག》 ལས“གནམ་ལྷབ་ཀྱི་བླ་ན་ཡབ་བླ་བདག་དྲུག་བཞུགས་པ་ལ། སྲས་གཅེན་གསུམ། གཅུང་གསུམ་དང་། ཁྲིའི་བདུན་ཚིགས་དང་བདུན་ཡོད་པ་ལས། ཁྲི་བདུན་ཚིགས་ཀྱི་སྲས། ལྡེ་གཉའ་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ་དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །”ཞེས་དང་། ཡང་། “གནམ་གྱི་དབུས། ས་ཡི་དཀྱིལ། གླིང་གི་སྤྱི་བོ། གངས་ཀྱི་རྭ་བ། ཆུ་བོ་ཀུན་གྱི་མགོ་བོ། མྱི་དཔའ་རུ་སྐྱེས། རྟ་མགྱོགས་སུ་འཕེལ་བའི་དུས། བོད་གཡག་དྲུག་གི་རྗེར་གཤེགས་སོ། །”ཞེས་འབྱུང་བ་ལྟར། སྤྱི་ལོ་སྔོན་གྱི་ལོ༤༡༧ལོར་གཉའ་ཁྲི་བཙན་པོ་སྐྱེས། སྤོ་བོའི་ཡུལ་ནས་བྱོན་ཏེ། དུས་སྐབས་དེའི་དབང་སྒྱུར་མཁན་གྱི་དཔོན་ ______________________ བོད་ཡུལ་དུ་ཆེས་སྔ་མོ་ཞིག་ནས་བོད་ཀྱི་ཡུལ་ཞེས་གྲགས་པ་ལས། རྒྱ་གར་སྐད་དུ་ཏ་བྷོད་ཅེས་པ་ཕྱིས་སུ་ཏ大སྟེ་ཆེན་པོ་ཞེས་པའི་དོན་ལ་ཁོང་ཚོའི་ཡུལ་སྐད་དུ་ཐུ་ཞེས་བརྗོད་པས་མིང་དེ大蕃ཏ་བྷོད་མི་ཟེར་བར་ཐུ་བྷོད吐蕃ཅེས་བྲིས་པ་མཁས་པ་ཕལ་ཆེར་གྱིས་བཞེད། ངན་མང་པོ་བཏུལ་ནས་སྤྱི་ལོ་སྔོན་གྱི་ལོ༣༦༠ཡས་མས་སུ་སྤུ་བོ་དང་། ཡར་ཀླུང་། ཀོང་པོ་སོགས་གཅིག་འགྱུར་གྱིས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁབ་བཙུགས། དེ་ནས་བཟུང་བཙན་པོའི་རྒྱལ་རབས་དངོས་ཀྱི་དབུ་བརྙེས། སྤྱིར་བོད་ཀྱི་ལོ་རྒྱུས་རྣམས་སུ་གཉའ་ཁྲི་ལྷ་ཡུལ་ནས་ཕེབས་ཚུལ་དང་། འཇག་རིགས་ལས་བྱུང་ཚུལ་སོགས་བཤད་སྲོལ་མང་པོ་ཡོད་ཀྱང་དེ་དག་ནི་གཅིག་ནས། སྔོན་གྱི་མི་སྣ་ཆེ་ཁག་དག་གིས་དབང་བསྒྱུར་གྱི་ཆེད་དུ་ལྷ་ནས་འོང་བ་དང་། ལྷའི་རྒྱུད་པ་ཡིན་ཚུལ་སོགས་ཀྱིས་མི་དམངས་དག་ལ་མགོ་སྐོར་གཡོ་འོག་ཏུ་ཚུད་ཐབས་བྱས་ཏེ་དབང་བསྒྱུར་བྱེད་པའི་ལམ་ལུགས་དེ་ལས་བྱུང་བ་ཡིན་ལ། གཉིས་ནས་ཆོས་ལུགས་དང་གྲུབ་མཐའ་དག་གི་བཤད་རྒྱུན་ལ་བརྟེན་ནས་བྱུང་བ་ཞིག་རེད། དཔེར་ན། བོད་ཁོ་ན་ཙམ་ཞིག་མིན་པར། འཛམ་གླིང་གི་མིའི་འགྲོ་བ་གཞན་དག་ལའང་དེ་འདྲའི་བཤད་རྒྱུན་མང་པོ་ཡོད་དེ། གནའ་རབས་ཨེ་ཅིབ་པར་ཐོག་མར་དབང་བསྒྱུར་མཁན་གྱི་རྒྱལ་པོ་ཞིག་གིས་རང་ཉིད་ལྷ་ཡི་ཕྲུ་གུ་ཡིན་ཟེར་བའི་བཤད་སྲོལ་ཡོད་ལ། ཧྲང་རྒྱལ་རབས་ཀྱི་རྒྱལ་པོ་ཞིག་གིས་ཀྱང་རང་ཉིད་ལྷ་ཡི་སྲས་པོའམ་ལྷ་ཡི་ཕོ་ཉ་ཡིན་ཞེས་མི་དམངས་རྣམས་ལ་མགོ་སྐོར་བཏང་ནས་བྲན་གཡོག་ཏུ་བཀོལ་བ་སོགས་ཀྱི་ལོ་རྒྱུས་མང་པོ་ཡོད་པ་རེད། ཡིན་ནའང་དེ་དག་ནི་ཕྱིས་ཀྱི་ལོ་རྒྱུས་དག་ཏུ་དངོས་ཡོད་ཀྱི་ལོ་རྒྱུས་སུ་འཁྲུལ་ནས་བཀྲལ་སོང་བ་ཙམ་ལས་དོན་དུ་དེ་ལྟ་མ་ཡིན་ནོ། །

དེ་ནས་བཟུང་།   རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ།   མཁར་ལ་སྔ་བ་ཡུམ་བུ་བླ་སྒང་།   ཡུལ་ལ་སྔ་བ་ཡར་ཀླུང་སོག་ཁ།    གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ་ཞེས་གྲགས།     གཉའ་ཁྲི་བཙན་པོ་སྐུ་གཤེགས་རྗེས་ཁོང་གི་སྲས་མུ་ཁྲི་བཙན་པོས་རྒྱལ་སྲིད་བསྐྱངས།   དེ་ནས་རིམ་བཞིན་གནམ་གྱི་ཁྲི་བདུན་དང་།   སྟོད་ཀྱི་སྟེང་གཉིས།   བར་གྱི་ལེགས་དྲུག    ས་ཡི་སྡེ་བརྒྱད་སོགས་ཀྱིས་རྒྱལ་སྲིད་བསྐྱངས་ནས་བཙན་པོའི་རྒྱལ་རབས་སོ་གསུམ་འདས།  སྟོད་ཀྱི་སྟེང་གཉིས་ཏེ་གྲི་གུམ་བཙན་པོ་དང་སྤུ་དེ་གོང་རྒྱལ་ཡབ་སྲས་ཀྱི་དུས་སུ།      ཞང་ཞུང་དང་བྲུ་ཤའི་གཤེན་གྱི་དུར་བོན་བྱུང་བ་དང་།  ཁྲབ་ཀྱི་ཐོག་མ་སྨར་ཁམས་ནས་བླངས།  སྐུ་མཁར་ཕྱིང་བ་སྟག་རྩེ་བརྩེགས།  དུས་སྐབས་དེ་དག་ཏུ་བོད་རང་དུ་སྒྲུང།    ལྡེའུ།   བོན་གསུམ་གྱིས་ཁྱིམ་སྲིད་སྐྱོང་བར་རོགས་དན་བྱེད་པར་མ་ཟད།   བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གནས་ཀྱང་དར།  སྤང་རྒོད་ཞིང་དུ་རྨོས་ཤིང་གཞུང་ཆུ་ཡུར་བར་དྲངས།   གཏེར་རྡོ་བཞུས་ནས་དངུལ་ཟངས་ལྕགས་གསུམ་བཏོན།    ཆུ་ལ་ཟམ་པ་བཙུགས།    དེ་ནས་བཟུང་བོན་གྱི་གཤེན་ཆོག་དང་དུར་སྦེད་བྱེད་པའི་ལམ་ལུགས་དར་ཞིང་བང་སོ་བརྩེགས་པའི་རྣམ་པ་བྱུང་།     བཙན་ལྔའི་བར་གྱི་གདུང་རབས་ཉེར་བདུན་ལ་ཆབ་སྲིད་སྒྲུང་དང་ལྡེའུ་བོན་གསུམ་གྱིས་བསྐྱངས།
   སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བྲེ་སྲང་ཕུལ་གསུམ་དང་ཚོང་གི་ལམ་ལུགས་བྱུང་།   གནམ་ 

རི་སྲོང་བཙན་གྱི་དུས་རྒྱ་ནས་སྨན་རྩིས་རིག་གནས་དར་ཞིང་། ཕོ་བྲང་ཁྲི་བརྩེགས་འབུམ་གདུགས་བརྩེགས། འདོ་བ་ཅང་ཤེས་ཆིབ་ནས་འབྲོང་བསད་པའི་ཤ་སྒ་ལ་བཏགས་པ་སར་ལྷུང་བའི་རྗེས་ནས་ཚྭ་བརྙེད་ཅིང་། དེ་ནས་བཟུང་ཚྭ་བེད་སྤྱོད་བྱེད་པའི་སྲོལ་བྱུང་ངོ་། ། སྤྱི་ལོ༦༡༧ལོར་བོད་རྒྱལ་སྲོང་བཙན་སྒམ་པོ་སྐྱེས། ཁོང་ནི་སྤུར་རྒྱལ་བོད་ཀྱི་ལྗོངས་འདིར་མི་ཆོས་རིག་གནས་དང་། ཆབ་སྲིད་ཀྱི་གཞི་བརྟན་པོ་འཛུགས་པའི་མེས་པོ་ལྟ་བུ་ཡིན་ལ། དགུང་ལོ་བཅུ་གསུམ་སྟེང་རྒྱལ་སར་འཁོད། པོ་ཏ་ལའི་རི་བོར་ཕོ་བྲང་བརྩིགས། བོད་ཡིག་གི་སྲོལ་བཏོད། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་མཛད། མཐའ་བཞིའི་རྒྱལ་ཕྲན་སིལ་མ་མང་པོ་དབང་དུ་བསྡུས། རྒྱ་བལ་གྱི་བཙུན་མོ་ཁབ་ཏུ་བཞེས། མི་ཆེན་གྱི་བུ་རྣམས་རྒྱ་ནག་ཏུ་བཏང་ནས་རྒྱ་ཡི་སྨན་རྩིས་དང་། སྒྱུ་རྩལ། དཔལ་འབྱོར་སོགས་ནང་འདྲེན་བྱས། བོད་ཁམས་དར་ཞིང་རྒྱས་པར་གྱུར་ཅིང་། གཅིག་འགྱུར་གྱི་བོད་ཆེན་པོའི་བཙན་རྒྱལ་དངོས་སུ་བཙུགས་པར་མཛད། མདོར་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱི་སྐབས་ཞི་དྲག་གི་ཐབས་ལམ་སྣ་ཚོགས་ཀྱིས་མཐའ་བཞིའི་རྒྱལ་ཁབ་མང་པོ་ཟིལ་གྱིས་མནན། ཤར་ལོང་ཧྲན་རི་རྒྱུད་ཡན་ཆད་ནས་ལྷོ་འཇང་ས་དམ་རྒྱལ་པོའི་ཚུན་ཆད་དང་། བྱང་ལི་ཡུལ་སྡེ་བཞི་ཚུན་ཆད་ནས་ནུབ་ཏ་ཟིག་གི་ས་མཚམས་མན་ཆད་ལ་སྟོབས་ཀྱིས་མངའ་དབང་བསྒྱུར་ཏེ་སྐྱིད་པའི་རྒྱལ་རབས་མང་པོ་འདས། དུས་སྐབས་དེའི་ཡས་མས་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གནས། སྲིད་འབྱོར་སོགས་ཆ་ཚང་ཞིང་འཕེལ་རྒྱས་ཀྱི་ཡང་རྩེར་སོན་པའི་སྒང་ཡིན་ལ། ལྷག་ཏུ་བཙན་པོའི་སྐབས་ཀྱི་འོད་སྟོང་རྣམ་པར་བཀྲ་བའི་ཤེས་རིག་དར་བའི་དུས་སྐབས་ཤིག་ཀྱང་ཡིན། སྲིད་འབྱོར་རིག་གསུམ་དར་བའི་ཡང་རྩེར་སོན་ཞིང་། སྟོབས་དང་མངའ་ཐང་ཡ་གླིང་ན་འགྲན་ཟླ་བྲལ་བའི་ཐུ་བྷོད་བཙན་རྒྱལ་ཆེན་མོའི་དུས་སྐབས་ཏེ། དེ་ཡང་བོད་དམག་རྒྱ་གར་དུ་སླེབས་ཏེ། རྒྱ་གར་ཡུལ་དབུས་ཀྱི་རྒྱལ་ས་ཀཱ་ནྱ་ཀུབྫ་བཟུང་ཞིང་། རྒྱལ་པོ་སྲིད་སྒྲུབ་བཙོན་དུ་བཅུག་སྟེ། གྲོང་ཆེ་ཆུང་བརྒྱ་དང་བརྒྱད་བཅུ་ཙམ་བོད་ཀྱི་འབངས་སུ་ཆུད་པ་དང་། བལ་ཡུལ་ནི་དེའི་གོང་སྔ་མོ་ཞིག་ནས་བོད་ཀྱི་ཆབ་འོག་ཏུ་ཆུག་སྟེ་མི་རབས་གཅིག་ལྷག་ཙམ་དེ་མུས་སུ་བསྡད་པ་དང་། སྤྱི་ལོ་སྔོན་གྱི་ལོ༧༦༣ཡས་མས་སུ་རྒྱ་ནག་རི་བོ་རྩེ་ལྔ་ལས་ཀྱང་བརྒལ་ནས་བོད་ཀྱི་དཔུང་ཆེན་སླེབས་ཏེ། རྒྱ་ཕམ་པར་བཏང་ཞིང་གོང་མ་རང་ཡང་ལན་གཅིག་ཁྲི་ལས་ཕབས་པས་རྒྱལ་པོ་ཉིན་ཤིན་ཅུར་བྲོས་པ་དང་། བོད་དམག་རྒྱལ་ས་ཁྲང་ཨན་དུ་སླེབས་པ་སོགས་ཀྱི་ལོ་རྒྱུས 《 ཏུན་ཧོང་གནའ་ཡིག》 དང་རྒྱའི་ཡིག་ཚང་མང་པོར་གསལ་ལ། དེར་མཚུངས་གྲུ་གུ་དང་། ལི་ཡུལ། ཡུན་ནན་སོགས་ཀྱང་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་ལ་གནས་པ་སོགས 《 དེབ་ཐེར་དཀར་པོ 》 སོགས་ལོ་རྒྱུས་རྣམས་ལས་རླུང་ལྟར་གྲགས་པ་ལྟར་རོ། ། ཡིན་ནའང་དེ་རྗེས་རིམ་བཞིན་རྒྱལ་རབས་ཕྱི་མ་རྣམས་སུ་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་བོད་དུ་དར་རྒྱས་ཆེན་པོ་ཕྱིན་པ་དང་བསྟུན་ནས། ནང་ཆོས་ཀྱི་འདོད་དགོངས་ལྟར་ནང་སེམས་ཀྱི་ཕྱོགས་ལ་ཤུགས་ཕུལ་ནས། ཆོས་ལུགས་ཀྱི་བསམ་བློའི་ཁྱེར་སོ་དང་། བྱེད་སྒོ་དག་གཙོ་བོར་བཟུང་ཞིང་། འཇིག་རྟེན་མི་བུའི་ཁྱིམ་སྲིད་ཀྱི་བསམ་སྤྱོད་དག་ཕལ་པར་བཞག་པའི་རྐྱེན་གྱིས་ཆོས་པའི་དབང་ཚད་མཐོ་རུ་ཕྱིན་ནས། མཐར་ལྷ་ལུང་དཔལ་གྱི་རྡོ་རྗེས་འུ་དུམ་བཙན་པོ་སྐུ་དཀྲོངས། དེ་ནས་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་མ་བྱུང་ཞིང་། འོད་སྟོང་རྣམ་པར་བཀྲ་བའི་མི་ཆོས་རིག་གནས་དང་། སྟོབས་འབྱོར་མངའ་ཐང་གིས་ཕྱུག་པའི་ཐུ་བྷོད་བཙན་རྒྱལ་ཆེན་མོ་སིལ་བུར་འཐོར། དུས་དེ་ནས་བཟུང་འབངས་གྱེན་ལོག་གི་འཁྲུག་རྩོད་དང་། གྲུབ་མཐའི་འགལ་རྩོད། མཆོད་ཡོན་འབྲེལ་བ་སོགས་ཀྱིས་དུས་འདས་ཤིང་། ཕྱི་མི་ནང་འཁྲིད་དང་། ནང་མིས་ནང་འཁྲུགས་ཁོ་ནས་མི་ལོ་ཆིག་སྟོང་ལྷག་ལ་བོད་མིའི་མུན་ནག་གི་དུས་རབས་ཤིག་བརྒྱུད་པ་རེད། (བོད་སྤྱིའི་ལོ་རྒྱུས་ནི་གཞན་དུ་ཧ་ཅང་གསལ་བས་འདིར་རྒྱས་སྤྲོས་མ་བྱས།) དུས་སྐབས་དེ་དག་ཏུ། སྔོན་མ་བོད་ཀྱི་མངའ་ཁོངས་སུ་ཡོད་པའི་ལྷོ་ཕྱོགས་ཀྱི་བལ་ཡུལ་དང་འབྲུག་པ། ནུབ་ནས་ཁ་ཆེ་དང་ལ་དྭགས། བྱང་ནས་ལི་ཡུལ་དང་གྲུ་གུ ཤར་ནས་ཆང་དང་འ་ཞ་ལ་སོགས་པའི་ཡུལ་གྲུ་མང་པོ་ཞིག་བདག་བཟུང་མ་ཐུབ་པར་རང་རང་གི་སར་གྱེས། ནང་ཁུལ་གྱི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ནས་སོ་སོའི་དཔོན་མགོ་རྣམས་ཀྱིས་ས་ཁུལ་བཅད་བཟུང་གིས་དབང་བསྒྱུར་ཏེ་གནས་ཤིང་། ཁམས་ཕྱོགས་སུ་ལྕགས་ལ་རྒྱལ་པོ་དང༌། བེ་རི་རྒྱལ་པོ། ནང་ཆེན་རྒྱལ་པོ་ལ་སོགས་པ་མདོར་ན་མདོ་དབུས་ཁམས་གསུམ་དུ་རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུར་གྱེས་ཞེས་གྲགས། བོད་ཤར་ཕྱོགས་སུ་གནས་པའི་རྒྱལ་ཕྲན་རྒྱལ་པོ་རྣམས་ཀྱིས་ནི་རང་རང་གི་དབང་ཤུགས་ལ་བརྟེན་ནས་མངའ་ཁོངས་བརྒྱ་བསྐྱེད་དང་། སོག་པོ་དང་མན་ཇུ་སོགས་མི་རིགས་གཞན་གྱི་རྒྱལ་པོ་རྣམས་ལ་རྒྱབ་བསྟེན་བཅོལ་ནས་རང་རང་གི་ཆབ་སྲིད་སྲ་བརྟན་ཡོང་ཐབས་ཁོ་ནར་འབད་པས། ཡུལ་ལུང་དང་ཚོ་བ་སོ་སོའི་བར་འཁྲུག་རྩོད་དུ་མ་བྱུང་ཞིང། བོད་ཀྱི་ཡུལ་མི་མང་པོ་ཞིག་བོད་ནུབ་ཕྱོགས་ཀྱི་བྱང་ཐང་ཁག་དང་ཧི་མ་ལའི་རྒྱབ་ལོགས་སོགས་སུ་སྤོས་ཤིང་གཞིས་ཆགས་ཏེ་བོད་མི་ཁ་ཐོར་དགུ་ཐོར་དུ་གྱུར། སྤྱིར་ཤེས་རིག་གི་ངོས་ནས་བཤད་ན་འཛམ་བུ་གླིང་གི་འགྲོ་བ་མིའི་ལོ་རྒྱུས་ཚང་མ་གདོད་མའི་ཀླ་ཀློ་ནས། ཀླ་ཀློ་མ་ཡིན་པ། ཀླ་ཀློ་མ་ཡིན་པ་ནས་ཤེས་རིག་ཙམ་དར་བ། ཤེས་རིག་ཙམ་དར་བ་ནས་ཤེས་རིག་དར་བ་བཅས་གོ་རིམ་ཆེན་པོ་བཞི་བརྒྱུད་ནས་འཕོ་འགྱུར་དང་དར་རྒུད་ཅི་རིགས་བྱུང་ཞིང་། མི་རིགས་སོ་སོའི་བློ་གྲོས་དང་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་བསམ་པའི་འདུ་ཤེས་དང་། ཡུལ་སྲོལ་གོམས་གཤིས། མི་ཆོས་ཀུན་སྤྱོད། ཐོན་སྐྱེད་ངལ་རྩོལ་གྱི་རྒྱུད་རིམ་ཇི་སྙེད་ཅིག་གི་ཁྲོད་ནས་འཕེལ་རྒྱས་བྱུང་བ་བཞིན། བོད་ཀྱི་ལོ་རྒྱུས་ཀྱང་དེ་ལས་མ་འདས་ལ། འཛམ་གླིང་གི་མིའི་འགྲོ་བ་ཕལ་མོ་ཆེ་ནི་ཤེས་རིག་དར་བའི་གོ་རིམ་ལ་སླེབས་ནས་བརྒྱ་ལོ་ཉེར་གཅིག་པའི་སྒང་ལ་རྐང་པ་སྤོ་བཞིན་ཡོད་ནའང་། བོད་ནི་ད་དུང་ཡང་ཤེས་རིག་ཙམ་དར་བའི་ཚད་ལ་མ་གཏོགས་ཐོན་མེད་པ་ལོ་རྒྱུས་དང་དངོས་ཡོད་ཀྱི་བདེན་པ་འདི་ག་ལགས། ལོ་རྒྱུས་ཀྱི་རྒྱུད་རིམ་དེ་དག་གི་ཁྲོད་ནས་མདོ་སྟོད་ནང་ཆེན་དུ་དེང་སང་དངོས་ཡོད་དཔྱད་གཞིའི་གནའ་ཤུལ་དང་། ཡིག་ཆར་བལྟས་ན་མི་ལོ་སྟོང་ཕྲག་ལྔ་ལྷག་གི་རྗེས་ཤུལ་ཡོད་ལ། ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་མི་ལོ་སུམ་སྟོང་ཡས་མས་དང་། ཡིག་ཐོག་གི་ལོ་རྒྱུས་དངོས་མི་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་སྟེ། དེ་ཡང་ཏྲེ་བོའི་རྒྱལ་རབས་སྔོན་མ་རྣམས་ནི་བཙན་པོའི་དུས་སྐབས་ཡས་མས་སུ་བོད་རང་གི་བཀའ་ཡི་འཕྲིན་ལས་སྐྱོང་བའི་བློན་འབངས་ཀྱི་ཚུལ་དུ་གནས་ཤིང་། ཏྲེ་རབ་ཁར་རྒྱལ་སྲིད་བསྐྱངས་ནས་མི་ལོ་མང་པོ་འདས། མདོ་ཁམས་སྟོད་དུ་ཏྲེ་བོའི་རྒྱལ་རབས་ཀྱིས་དབང་བསྒྱུར་མ་བྱས་པའི་ཡར་སྔོན་དུ་རླངས་ཀྱི་གདུང་རྒྱུད་ལྟ་བུའི་རྒྱལ་ཕྲན་སིལ་མ་འགས་དབང་བསྒྱུར་བྱས་ཏེ་གནས་པ་སྟེ། 《 རླངས་ཀྱི་པོ་ཏི་བསེ་རུ》 ལས་རླངས་རྗེ་སྟོང་སྲས་ཀྱིས། ལྷ་རུ་རྨ་རྗེ་སྤོམས་ར་དེ་མཆོད་ནས་ཤར་དུ་དགའ(སྒ) དང་སྐྱུ་རུ་ལ་དམག་དྲངས་པས། ལྡན་གྱི་ཡུལ་མཁར་དེ་ཆམ་ལ་ཕབས། དེའི་དཔའ་རྟགས་སུ་ལྡན་གྱི་རླངས་གཡུ་ག་ལྗང་དེ་ཕྲོགས། དགའ་བ་སེང་བཟང་དེ་འབངས་སུ་བཀོལ། སྐྱུ་ར་མི་དྲུག་བསད། སྐྱུ་ར་འདུལ་མི་དང་ལྡན་གྱི་ཁྲམ་སྣ་བསྒྱུར་མི་ཡང་ལྷ་རིགས་རླངས་ཡིན་ཞེས་འབྱུང་བ་སོགས་ཀྱིས་མི་ལོ་བརྒྱད་བརྒྱ་དང་དགུ་བརྒྱའི་སྐོར་ནས་ཕྱོགས་འདིར་དབང་བསྒྱུར་མཁན་གཙོ་བོའང་རླངས་ཀྱི་གདུང་རྒྱུད་ཡིན་པ་ར་སྤྲོད་བྱེད་ཐུབ། དེའི་རྗེས་སུ་མདོ་ཁམས་སྟོད་ཀྱི་སྒོམ་སྡེ་སྐུ་འབུམ་གྱི་རྒྱལ་རབས་དངོས་སུ་འགོ་ཚུགས་ཁ་མའི་སྐོར་དེར་ཕྱོགས་འདིར་ཡང་སོག་པོ་རྟ་ཁྲབ་ཅན་ནམ་ཧོར་དོར་རྟ་ནག་པོས་དམག་དྲངས་ནས་བཙན་འཛུལ་བྱས་ཏེ། མདོ་སྟོད་དུ་མི་སྟོང་གསུམ་ལྷག་བསད་ཅེས《 ས་སྐྱའི་གདུང་རབས》 ལས་གསལ་བ་ལྟར་དུས་སྐབས་དེ་དག་ཏུ་བོད་ཀྱི་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་ཏེ་བོད་གཅིག་གྱུར་གྱི་ནུས་པ་ཉམས་ནས། གཞན་གྱིས་དབང་བསྒྱུར་བཙན་འཛུལ་གྱི་འགོ་འཛུགས་བཞིན་ཡོད་ལ། མདོ་ཁམས་སྟོད་སྨད་ཕྱོགས་ནས་སོག་པོའི་དམག་གིས་བཙན་འཛུལ་དབང་བསྒྱུར་བྱས་ཏེ་རིམ་བཞིན་བོད་སྤྱི་ལ་དབང་བསྒྱུར་བའི་རྨང་གཞི་གཏིང་བ་རེད། དེ་རྗེས་མདོ་སྟོད་དུ་སྒོམ་སྡེའི་རྒྱལ་སྲིད་བྱུང་ཞིང་ཏི་ཤྲཱི་རས་པའི་སློབ་མ་རས་པ་དཀར་པོ་དང་གུང་སྒོམ་ཨའུ་སོགས་ཧོར་སོག་པོ་དང་འཕྲད་དེ། མདོ་ཁམས་སྟོད་ཀྱི་བླ་ཆེན་དང་སོག་པོའི་བར་འབྲེལ་བ་ཐོག་མར་བྱུང། དེ་རྗེས་ནང་ཆེན་རྒྱལ་རབས་དབུ་བརྙེས་པ་ནས་མདོ་སྟོད་མི་ཡི་ཆོལ་ཁ་ཁམས་སྒོམ་སྡེ་ནང་ཆེན་པའི་གཅིག་གྱུར་གྱི་རྒྱལ་རབས་དངོས་འགོ་ཚུགས་ཤིང་། ད་ལྟའི་བར་སྐྱིད་སྡུག་དར་རྒུད་ཀྱི་ཀྱག་ཀྱོག་ལོ་རྒྱུས་རིང་མོ་འདི་བརྒྱུད་པ་ཡིན་ནོ། ། ༤ སྤྱིར་ཁམས་ཞེས་པའི་དོན་བཤད་པ། ས་སྤྱི་ལེ་གྲུ་བཞི་མ་ཁྲི༢༤༠ལྷག་ཡོད་པའི་ཆེན་པོ་བོད་ཀྱི་རྒྱལ་ཁམས་འདིར་འཚོ་ཞིང་གནས་པའི་བོད་མི་རིགས་ཞེས་པ་འདི་ནི། བོད་ཀྱི་མཁས་པ་འགའ་རེའི་འདོད་ཚུལ་ལྟར་གཞན་ནས་འཁྱམས་འོང་བའི་མི་རིགས་ཤིག་ནི་ཨེ་ཡིན་མི་ཤེས་ལ། ཐོག་མ་ནས་བོད་ཀྱི་ས་གནས་རང་ནས་འཚོ་བ་རོལ་ཞིང་། གདོད་མའི་སྤྲ་སྤྲེའུ་མི་རུ་གྱུར་པའི་རྒྱུད་རིམ་ཁྲོད་ནས་བོད་མི་རིགས་འདི་བྱུང་བ་ཡིན་པར་འགྲེལ་བཤད་བྱས་ན་འདས་པའི་ལོ་རྒྱུས་དང་དེང་གི་ཚན་རིག་དང་ཡང་མཐུན་པ་ཡིན། བོདཅེས་པའི་མིང་འདི་ཡང་མཁས་པ་སྔ་མ་རྣམས་ཀྱིས་རྒྱ་གར་སྐད་ལས་ཆགས་པར་འདོད་ཀྱང་བདེན་དཀའ་སྟེ། དོན་དུ་མི་རིགས་རང་གི་སྐད་ལས་ཆགས་པའི་མིང་ཞིག་ཡིན་ངེས་ལ་དེའི་སྐོར་བོད་ཀྱི་ལོ་རྒྱུས་ཆེ་ཁག་རྣམས་སུ་གསལ་བས་འདིར་སྤྲོ་བ་ནི་སྐབས་སུ་མ་བབ་ལ། བྱེ་བྲག་བོད་ཀྱི་རུ་ཆེན་ལྔ་ཡི་ནང་ཚན་ནམ། མདོ་དབུས་ཁམས་གསུམ་ཀྱི་བྱེ་བྲག་ཁམས་ཞེས་པའི་དོན་ནི། ལོ་རྒྱུས་སྔ་ཕྱིར་གོ་བ་མི་འདྲ་བ་དུ་མ་ཡོད་དེ། སྤྱིར་བཏང་ཁམས་ནི་མཐའ་ཡི་དོན་དུ་བཀྲལ་ཡང་། བྱེ་བྲག་བཙན་པོའི་སྐབས་སུ་རྒྱལ་ས་དང་ཐག་རིང་བའི་གནས་ད་ལྟའི་མདོ་སྟོད་དང་མདོ་སྨད་ཀྱི་ས་ཆ་མང་ཆེ་བར་ཁམས་ཞེས་འབོད་ཀྱི་ཡོད་པས་དེ་ནས་བཟུང་རིམ་གྱིས་ཡུལ་ལ་ཁམས་ཞེས་གྲགས་པ་ཐོགས། མདོ་ཁམས་ཞེས་པ་ནི་བཙན་པོའི་སྐབས་སུ་དབུས་གཙང་། མངའ་རིས། མདོ་སྟོད་མདོ་སྨད་ཅེས་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་སྲོལ་ཡོད་པ་ལྟ་བུ་དང་། བོད་ ______________________ ལོ་རྒྱུས་ཁག་འགའ་ལས་བོད་ནི་རྒྱ་གར་གྱི་མི་རིགས་ལས་ཆད་པར་འདོད་པ་སྟེ《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ》ལས་སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་འཐབས་པ་ལས། བུད་མེད་ཀྱི་ཆས་སུ་བྱས་ནས་བྲོས་ཡོང་བའི་མི་ཁ་གཅིག་བོད་ཡུལ་དུ་གནས་བཅས་པས་མི་རིགས་འདི་བྱུང་ཞིང་བོད་ཅེས་གྲགས་པར་བཤད་པ་ནི་ནོར་བ་ཡིན་ལ། སྔོན་རྒྱ་གར་མི་རྒྱུད་བོད་དུ་འཁྱར་བ་ལྔ་རིས་སོགས་སུ་ཡོད་ངེས་ཀྱང་དེ་ཚོ་བོད་པའི་རུས་རྒྱུད་དུ་བགྲངས་རྒྱུ་མེད་ལ། བོད་ཅེས་པའི་ཐ་སྙད་འདིའང་བོད་རང་ལས་བྱུང་བ་ཞིག་ཡིན་ངེས་སོ། ། ཡུལ་སྟོད་སྨད་བར་གསུམ་དུ་བགོ་སྐབས་ཀྱང་སྨད་མདོ་ཁམས་སྒང་དྲུག་ཅེས་དང་། ཡང་སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ། བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ། སྨད་མདོ་ ཁམས་སྒང་དྲུག་གཤོང་ཞིང་དང་འདྲ་ཞེས་ཁམས་དང་ཨ་མདོ་གཉིས་གཅིག་ཏུ་བགྲང་བཞིན་ཡོད་པ་སོགས་ལ་གཞིགས་ན་མདོ་ཁམས་ཞེས་པའང་ཁམས་ཀྱི་སྤྱི་མིང་ཡིན་པར་སྙམ། 《དེབ་དཀར》 དུ“དབུས་ཞེས་པ་བཙན་པོའི་སྲིད་སྐྱོང་བའི་ལྟེ་བའམ་དཀྱིལ། གཙང་ཞེས་པ་གཙང་པོའི་སྟོད་རྒྱུད་དམ་ཕུག ཁམས་ཞེས་པ་དབུས་དང་ཁད་རིང་བའི་ས་མཐའ། མདོ་ཞེས་པ་མས་སྣེ་ལ་བྱ”ཞེས་གསལ། ཕྱིས་བོད་སིལ་བུའི་དུས་ཏེ་ས་སྐྱ་པའི་སྐབས་སུ་བོད་ཡུལ་ཆོལ་ཁ་གསུམ་དུ་བགྲངས་བ་སྟེ། དེ་ཡང“སྟོད་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་དབུས་གཙང་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་སྟོད་མིའི་ཆོལ་ཁ། རྨ་ཆུ་ཁུག་པ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་མདོ་སྨད་རྟའི་ཆོལ་ཁ”ཞེས་དབུས་གཙང་གཉིས་གཅིག་ཏུ་བགྲངས་ཤིང་། མདོ་སྟོད། མདོ་སྨད་བཅས་གསུམ་དུ་བགོས་པ་ལྟར་ཕྱིས་སུ་མདོ་སྨད་ལ་མདོ་ཡི་སྔོན་དུ་ཨ་སྒྲ་ཞིག་བྱུང་ནས་རིམ་བཞིན་ཨ་མདོར་གྲགས་ཤིང་། མདོ་སྟོད་ལ་ཁམས་སྟོད་དང་ཁམས་པར་གྲགས་ཞེས་བཤད། དེང་སང་ནི་མདོ་དབུས་ཁམས་གསུམ་ཞེས་པའི་ཁམས་པ་ནི་གཙོ་བོ་མདོ་སྟོད་ཕྱོགས་ལ་འབོད་ཀྱི་ཡོད་དོ། ། ཞིབ་ཏུ་བཙན་པོའི་སྐབས་སུ་ཁམས་ཞེས་འབོད་པ་དེའི་ས་ཁྱོན་དང་བྱེ་བྲག་ཕྱིས་ཀྱི་ཁམས་______________________ 《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》 ལས། པ་རུ་འབོད་པའི་ས་ཁུལ་དེ་དག་གི་ཆེ་ཆུང་དང་ས་མཚམས་སོགས་ནི་མག་མོག་ཙམ་ལས་གསལ་ལ་དག་པ་སྨྲ་རུ་མི་བཏུབ་བོ། ། སྔོན་མར་མདོ་སྟོད་དམ་ཁམས་སྟོད་ཀྱི་ཡུལ་དུ་ཆགས་པའི་ཁམས་སྒོམ་སྡེ་ནང་ཆེན་ནི་དེང་སང་མཚོ་སྔོན་བྱང་རྒྱུད་ཡུལ་ཤུལ་ཁུལ་ཡོངས་རྫོགས་དང་དེ་ལས་ཀྱང་ཆེ་བ་ཡོད་དེ་འོག་ནས་འབྱུང་བའི་ས་མུ་ཆོད་མཚམས་སོགས་ལས་གསལ། སྤྱིར་མདོ་སྟོད་དང་། ཁམས་སྟོད། མདོ་ཁམས། ཁམས་པ་སོགས་འབོད་ཚུལ་མང་པོ་བདོག་ཀྱང་། ཁོ་བོས་ཡོངས་གྲགས་སུ་མདོ་སྟོད་ཅེས་འབོད་དོན་ནི་སྔོན་དུས་བཙན་པོའི་སྐབས་སུ་བོད་ཡུལ་རུ་ཆེན་ལྔ་ཡི་བྱེ་བྲག་མདོ་སྟོད་ཀྱི་མངའ་ཁོང་ཡིན་ཕྱིར་དང་། སིལ་བུའི་རྗེས་སུ་ཆོལ་ཁ་གསུམ་གྱི་བྱེ་བྲག་མདོ་སྟོད་མི་ཡི་ཆོལ་ཁའི་ནང་ཚན་ཡིན་པའི་རྒྱུ་མཚན་དང། དེང་སང་ཡོངས་གྲགས་མདོ་དབུས་ཁམས་གསུམ་ཞེས་འབོད་པའི་ཁམས་པ་ལས་སྟོད་ཕྱོགས་ཡིན་པ་སོགས་མདོར་ན་རྒྱུད་རིམ་དང་མཐུན་ཞིང་། གོ་བདེ་ལ། ལོ་རྒྱུས་ཀྱི་གོ་རིམ་མི་འཁྲུགས་པའི་དགོས་པ་ཡོད་པས་ཡིན་ནོ། ། ༤ བྱེ་བྲག་རས་ཚང་སྒོམ་སྡེ་ཞེས་འབོད་པའི་རྒྱུ་མཚན། རས་ཚང་སྒོམ་སྡེ་ཞེས་འབོད་པའི་རྒྱུ་མཚན་ནི་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་ནས་བོད་མིའི་ཁྱིམ་སྲིད་ཉམས་རྒུད་དུ་སོང་ཞིང་། ཕྱིས་སུ་ཆབ་སྲིད་མུ་མཐུད་ཕལ་པའི་གནས་སུ་གྱུར་ཏེ། ཆོས་ཀྱི་བྱ་བ་གཙོ་བོར་བྱེད་ཅིང་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་མང་པོ་བྱུང་། བོད་ཡུལ་ཀུན་ཏུ་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་མང་པོས་དབང་བསྒྱུར་ནས་ཆོས་ལུགས་ཀྱི་འཕེལ་ཁ་རྒྱས་པ་དང་བསྟུན་ནས། འབའ་རོམ་དར་མ་དབང་ཕྱུག་གི་སློབ་ཆེན་འགྲོ་མགོན་ཏི་ཤྲཱིརས་པའམ་ཏི་ཤྲཱི་ཤེས་རབ་སེང་གེ་དེ་ཉིད་ཡུལ་འབྲོག་གི་སྤ་ཚབ་ཤོད་ཆེན་བཞི་ཡི་དང་པོ་འདམ་ཤོད་སྣར་མོར་ཡབ་རྗེ་དར་ཁྲ་བོ་དང་། ཡུམ་སྐལ་བཟང་ཀླུ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཤིང་སྤྲེལ་སྤྱི་ལོ༡༡༦༤ལོར་སྐུ་འཁྲུངས། འབའ་རོམ་དར་མ་དང་ཕྱུག་དང་། འབྲི་གུང་སྐྱོ་བ། སྟག་ལུང་ཐང་པ་སོགས་བཤེས་གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱང་བརྩོན་མཐར་ཕྱིན་གནང་། རབ་བྱུང་གསུམ་པའི་མེ་འབྲུག་སྤྱི་ལོ༡༡༩༦ལོར་མདོ་སྨད་རྒྱུད་མི་ཉགཏུ་ཕེབས། ཀ་ཅུ་གུ་རུབ་དགོན་དུ་བཞུགས། དེ་ནས་མི་ཉག་རྒྱལ་པོ་སྤྱན་སྔ་ཁྲང་ཡོས ཀྱིས་གདན་དྲངས་པ་ལྟར་མགར་མཁར་ཕོ་བྲང་དུ་ཕེབས། བསྙེན་བཀུར་ཟླ་མེད་བྱས། རབ་བྱུང་གསུམ་པའི་མེ་སྟག་སྤྱི་ལོ༡༢༠༦ལོའི་ཟླ་དང་པོའི་ནང་མི་ཉག་གི་རྒྱལ་རྒོད་རྒྱལ སར་བཏོན། འགྲོ་མགོན་ཏི་ཤྲི་རས་པ་རྒྱལ་པོའི་བླ་མཆོད་མཛད་ནས་ལོ་མང་བཞུགས། རབ་བྱུང་བཞི་པའི་ས་ཡོས་སྤྱི་ལོ༡༢༡༩ལོར་རྒྱལ་རྒོད་ཀྱིས་ཏི་ཤྲཱི་རས་པའི་མདུན་ནས་དབང་ཞུས། ཧོར་གྲགས་སམ་ཤེས་རབ་སེང་གེར་ཏི་ཤྲཱིའི་ལས་ཀ་ཕུལ་བས་དེ་ནས་བཟུང་ཏི་ཤྲཱི་རས་པ་ཞེས་རྒྱ་ ______________________ ཏི་ཤྲཱི་ནི་གོོ་གནས་ཀྱི་མིང་ཏེ་རྒྱ་སྐད་ལ་帝师ཟེར། མི་ཉག་ནི་སུང་རྒྱལ་རབས་སྐབས་ཉིང་ཞ་ཟེར་བའི་ས་ཆར་རྒྱལ་སྲིད་བཙུགས་པའི་རྒྱལ་རབས་དེ་ཡིན། སྔོན་མ་བོད་ཀྱི་མངའ་འོག་ཡིན། རྒྱ་སྐད་ལ西夏ཟེར། ཁྲང་ཡོས་ནི་མི་ཉག་རྒྱལ་པོ་སྟེ། རྒྱ་སྐད་ལ赵纯祐ཟེར། ཤོ་ཧོ་རྒྱལ་རྒོད་ནི་མི་ཉག་གི་རྒྱལ་པོ་སྟེ། རྒྱ་སྐད་ལ赵遵顼ཟེར། བོད་མི་ཉག་སོགས་ལ་ཡོངས་སུ་གྲགས། རབ་བྱུང་བཞི་པའི་ཆུ་འབྲུག་སྤྱི་ལོ༡༢༣༢ལོར་ཁོང་གི་སློབ་ཆེན་རས་པ་དཀར་པོའམ་མཚན་དངོས་རས་དཀར་ཤེས་རབ་བྱང་ཆུབ་ཡབ་སྲས་རྒྱ་ནག་ནས་ཡར་ཕེབས་ཏེ། མདོ་ཁམས་སྟོད་ཀྱི་ཟླ་རྒྱུད་དུ་འབྱོར། བྱང་སྐྱོ་ལྟག་མཐིལ དུ་སྒར་བཏབ་ནས་བཞུགས་པ་དང་། དེ་ནས་ཡོས་ཕུར་ཕེབས་པས་རབ་བྱུང་བཞི་པའི་མེ་སྤྲེལ་སྤྱི་ལོ༡༢༣༦ལོར་སྐུ་གཤེགས། དེ་ནས་འགྲོ་མགོན་རས་པ་དཀར་པོ་སོགས་སློབ་ཚོགས་རྣམས་ཀྱིས་མེར་ཆེན་གྱི་ཞོལ་དུ་གདུང་སྦྱང་སྟེ་སྐྱོ་ལྟག་མཐིལ་དུ་ཏི་ཤྲཱི་རས་པའི་སྐུ་འབུམ་བཞེངས་པས་ཕྱིས་སུ་ས་དེར་སྐུ་འབུམ་དུ་གྲགས། དེ་ནས་བཟུང་འགྲོ་མགོན་ཏི་ཤྲཱིའི་སློབ་མ་རས་པ་དཀར་པོ་དང་གུང་སྒོམ་ཨའུ་གཉིས་ཀྱིས་གནས་དེར་སློབ་ཚོགས་བསྐྱངས་ནས་བཞུགས་པའི་སྐབས། སེ་ཆེན་ཧོར་དང་མཆོད་ཡོན་འབྲེལ། ཧོར་ཁྲིམས་བོད་ལ་འཇགས་དུས་སུ། ཧོར་སེ་ཆེན་རྒྱལ་པོའམ་རྒྱལ་བུ་གོ་བེ་ལར忽必烈གྲགས་པས་མདོ་སྨད་དུ་དམག་དྲངས་ནས་བྱོན་པ་ལ་རས་པ་དཀར་པོ་དཔོན་སློབ་མཇལ་དུ་བྱོན་ནས་མཇལ་དར་དང་། སྤྱན་གཟིགས་རྒྱ་ཆེན་ཕུལ། ཏི་ཤྲཱིའི་སྐུ་འབུམ་བཞེངས་པའི་གནས་དེར་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས་གནང་། རས་པར་དཀར་པོར་དད་པར་གྱུར་ཏེ་ལྷ་ཆོས་ཀྱི་བླ་མ་དང་། གུང་སྒོམ་ཨའུ་མི་ཆོས་ཀྱི་དཔོན་དུ་བསྐོས། གྲྭ་ཚོགས་བསམ་གྱིས་མི་ཁྱབ་པ་འདུས། འདི་དག་གི་སྐབས་སུ་ཆོས་ཕྱོགས་ཀྱི་བཤད་སྒྲུབ་ལས་གསུམ་གཙོ་བོར་མཛད་དེ་ ______________________ སྐྱོ་ལྟག་དང་སྐྱོ་ལྡག་ཅེས་འབྲི་ཚུལ་གཉིས་སྣང་། གང་ལྟར་ད་ལྟ་སྐུ་འབུམ་གྱི་ཆགས་ཤུལ་ཡོད་པའི་གནས་དེའི་ཡར་མར་ཡིན་པར་སྣང་། སྐྱ་སེར་ཀུན་ལ་ཆོས་ཀྱི་གདམས་ཟབ་སྤེལ་བས་གདན་ས་སྐུ་འབུམ་དུ་བླ་མ་དགེ་བའི་བཤེས་གཉེན་དགེ་འདུན་པ་ཁྲི་ཕྲག་ལས་མི་ཉུང་ཞིང་། ཕྱོགས་ཀྱི་སྐྱེ་བོ་ཕོ་མོའི་འདུ་བ་བསམ་གྱིས་མི་ཁྱབ་ཅིང་ཆོས་དང་ཆབ་སྲིད་ཆེར་རྒྱས་པ་མདོ་ཁམས་སྒང་འདིར་འདི་ལས་ལྷག་པ་མ་བྱུང་ ཞེས་བཤད་ཀྱང་། དོན་དུ་དེ་དག་གི་སྐབས་སུ་ཆོས་ལུགས་ཀྱི་འཕེལ་ཁ་རྒྱས་རིམ་བཞིན་ཁྱིམ་སྲིད་མུ་མཐུད་རྒུད་པ་ནས་ཉམས་པའི་ལམ་དུ་སྐྱོད་བཞིན་ཡོད་པ་རེད། དེའི་དུས་སུ་རས་པ་བླ་སློབ་རིམ་བྱོན་གྱི་སྐུ་རིང་ལ། བཀའ་བརྒྱུད་བླ་མའི་རྣམ་ཐར་བཞིན་དབྱར་དགུན་མེད་པར་རས་རྐྱང་མཛད་དེ། གཅིག་ཏུ་འཚོགས་པས་རས་པ་ཚང་ངམ་རས་ཚང་ཞེས་འབོད་ཅིང་། ཕོ་མོ་ཐམས་ཅད་སྒོམ་སྒྲུབ་ལ་བརྩོན་ཞིང་། རི་ཀླུང་ཀུན་ཏུ་སྒོམ་པས་ཁེངས་ནས། བཤད་སྒྲུབ་ལས་གསུམ་ལ་གཅིག་ཏུ་གཞོལ་བའི་སྡེ་མང་པོ་བྱུང་བས། རས་ཚང་སྒོམ་སྡེ་ཞེས་ཐོགས་པ་ཡིན་ལ། ད་ལྟའང་སྒོམ་སྡེ་ནང་ཆེན་ཞེས་འབོད་པའི་དོན་ཡང་དེ་ཡིན་ནོ། ། མངའ་ཁོངས་སུ་གནས་དྲུག་ཁྲི་སྐོར་དུ་གྲགས་པ་ཡོད་དེ། དེའང་གནས་གཞི་དྲུག་སྟེ་རྟམ་མཁར་སྐྱ། ཆམ་མཁར་དམར། རྫ་གྱིང་ཐང་། ལྕི་དབེ་ཧུ། ལྷོ་རྟ་ཤོད། འདན་རག་ཐག་དྲུག་ཡིན་ལ་གནས་གཞི་རེ་རེར་ཁྲི་སྡེ་གཉིས་རེ་བསྡོམས་ཁྲི་སྐོར་བཅུ་གཉིས་ཡོད་པར་གྲགས་སོ། ། ༥ ནང་ཆེན་ཞེས་པའི་མིང་ཇི་ལྟར་ཐོགས་ཚུལ། ནང་ཆེན་ཞེས་པའི་མིང་ཇི་ལྟར་ཐོགས་ཚུལ་ལ་བཤད་ཚུལ་མང་པོ་མཆིས་ཏེ། འགའ་ཞིག་ ______________________ ཚང་གསར་བློ་གྲོས་རིན་ཆེན་གྱིས་བརྩམས་པའི《ཆོས་འབྱུང་གསལ་བྱེད་སྒྲོན་མེ》ལས་གསལ། གིས་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོས་གོང་མའི་ནང་བློན་བྱས་པས་ནང་ཆེན་དུ་གྲགས་ཞེས་བཤད། ཡང་འགའ་ཞིག་གིས། ཕོ་བྲང་ནང་སོ་ཆེན་མོའི་མིང་བསྡུས་པའི་ཚུལ་གྱིས་ནང་ཆེན་ཞེས་གནས་ཁང་གི་མིང་ཡུལ་ལ་ཆགས་པར་སྨྲ། ད་དུང་ནང་ཆེན་རྒྱལ་སྲས་ཕྲིན་ལས་ཀུན་ཁྱབ་སོགས་ཁ་གཅིག་གིས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་ཆེན་པོ་ལ་འོས་པའི་ཚན་བཅུ་གསུམ་ཕུལ་བས་ནང་ཆེན་ཞེས་མིང་ཐོགས་པར་འདོད། དེ་དག་ལས་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོས་རྒྱ་ནག་རྒྱལ་པོའི་ནང་བློན་བྱས་པས་ནང་ཆེན་དུ་ཐོགས་ཚུལ་བཤད་ན་རྒྱུ་མཚན་ཡང་དག་མེད་པ་བདེན་མོད། ཕོ་བྲང་ནང་སོ་ཆེན་མོའི་མིང་ཡུལ་ལ་ཐོག་པས་ནང་ཆེན དུ་གྲགས་ཞེས་བརྗོད་ན་རྒྱུ་མཚན་མེད་པ་ཞིག་རེད་མི་འདུག་སྙམ། གང་ལགས་ཞེ་ན་གནས་ཁང་གི་མིང་ཡུལ་ལ་ཆགས་པའང་ཡོད་པས་སོ། ། ལྡན་མ་འཇམ་ཚུལ་གྱིས 《ལྷོ་རོང་ཆོས་འབྱུང་》ལས“ཏྲེ་བོ་རབ་ཁའི་རྒྱུད་པ་ད་ལྟའི་བར་ནང་ཆེན་པ་མིང་དུ་ཐོགས་པ་ནས་བསྟན་པའི་ཞབས་ཏོག་རྒྱ་ཆེན་པོ་མཛད་ཅིང་ཡོད”ཅེས་པའི་ལུང་འདི་དྲངས་ནས་འགོག་པར་བྱེད་ཀྱང་། དེ་ལས་ཏྲེ་བོ་རབ་ཁའི་རྒྱུད་པ་ལའང་ནང་ཆེན་པ་ཞེས་ཐོགས་པ་བདེན་ཀྱང་དེའི་སྔོན་ནས་ཐ་སྙད་དེ་མེད་པའི་རྒྱུ་མཚན་འདྲེན་རྒྱུ་མེད་པས་འགོག་མི་ནུས། ད་དུང་ནང་སོ་ཆེན་མོ་ཞེས་པ་གནས་ཁང་ཆེན་མོ་ཞིག་གི་མིང་ཡིན་ལ། དེ་ཐོགས་ ______________________ འོག་ནས་ནང་ཆེན་ཞེས་པའི་མིང་འདི་འབྱུང་ས་ནས་དེང་སང་གི་ས་ལག་མཐིལ་ཙམ་གྱི་ནང་ཆེན་རྫོང་ཙམ་ཞིག་ལ་གོ་བ་མིན་པར་སྔོན་དུས་ཀྱི་ནང་སྡེ་ཤོག་ཆེན་བཅོ་བརྒྱད་དང་། ཕྱི་སྡེ་དེམ་ཆི་ཉེར་ལྔ་སོགས་ཡོད་ཚད་ལ་གོ་དགོས་པ་ཡིན། པའི་གྲགས་པ་འབྱུང་བའི་རྒྱུ་མཚན་མེད་ཅེས་ཟེར། དེ་ལ་ཕོ་བྲང་ནང་སོ་ཆེན་མོ་ནི། མིང་དེ་ལྟར་ཐོགས་པའི་གྲགས་པ་འབྱུང་བའི་རྒྱུ་མཚན་མེད་པའི་ལུང་ཁུག་གི་གནས་ཁང་ཙམ་ཞིག་མིན་པར། མདོ་སྟོད་མི་ཡི་ཆོལ་ཁའི་རྗེ་བོའི་ཆོས་སྲིད་སྐྱོང་བའི་རྩ་བའི་གདན་སའམ་ཕོ་བྲང་ཡིན་པས། མིང་དེ་ལྟར་ཐོགས་པའི་གྲགས་པ་འབྱུང་བའི་རྒྱུ་མཚན་ཡོད་པར་མ་ཟད། 《འབའ་རོམ་གསེར་ཕྲེང་རིན་ཆེན་རྒྱན་ཕྲེང་》ལས། ནང་ཆེན་ནི་བླ་མ་གོང་མ་རྣམས་ཀྱི་བཞུགས་གནས་ནང་སོ་ཆེན་མོ་ཡིན་པས་ནང་ཆེན་ལ་ཟེར་བ་ཡིན་ཞེས་གསུངས་འདུག་པ་ལྟར་ཞིབ་པར་བསམ་ན་ནང་ཆེན་ལ་ནང་སོ་ཆེན་མོ་ལས་ལོགས་སུ་གྱུར་པའི་འགྲེལ་བཤད་ཚུགས་ཐུབ་ཅི་ཡང་མེད། ལྷག་ཏུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་ནང་ཆེན་གྱི་ཐོབ་བསྩལ་བའི་དབང་གིས་ཡིན་གཅིག་མིན་གཉིས་ནང་ཆེན་དུ་ཐོག་དགོས་དོན་མེད་དེ་ནང་ཆེན་གྱི་ཐོབ་ཡོད་ཚད་ལ་ནང་ཆེན་ཞེས་མི་འབོད་པས་སོ། ། གང་ལྟར་ཕོ་བྲང་ནང་སོ་ཆེན་མོའི་མིང་ཡུལ་ལ་ཆགས་པར་སྨྲ་བ་ལ་འགོག་ཐུབ་པའི་རྒྱུ་མཚན་རྣམ་དག་སུ་ལའང་སྨྲ་རྒྱུ་མི་འདུག་ལ། གནད་འདིར་ཡང་ཕྱོགས་ཞེན་གྱིས་ཁ་ཚོན་བཅད་པ་ཙམ་མ་ཡིན་པའི་དོགས་པ་རེ་སློང་རྒྱུ་འདུག་གོ ། རྒྱལ་སྲས་ཕྲིན་ལས་ཀུན་ཁྱབ་ཀྱི་དགོངས་པ་བཞིན་བཀྲལ་བའི་ལྡན་མ་འཇམ་ཚུལ་གྱིས་ནང་ཆེན་ཞེས་པའི་མིང་ཐོོགས་ཚུལ་ནི། བོད་ཆོས་སྲིད་གཉིས་ཀྱི་མངའ་བདག་འགྲོ་མགོན་འཕགས་པས། འབྲུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་ཆེན་པོར་འོས་པའི་ནང་ཆེན་གྱི་ཐོབ་བསྩལ་བས་དེ་ནས་བཟུང་ནང་ཆེན་དུ་ཐོགས་ཞེས་གསུངས། ཆེན་པོར་འོས་པའི་ཚན་བཅུ་གསུམ་ནི། གསོལ་གཟིམ་མཆོད་གསུམ། འཇམ་ཡིག་མཛོད་པ་གསུམ། ཐབ་འདྲེན་གདན་གསུམ། སྐྱ་རྟ་མཛོ་ཁྱི་བཞི་སྟེ་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་དུ་གྲགས་ལ་འདི་དག་འགྲོོ་མགོན་འཕགས་པའི་སྐུ་དུས་སུ་དར་བར་བཤད། ཆེན་པོ་ལ་འོས་པའི་ཚན་བཅུ་གསུམ་པོ་གང་དུ་འཛོམས་པའི་གནས་སམ། དཔོན་པོ་དེར་ནང་ཆེན་དུ་གྲགས་ཞེས་ཟེར། བོད་ཀྱི་ཆོས་སྲིད་གཉིས་ཀྱི་རྗེ་བོ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་འབྲུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་ཆེན་པོ་ལ་འོས་པའི་ནང་ཆེན་གྱི་ཐོབ་བསྩལ་བས་དེ་ནས་བཟུང་ནང་ཆེན་ཞེས་ཐོགས་པར་འདོད། དོན་དུ་ནང་ཆེན་ཞེས་པ་ནི་ཕོ་བྲང་ནང་སོ་ཆེན་མོའི་མིང་བསྡུས་པའི་ཚུལ་གྱིས་ནང་ཆེན་ཞེས་ཐོགས་པ་དོན་དངོས་ཡིན་ལ། དེང་སང་ནང་ཆེན་ཞེས་པ་ནི་རྗེ་བློན་འབངས་གསུམ་ཡུལ་གནས་དང་བཅས་པ་ཡོད་ཚད་ལ་གོ་བ་ཡིན་ཏེ། རྗེ་ལ་ནང་ཆེན་རྒྱལ་པོ། འབངས་ལ་ནང་ཆེན་སྡེ་བ། ཡུལ་ལ་ནང་ཆེན་ལུང་པ་ཞེས་གྲགས་པའི་མངའ་ཁོངས་སུ། རྒྱལ་པོའི་དབུ་བླ་ཁག་བཞི། ནང་བློན་ཤེལ་སྒོ་གཉིས་སྦྲེལ། བཀའ་ཡི་མགྲོན་གཉེར་མི་བཞི། ཕྱི་བློན་རོལ་པ་སྐྱ་བདུན། སྒེར་བཙན་དགོན་སྡེ་ཁག་གསུམ། ཕྱི་སྡེ་དེམ་ཆི་ཉེར་ལྔ། དཔོན་མགོ་བེ་ཅང་སུམ་བཅུ། སོགས་སུ་གྲགས་ཤིང་། གཞན་ཡང་། སྔོན་མ་ནས་གྲགས་པ་སྒ་བ་རིན་ཆེན་ཚོ་དྲུག རག་ཤུལ་མ་ལག་བཅོ་བརྒྱད། སྒ་སྟོད་ཨ་ཁྲོ་ཚོ་བདུན། ཡུལ་ཤུལ་ལིང་ཚེ་བཅུ་གཉིས། གཡག་ར་ཕ་ཤོག་བཅོ་བརྒྱད། ཉ་མཚོའི་ཕ་སྡེ་ཚོ་དྲུག ལྗང་སྲིབ་བེ་ཧུ་ཤོག་གཉིས། བྱང་རིག་རྒྱ་སྡེ་ཁག་གསུམ། དགེ་རྒྱལ་སྟོད་སྨད་བར་གསུམ། འབྲོང་པ་བྱང་རོང་ཤོག་བཞི། ནང་སྡེ་ཤོག་ཆེན་བཅོ་བརྒྱད་སོགས་གྲངས་འདྲེན་དུ་ཡོད་པ་དེ་དག་ཡོད་ཚད་ལ་ནང་ཆེན་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། ། སྨྲས་པ། སྔོན་བྱུང་འདས་པའི་ལོ་རྒྱུས་ཇི་བཞིན་ཐོགས་མེད་མཁྱེན་པའི་མངོན་ཤེས་དང་། ། འོལ་ཚོད་ཚིག་གི་སྤྲོས་པ་མང་པོས་ཟེར་སྒྲོས་བསགས་པའི་སྙིང་སྟོབས་གཉིས། །

ཟོལ་གྱིས་བསྟོད་ནས་ལྷ་རུ་གཏོང་བའི་ཕྱོགས་ཞེན་ཨུ་ཚུགས་བྱེད་སོགས་ལ།  ། 

ཀུན་ནས་རྨོངས་པས་ལྐོག་གྱུར་ཡུལ་ལ་དཔྱོད་པའི་རྣམ་དཔྱོད་འདི་ག་ཙམ། ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གཉིས། ཨ་ལྕགས་འབྲུ་ཡི་བྱུང་བ་དང་ཏྲེ་བོའི་རྒྱུད་པ་བཤད་པ།

༡ ཨ་ལྕགས་འབྲུ་ཡི་བྱུང་ཚུལ། ནང་ཆེན་རྒྱལ་པོའི་གདུང་ནི་སྤྲེའུ་དང་བྲག་སྲིན་ལས་མཆེད་པའི་བོད་ཀྱི་རུས་ཆེན་ཆེ་ བཞིའི་ནང་ཚན་འབྲུ ཡི་རིགས་རྒྱུད་ཡིན་ཏེ། 《རླངས་ཀྱི་པུ་ཏི་བསེ་རུ》 ལས། སྒ་འབྲུ་ལྡོང་གསུམ་དབྲ དང་བཞི་ཞེས་འབྱུང་བའི་འབྲུ་ཡི་གདུང་རབས་དེ་ལ་འབྲུ་རྗེ་ལྷ་བུ་ཐོད་དཀར་ཞེས་ ______________________ འབྲི་ཚུལ་མང་པོ་འདུག་ཀྱང་འདི་ནས་ཡོངས་གྲགས་ལྟར་འབྲུ་ཞེས་བྲིས་པ་ཡིན། སྒ། འབྲུ། དཔྲ། ལྡོང་བཞིའོ། །རུས་ཆེན་ཆེ་བཞི་ལ་འདོད་ཚུལ་གཞན་ཡང་ཡོད། པ་བྱུང་ཞིང་དེ་ནས་རིམ་པར་རྒྱུད་པའི་འབྲུ་སྟག་རྒོད་བྱ་བ་ཤིན་ཏུ་ཕྱུག་པ་ཞིག་བྱུང། དེའི་རོང་བཟའ་ཁབ་ཏུ་བཞེས་པས་ཉི་མ་དཀར་ནག་ཁྲ་གསུམ་དུ་གྲགས་པའི་བུ་གསུམ་བྱུང་བ་སྟེ། ཉི་མ་དཀར་ནག་ཁྲ་གསུམ་ནི་འབྲུ་སྟག་རྒོད་ཀྱི་སྲས་སུ་མུན་པར་ཉལ་བའི་བུ་བྱུང་བའི་ཉི་མ་ནག་པོ་དང་། རེས་མཐོང་རེས་སྦས་སྐབས་སུ་བུ་བྱུང་བའི་ཉི་མ་ཁྲ་བོ། དངོས་སུ་ཉི་མར་ལྡེ་བའི་སྐབས་སུ་བུ་བྱུང་བའི་ཉི་མ་དཀར་པོ་ཞེས་བུ་གསུམ་བྱུང་བ་ལ་ཉི་མ་དཀར་ནག་ཁྲ་གསུམ་དུ་གྲགས། དེ་ལས་ཉི་མ་ཁྲ་བོའི་གདུང་རྒྱུད་ལ་བོད་ཀྱི་བཙན་པོ་རིམ་བྱོན་གྱི་ནང་བློན་དཔའ་མཛངས་སྟོབས་ལྡན་འགའ་བྱུང་བར་བཤད། ཉི་མ་ནག་པོའི་གདུང་རྒྱུད་ལས་འབྲུ་མི་དཀར་ལྷ་བུ་བསམ་གྲུབ་སོགས་བྱུང་བ་དང་། ཉི་མ་དཀར་པོའི་རིགས་ལ་ཏྲེ་བོའི་གདུང་རྒྱུད་བྱུང་བ་སྟེ། དེ་ཡང་ཇི་སྐད་དུ། 《 ཏྲེ་རབ》 ལས། འབྲུ་རྗེ་ཉི་མ་དྲི་མེད་ལས། ། རྒྱལ་རབས་དགུ་བཅུ་གོ་བརྒྱད་འཕེལ། ། ཞེས་འབྱུང་བ་བཞིན་འབྲུ་རྗེ་ཉི་མ་དྲི་མེད་དེ་ལ། སོ་གད་དང་། ཡ་གད། མ་གད་བཅས་སྲས་གསུམ་བྱུང་། དེ་ལྟ་བུ་འབྲུ་བཙན་པོ་དེའི་གདུང་ནི་ཨ་ལྕགས་འབྲུ་དང་། འབྲུ་ལ་ཆེ་དྲུག་དང་ལྡང་དྲུག ཡབ་མེས་གཉིས་དང་ཁྱད་པར་འཕགས་པ་ཡིན་ནོ། ། ༢ ཏྲེ་རབ་ཁ་ཡི་གནས་གཞི་བཟུང་ཚུལ། 《 ཏྲེ་རབ》 ལས། འབྲུ་ཏྲེ་ཧོ(བོ)སྟག་གི་བྱ་རོག་དང་། ། མཛེས་པ་ཕྱི་ཡི་རི་མོ་དང་། ། མོན་པ་མཆེ་སྡེར་ཡ་མེད་དང་། ། བཙུན་པ་ཏྲེ་ཧོ(བོ)སྟག་དམར་བཞི། ། གནས་མཎྜལ་མཐིལ་དུ་འཛོམ་པ་ཡིན། ། རྒྱལ་པོའི་དུས་ཀྱི་ལས་ཀ་ལ། ། ཡུལ་ཆེན་སྐྱོང་བའི་བདག་པོ་ཡིན། ། རྒོད་པོ་བཏུལ་བའི་གཤེད་མ་ཡིན། ། ཉམས་ཆུང་སྐྱོང་བའི་ཕ་མ་ཡིན། ། གནམ་ལྷ་ཆོས་དཀར་པོའི་གཞུང་ཤིང་ཡིན། ། ཏྲེ་ཉིན་ལ་མི་ཡི་ཚོགས་པ་ཡིན། ། སྲིབ་ལ་ནོར་གྱི་གཏེར་མཛོད་ཡོད། ། ས་མདོ་ཁམས་ཀྱི་ཁ་བད་མཐོ། ། ཕུ་ལ་འབྲོག་རུ་འཛོམ་ས་ཡིན། ། ཤོད་ལ་འབྲུ་དྲུག་སྨིན་ས་ཡིན། ། ཏྲེ་རབ་ཁ་ཁྲིམས་ཀྱི་གཅོད་ས་ཡིན། ། གནས་མནྡལ་ཚོང་འདུས་སྤྱད་ས་ཡིན། ། སྐད་རིགས་མི་གཅིག་སྣ་དགུ་འཚོགས། ། ཞེས་འབྱུང་བ་ལྟར་འབྲུ་རྗེ་ཉི་མ་དྲི་མེད་དེ་ཉིད་ཀྱི་སྲས་ཆུང་བ་མ་གད་ཅེས་གྲགས་པ་དེས་ཏྲེ་རབ་ཁའི་གནས་གཞི་བཟུང་ནས་ཏྲེ་བོའི གདོང་རྒྱུད་བྱུང་། དེའང་ཏྲེ་ལ་ཉིན་མོ་དང་། སྲིབ་མོ། རྩེ་བ། ཤོད་པ། སྟོང་པ། མེད་པ། ཚོང་འདུས་མནྡལ་སྟེང་དང་བདུན་ཡོད། འབྲུ་རྗེ་དེ་ལ་ལས་ཀ་ཐོབ་པའི་མི་གསུམ་ཡོད་དེ། 《 ཏྲེ་རབ》 ལས། ཏྲེ་རབ་ཁ་ཁྲིམས་ཀྱི་གནས་གཞི་ལ། ། ལས་ཀ་ཐོབ་པའི་མི་གསུམ་བྱུང་། ། ཏྲེ་ཧོ(བོ)ཐང་ཆེན་ཨ་འབར་དེ། ། ཁྲིམས་ར་བཅུ་ཡི་མགོ་གནོན་ཡིན། ། ཁྲི་དཔོན་ཉི་མ་དཀར་ལེབ་དེ། ། རུ་གཞི་དམག་གི་དཔུང་གནོན་ཡིན། ། སྤྱི་ཕུད་འཁོར་ལོ་བཟང་པོ་དེ། ། གནམ་སྐོས་ཆེན་པོའི་ནང་བློན་མཛད། ། འབྲུ་ཏྲེ་ཧོ་དགྲ་བླའི་མི་བདུན་ལ། ། ______________________ ཀྲེ་བོ། ཏྲེ་འོ། ཏྲེ་ཧོར་སོགས་འབྲི་ཚུལ་གཞན་ཡང་ཡོད་འདུག་ཀྱང་། དོན་དུ་དཀར་མཛེས་ཁུལ་བྲག་མགོ་རྫོང་གི་ཕྱོགས་ལ་ཡོད་པའི་ས་ཆ་དེ་དག་ལ་གོ་བ་ཡིན་སྟེ་ཡུལ་མིང་རུས་ལ་ཐོགས་པ་ཞིག་གོ། འདིར་ཡིག་རྙིང་ལྟར་ཏྲེ་བོ་ཞེས་བྲིས་ཡོད།

གསེར་ཕྲེང་པོ་ཏི་བཅུ་གསུམ་ཡོད། །

ཅེས་གསལ་བ་ལྟར་ཐང་ཆེན་ཨ་འབར་བྱ་བས་ཁྲི་སྐོར་བཅུ་གཉིས་དཔོན་པོ་བྱས། སྐར་ཆུང་ཉི་མ་བྱ་བས་སྡང་དགྲ་ཆམ་ལ་ཕབ། སྤྱི་ཕུད་འཁོར་ལོ་བཟང་པོས་རྒྱ་ནག་རྒྱལ་པོའི་ནང་བློན་བྱ། མདོར་ན་དེ་དག་གི་སྐབས་སུ་འབྲུ་རྗེའི་གདུང་རབས་ལ་དཔའ་མཛངས་རྟུལ་ཕོད་ཅན་གྱི་མི་ཕོ་གང་མང་བྱུང་ཞིང་། བློ་དང་ཐབས་ཀྱིས་བོད་རང་གི་བློན་འབངས་ཀྱི་གོ་ས་བཟུང་ནས་མཐའ་མཚམས་སྲུང་བ་དང་། ཡུལ་སྡེ་བསྐྱངས་ཤིང་གནས་སོ། ། ༣ ཏྲེ་བོའི་རྒྱལ་རབས། འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོའི་སྲས་ནོར་བུ་བཟང་པོ། ནོར་བུ་བཟང་པོའི་སྲས་གཞོན་ནུ་བཟང་པོ། དེའི་སྲས་ལྷན་པ། དེའི་སྲས་སྤྲོས་མཆོག དེའི་སྲས་ལྷ་མཆོག དེའི་སྲས་ཡུལ་བ། དེའི་སྲས་བཙུན་པ། དེ་ལ་སྲས་དགུ་ཡོད་པ་དེའང་། གཅེས་དང་ཡག་དང་མཛེས་དང་གསུམ། ། ལོད་པོ་ཀླུ་བཙན་གཉན་པ་དྲུག ཨ་ཆེན་བེ་ཡམ་སྡེ་བ་དགུའོ། ། དེ་དག་ལས་མཛེས་པའི་སྲས་རྩང་ཀུན། དེའི་སྲས་ཁྱབ་པ། དེའི་སྲས་ཡུལ་སྲུང་། དེའི་སྲས་དྲག་པོ། དེའི་སྲས་ཐོག་འཕེན། དེའི་སྲས་སྐར་མ་གྲགས། དེའི་སྲས་སྤྲིན་ཕྱུག དེའི་སྲས་ཐང་པོ། དེའི་སྲས་བརྟན་པ། དེའི་སྲས་འབབ་པ། དེའི་སྲས་ཏིང་ཆེན། དེའི་སྲས་སྐར་མ་མཛེས། དེའི་སྲས་སེང་གེ་གྲགས། དེའི་སྲས་དམག་དཔོན་འོད་ཟེར། དེའི་སྲས་ཨ་མྱེས་མགོན་ཡག དེའི་སྲས་གསེར་གཡུ་ངང་གྲགས། དེའི་སྲས་པདྨ་རྡོ་རྗེ། དེའི་སྲས་ལེགས་པའི་དབང་ཕྱུག དེའི་སྲས་བློ་གྲོས་འོད་ཟེར། དེའི་སྲས་དྲག་པོ་མགོ་ཅན། དེའི་སྲས་རྨ་བྱ་མཛེེས། དེའི་སྲས་ཞི་བ། དེའི་སྲས་མ་ལྷ། དེའི་སྲས་མངའ་བདག དེའི་སྲས་རྗེ་བོ། དེའི་སྲས་ཆོས་འཕགས། དེའི་སྲས་མདོ་མང་། དེའི་སྲས་སྡེ་ལྔ། དེ་ལ་སྲས་བཞི་ཡོད་པ་ནི། ཨ་སྟག སེང་འཕེན། འབྲུག་སྲས། རྒོད་པོ་འབར་རོ། ། དེ་ལས་ཨ་སྟག་གི་སྲས་ཐང་ཆེན་བསོད་རྒྱལ། དེའི་སྲས་ཤེར་འོད། དེའི་སྲས་ལ་འབར། སེང་གེ་འཕེན་གྱི་སྲས་ཁྲི་དཔོན་ལ་གྲགས། དེས་སྲས་བཙན་པོ། དེའི་སྲས་སྐར་ཆུང་ཉི་མ། འབྲུག་སྲས་བུ་སངས་རྒྱས་དབང་ཕྱུག དེའི་སྲས་ཡོན་འབྱུང་། དེའི་སྲས་དཔོན་དཀར་དང་འཁོར་ལོ་བཟང་པོ་གཉིས། རྒོད་པོ་འབར་གྱི་སྲས་དོན་ཡོད་ཚུལ་ཁྲིམས་འོད་ཟེར། དེའི་སྲས་ལྕགས་ལ་ཡག དེའི་སྲས་ཞབས་དཀར་པོ་དང་དར་མ་གཉིས། ཞབས་དཀར་པོའི་སྲས་དགེ་མཐོན། དེའི་སྲས་ཁྲི་དར་སེང་གེ དེའི་གླིང་བཟའ་ཨ་རྡོར་མ་བླངས་པས། ཏྲེ་བོ་ཨ་ཀླུ ་ འཁྲུངས། ཁ་གཅིག་གིས་ཏྲེ་བོ་ཨ་ཀླུ་གུང་སྒོམ་ཨའུ་ཡིན་ཟེར་བ་ནི་ཅི་བཤད་འདི་བཤད་མེད་པའི་འཁྲུལ་གཏམ་སྟེ་དེའི་དོན་འོག་ནས་ཞིབ་པར་གསལ། ཨ་ཀླུས་ཆེན་ཆུན་གཉིས་བཞག་པའི་ཆེན་མ་མཛོ་རོགས་བཟའི་བུ་རྡོ་རྗེ་འཕགས་དང་རྡོ་རྗེ་བསྟན་གཉིས། ཏྲེ་རབ་ཁ་ན་བཞུགས་ཏེ་གནས་གཞི་བཟུང་། ཆུན་མ་བེ་བཟའ་དཀར་མོ་ཁབ་ཏུ་བཞེས་པ་ལ་སྐུ་མཆེད་བདུན་བྱུང་བ་སྟེ། སྐྱ་དཔོན་ལེགས། བྱ་ཡུལ་བ། ཨ་ཡུལ་བ། ཆོས་ཀྱི་རྒྱལ་མཚན། ཚོང་དཔོན་ཁམ་ཐར། བཀྲ་ཤིས་དཔལ། བྱང་རྒྱལ་བའོ། ། ______________________ ཨ་ཀླུ་ལ་ཨ་ལུ་སོགས་འབྲི་ཚུལ་གཞན་ཡང་འདུག ཏྲེ་བོ་ཨ་ཀླུས་སྐུ་ཚེའི་སྨད་ལ་ཆུན་མ་སྲས་དང་བཅས་པ་ཁྲིད་ནས་མདོ་སྟོད་དུ་གནས་སྤོས། འདི་དག་གི་སྐབས་སུ་ཏྲེ་བོའི་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་ཐད་ཀར་བོད་བཙན་པོའི་རྒྱལ་རབས་རིམ་བྱོན་གྱི་ས་གནས་དཔོན་ཕྲན་གྱི་གོ་གནས་བཟུང་ནས་མཐའ་མཚམས་སྲུང་བ་དང་། ཡུལ་སྡེ་སྐྱོང་བ་སོགས་སྲིད་དོན་གྱི་བྱ་བ་གཙོ་བོར་བྱས་ཏེ་གནས་པ་ལས་རྒྱལ་ཁབ་གཞན་དང་འབྲེལ་བ་མེད་ལ། མི་རིགས་གཞན་གྱི་དབང་བསྒྱུར་འོག་ཏུའང་གྱུར་མེད་པས་རང་སྲིད་རང་གིས་སྐྱོང་བཞིན་གནས། ཏྲེ་བོའི་རྒྱལ་རབས་ཕྱི་མ་རྣམས་སུ་བོད་བཙན་པོའི་རྒྱལ་ཁབ་སིལ་བུར་གྱུར་ནས་གཅིག་གྱུར་གྱི་ནུས་པ་ཉམས་པའི་སྐབས་དེར་ས་གནས་རང་དུ་རྒྱལ་ཕྲན་གྱི་ཚུལ་དུ་གནས་ཤིང་ཏྲེ་བོ་རབ་ཁའི་གནས་གཞི་ཚོ་སྐོར་ཁ་ཤས་ལ་དབང་བསྒྱུར་ཏེ་རྒྱལ་སྲིད་བསྐྱངས་པར་མཛད། འདི་ཡན་གྱི་རྒྱལ་རབས་བཞི་བཅུ་ཞེ་བདུན་གྱིས་ཏྲེ་རབ་ཁར་རྒྱལ་སྲིད་བསྐྱངས། འདི་དག་ནི་བཙན་པོའི་སྐབས་དང་སིལ་བུའི་དུས་སྟོད་དུ་བྱུང་བའི་ཏྲེ་བོའི་རྒྱལ་རབས་སྔོན་མ་རྣམས་སྟེ་སྔ་དར་གྱི་རྒྱལ་རབས་ཞེས་ཀྱང་ཟེར་རོ། །

  སྨྲས་པ། 

རིགས་མཐོ་མི་རྗེ་འབྲུ་ཡི་གདུང༷་འཛིན་གདུང༷་རྒྱུད་མུ་ཏིག་ཚར་དུ་མངར། ། ཕུན་ཚོཊ་སྡེ་བཞིའི་དཔལ་གྱི་ར༷བ་འགེང་ར༷བ་ཁའི་གནས་གཞི་བདག་ཏུ་བཟུང་། ། ཉམས་ཆུང་འཁོར་འབངས་ཚོཊ་ཀྱི་བདེ༷་སྐྱིད་བདེ༷་བར་རྟག་ཏུ་བཀའ་ཡིས་བསྐྱངས། ། ཏྲེ་ཞེས་གྲགས་པའི་གདུང་རྒྱུད་འཛི༷ན་རྣམས་འཛི༷ན་མའི་ཁྱོན་འདིར་ངོ་མཚར་རྨད། ། ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གསུམ། གདན་ས་སྐུ་འབུམ་དུ་རྒྱལ་སྲིད་བསྐྱངས་ཚུལ་བཤད་པ།

༡ སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་རྒྱལ་རབས་དང་ནང་ཁུལ་སྲིད་དབང་འཕྲོག་ལེན་གྱི་འཐབ་རྩོད་ལ་བརྟེནནས་ནང་ཡ་གཉིས་སོ་སོར་གྱེས་ཚུལ།

རབ་བྱུང་གསུམ་པའི་མེ་སྟག་སྤྱི་ལོ༡༢༠༦ལོར་ཧོར་ཇིང་གེར་སོག་པོའི་རྒྱལ་པོར་བསྐོས་ནས་མོན་གོལ་རྒྱལ་ཁབ་གསར་དུ་བཙུགས། དེ་ནས་རིམ་བཞིན་མངའ་ཁོངས་རྒྱ་བསྐྱེད་བྱས་ཏེ་རབ་བྱུང་བཞི་པའི་ལྕགས་བྱ་སྤྱི་ལོ༡༢༦༡ལོར་ཡོན་རྒྱལ་རབས་དངོས་སུ་མགོ་ཚུགས། དུས་སྐབས་དེར་རྒྱ་ནག་གི་སུང་ལྷོ་མའི་རྒྱལ་རབས་དང་ཡོན་རྒྱལ་རབས་གཉིས་རྒྱལ་ཁབ་གཉིས་ཀྱི་ངོ་བོར་གནས། བོད་དུ་སིལ་བུའི་དུས་མཇུག་ཏུ་སླེབས་ཤིང་། མདོ་སྟོད་དུ་སྐུ་འབུམ་གྱི་རྒྱལ་སྲིད་ཆགས་འགོ་བརྩམས་པ་སྟེ། ཐོག་མར་དཔལ་ལྡན་འབའ་རོམ་དར་མ་དབང་ཕྱུག་གི་སློབ་ཆེན། ཤར་མི་ཉག་རྒྱལ་པོའི་དབུ་བླར་བྱོན་པའི་འགྲོ་མགོན་ཏི་ཤྲཱི་ཤེས་རབ་སེང་གེ་དེ་ཉིད་ཀྱི་སློབ་མ། རས་པ་དཀར་པོའམ་རས་དཀར་ཤེས་རབ་བྱང་ཆུབ་རབ་བྱུང་གསུམ་པའི་ས་རྟ་སྤྱི་ལོ༡༡༩༨ལོར་ཤར་མི་ཉག་འགའ་ཡི་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བཞི་པའི་མེ་སྤྲེལ་སྤྱི་ལོ༡༢༣༦ལོའི་ཟླ༦ཚེས༩ཉིན་ཏི་ཤྲཱི་རས་ཆེན་གཤེགས་རྫོགས་ཀྱི་འབུམ་པ་བཞེངས་པས་སྐུ་འབུམ་རྩ་བ་ཟེར། སྐུ་འབུམ་གྱི་ཆགས་སའི་གནས་ནི། ད་ལྟ་ནང་ཆེན་རྫོང་གི་གོང་རྫ་མེར་ཆེན་གནས་རིའི་ཉེ་ཞོལ་ཡིན། དེ་ནས་བཟུང་གནས་དེར་སྐུ་འབུམ་དུ་གྲགས། དེའི་དུས་སུ་སོག་པོའི་མི་རིགས་ཀྱིས་མངའ་ཁོངས་རྒྱ་སྐྱེད་དང་། ཡོན་རྒྱལ་རབས་གསར་འཛུགས་བྱས་ཞིང། རྒྱ་དང་མི་ཉག་སོགས་ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་དབང་དུ་བསྡུས་ཏེ། སྟོབས་འབྱོར་མངའ་ཐང་ཆེས་ཡང་རྩེར་སོན་པའི་དུས། སེ་ཆེན་རྒྱལ་པོའམ་རྒྱལ་བུ་གོ་བེ་ལར གྲགས་པས་མདོ་སྨད་དུ་དམག་དྲངས་ནས་སླེབས། རས་པ་དཀར་པོ་དཔོན་སློབ་མཇལ་དུ་བྱོན། འགྲོ་མགོན་རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་། གུང་སྒོམ་ཨའུ་མི་ཆོས་ཀྱི་དཔོན་དུ་བསྐོས། བླ་མ་རིན་པོ་ཆེ་ཏི་ཤྲཱི་རས་པ་གཤེགས་རྫོགས་ཀྱི་གདུང་འབུམ་དང་ལྷ་ཁང་བཞེངས་པའི་བཀའ་ལུང་ཞུས་པས་གནང་། ཕོ་བྲང་ནང་སོ་ཆེ་མོ་ནི་དེ་དུས་ཤར་མི་ཉག་ཡུལ་གྱི་ཤིང་བཟོ་བ་དང་རྡོ་བཟོ་བ་བོས་ནས། བཟོ་བཀོད་ཧ་ཅང་ལེགས་པར་བརྩེགས་པ་སྟེ། ཀ་བ་བརྒྱ་དང་ཉི་ཤུའི་མལ་ཐོག་གསུམ་གསེར་གྱི་བྱ་འདབ་དང་། གཉྫི་ར། བར་ཁྱམས། སྐོར་ལམ་དང་བཅས་པ། ཐོག་སྟེང་མར་བཀའ་བརྒྱུད་དང་། རྒྱུད་སྡེའི་ལྷ་བྲིས། འོག་མར་ཟངས་གསེར་གྱི་ཐུབ་ཆེན་སོགས་རྟེན་མཆོད་ཀྱི་རིམ་པ་འགྲན་ཟླ་དང་བྲལ་བ་བཞེངས། ཕྱི་ནང་གི་བཟོ་བཀོད་སོགས་གཙུག་ལག་ཁང་གི་རྣམ་པ་ཡིན་འདུག་ཀྱང་ཕྱིས་སུ་མདོ་སྟོད་མི་ཡི་ཆོལ་ཁའི་རྒྱལ་པོ་རྣམས་ཀྱིས་ཆོས་སྲིད་ཟུང་འབྲེལ་དུ་བསྐྱངས་སའི་རྒྱལ་སར་གྱུར་འདུག་ལ། གཙུག་ ______________________ ཡོན་སོག་པོའི་རྒྱལ་རབས་ནས་རྩིས་པའི་རྒྱལ་ཐོག་ལྔ་པ་དང་ཡོན་གོང་མའི་ཁྲི་ཐོག་དང་པོ་ཡིན། རྒྱ་སྐད་ལ忽必烈ཟེར། ཤོར་ཕུ་ཀརྨ་རབ་གསལ་དང་། སོ་རག་བྱ་བྲལ། དེ་བཞིན་ཚང་གསར་བློ་གྲོས་རིན་ཆེན་སོགས་ཀྱིས“སེ་ཆེན་རྒྱལ་པོའི་རྒྱལ་བུ་གོ་བེ་ལ”ཅེས་བཤད་པ་ནི་ནོར་བ་ཡིན་ཏེ། སེ་ཆེན་རྒྱལ་པོ་ནི་རྒྱ་སྐད་ལ忽必烈འབོད་པ་དེ་ཡིན་ལ། གོ་བེ་ལ་དང་དོན་གཅིག་རེད། ཡི་གེ་གཞན་དུ་ཧུ་བི་ལི་ཞེས་བྲིས་པའང་འདུག ལག་ཁང་རྒྱལ་ཁང་དུ་གྱུར་པའི་རྒྱུད་རིམ་འདྲ་ཆགས་འདུག དེ་ནི་དུས་སྐབས་དེར་གཞན་དབང་འོག་ནས་བོད་ཁམས་ཡོངས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་དུ་སོང་བའི་རྣམ་པ་ཞིག་རེད་ལ། མདོ་ཁམས་སྟོད་ལ་དབང་བསྒྱུར་བའི་བོད་ཀྱི་བླ་ཆེན་ཁག་དང་ཡོན་སོག་པོའི་རྒྱལ་ཁབ་བར་མཆོད་ཡོན་གྱི་འབྲེལ་བ་བྱུང་བའི་ཐོག་མའང་ཡིན། སྐུ་འབུམ་ནི་སིལ་བུའི་རྗེས་ཀྱི་ཁམས་སྒོམ་སྡེ་ནང་ཆེན་པའི་རྒྱལ་ས་ཐོག་མ་དང་། ཏྲེ་བོའི་རྒྱལ་རབས་ཀྱི་རྒྱལ་ས་གཉིས་པ་ཡིན་ལ། དེ་དུས་བོད་ཁམས་སིལ་བུར་གྱུར་ནས་མདོ་ཁམས་སྒང་དྲུག་ཏུ་ཅུང་མཐུས་སྒོ་ཚང་བའི་ཆོས་སྲིད་ཀྱི་བྱུང་བ་རྒྱས་སའི་ལྟེ་གནས་ནི་རས་ཚང་སྒོམ་སྡེ་འདི་ཡིན་འདུག་ལ། དེ་ནས་བཟུང་བོད་གཅིག་གྱུར་གྱི་རྒྱལ་པོའི་ལམ་ལུགས་རྩ་འཐོར་དུ་གྱུར་ཏེ། རྒྱལ་ཕྲན་སིལ་མ་མང་པོའི་ལམ་ལུགས་བྱུང་ནས་ལོ་ངོ༤༠༠ཡས་མས་འགོར་རྗེས། སླར་ཡང་ཆོས་ལུགས་གྲུབ་མཐའི་སྲིད་དབང་སམ་ཚོགས་སྡེའི་སྲིད་དབང་ལམ་ལུགས་ཀྱི་ལམ་དུ་སོང་བ་ཡིན་ལ། བོད་དུ་ས་སྐྱ་དང་། ཕག་གྲུ་སོགས་ཆོས་ལུགས་གྲུབ་མཐའ་ཆེ་ཁག་གིས་ལྟ་གྲུབ་གཙོ་བོར་བཟུང་ནས་སྲིད་དབང་སྒེར་འཛིན་དང་། དབང་བསྒྱུར་བྱེད་པའི་ལམ་ལུགས་བྱུང་བ་རེད། དེ་བཞིན་མདོ་སྟོད་འདིར་ཡང་གཙོ་བོ་འབའ་རོམ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་བླ་ཆེན་ཁག་གིས་དབང་བསྒྱུར་ཏེ་གནས། ལྷོ་བསྟན་འཛིན་ཉི་མས མ་ཤེས་ཤེས་ཁུལ་གྱིས་ ______________________ 《བོད་མདོ་ཁམས་ནང་ཆེན་དགེ་འབྲོང་ཡུལ་གྱི་སྣོད་བཅུད་ལུགས་གཉིས་ཀྱི་བྱུང་བ་བརྗོད་པའི་དེབ་ཐེར་ལྕི་ཟླའི་ཟེག་མ》ཞེས་པའི་ཤོག་གྲངས༤༢པའི་ཡིག་ཕྲེང་བཅུ་གསུམ་པར་གསལ། ནང་ཆེན་རྒྱལ་རབས་བཞི་བཅུ་ཞེ་བདུན་པ་ཏྲེ་བོ་ཨ་ཀླུ་དང་གུང་སྒོམ་ཨའུ་གཉིས་མི་གཅིག་མིང་གི་རྣམ་གྲངས་ཡིན་པར་བཤད་འདུག་པ་དང་། གུང་སྒོམ་ཞེས་པ་ནི་གོ་གནས་ཤིག་གི་མིང་རེད་ཅེས་སོགས་ཚད་ལྡན་ཁུངས་ཐུབ་ཀྱི་ལོ་རྒྱུས་ཡིག་རྙིང་ཁག་ཡར་བར་དོར་ཤིང་། རྫུན་བཤད་དང་འཁྱོག་བཤད་ཅི་རིགས་བྱས་འདུག་སྟེ། དེ་ཡང་ཉེ་རབས་སུ་རྒྱ་ཡིག་འབྲི་མཁན་ཞིག་གིས་བྲིས་པའི《ཡུལ་ཤུལ་བོད་རིག་རང་སྐྱོང་ཁུལ་གྱི་ལོ་རྒྱུས་རག་བསྡུས》ཞེས་པའི་རྫུན་མའི་ལོ་རྒྱུས་ཞིག་ཡོད་འདུག་པ་དེ་ལ་ཁུངས་གཏུགས་ཤིང་། དོན་དུ་ནང་ཆེན་རྒྱལ་རབས་གསེར་ཕྲེང་ཞེས་པའི་ཡིག་ཛར་ཞིག་ཡོད་འདུག་པ་དེའི་རྗེས་སུ་འབྲང་བ་ཡིན་འདུག་ལ། དེ་ཡང་རྒྱ་ཡིག་གིས་བྲིས་པའི《བོད་ཀྱི་ལོ་རྒྱུས་གནད་བསྡུས》ཞེས་པ་དེ་དག་ལ་གཞི་བྱས་པ་སྟེ་ཁུངས་མེད་རྫུན་སྒྲིག་བྱས་པ་ཁོ་ནའོ། ། ཚད་ལྡན་ཡིག་རྙིང་ཤོར་ཕུ་ཀརྨ་རབ་གསལ་གྱིས་བརྩམས་པའི《ནང་ཡ་གཉིས་རི་ཁག་བཅོ་བརྒྱད་ཀྱི་བྱུང་བ་གསལ་བར་བྱེད་པ་སྔོན་མེད་གསལ་བའི་གཏམ་སྙན་མེ་ན་ཀའི་ཟུར་སྟེགས་གཟུགས་འཛིན་དབང་པོའི་ལྕགས་ཀྱུ》 ཞེས་པར“ཧོར་སེ་ཆེན་རྒྱལ་པོའི་རྒྱལ་བུ་གོ་བེ་ལར་གྲགས་པའི་དུས་ཟླ་རྒྱུད་དུ་དམག་དྲངས་ནས་མདོ་སྨད་དུ་བྱོན། རས་པ་དཀར་པོ་དཔོན་སློབ་དང་ གུང་པ་ཨའུ་སོགས་མཇལ་དུ་ཕེབས་ནས། སྐུ་འབུམ་ཆེན་མོའི་དོན་དུ་གཙུག་ལག་ཁང་བཞེངས་ ______________________ ཤོར་ཕུ་ཀརྨ་རབ་གསལ་གྱི་བརྩམས། ད་བར་མི་ལོ༣༦༠ཙམ་འདས། འདི་ལ་འབྲོང་པ་རྒྱལ་པོའི《དེབ་ཐེར་སྨུག་པོར》 《འབའ་རོམ་གསེར་ཕྲེང་སྟག་གི་གཟུགས་དབང་》ཞེས་འབྱུང་བ་ནི་ཁུངས་ལྡན་གྱི་ལོ་རྒྱུས་དངོས་མ་གསན་པའི་ཡིག་ནོར་རོ། ། པའི་བཀའ་ལུང་ཞུས་པས་རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་། གུང་པ་ཨའུ་མི་ཆོས་ཀྱི་དཔོན་དུ་བསྐོས། གནས་དྲུག་ཁྲི་སྐོར་ཆབ་འབངས་སུ་ཕུལ”ཞེས་གསུངས་པ་ལས་གུང་སྒོམ་ཨའུ་ལ་ཏྲེ་བོ་ཨ་ཀླུ་སོགས་ཀྱི་ཚིག་ཟུང་ཙམ་ཡང་མ་བྱུང་ལ། ཡང་སོ་རག་བྱ་བྲལ་གྱིས་མཛད་པའི《འབའ་རོམ་གསེར་ཕྲེང་རིན་ཆེན་རྒྱན་ཕྲེང་》 ཞེས་པའི་ཡིག་རྙིང་ལས་ཀྱང་། “དེ་ནས་སེ་ཆེན་རྒྱལ་པོའི་རྒྱལ་བུ་གོ་བེ་ལར་གྲགས་པའི་དུས་སུ་མདོ་སྨད་དུ་ཕེབས་པ་ལ། རས་པ་དཀར་པོ་དང་གུང་སྒོམ་ཨའུ་ལ་སོགས་དཔོན་སློབ་རྣམས་མཇལ་དུ་བྱོན་ཞིང་། སྐུ་འབུམ་ཆེན་མོ་བཞེངས་པའི་དོན་དུ་གཙུགས་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས། གུང་སྒོམ་ཨའུ་གནས་དྲུག་ཁྲི་སྐོར་གྱི་དཔོན་དུ་བསྐོས་ཞིང་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་གནང”ཞེས་དང་། “གུང་སྒོམ་ཨའུ་ནི་རུས་གུང་པ་ཡིན་ཞིང་། རས་པ་དཀར་པོའི་སྐུ་ཚེའི་སྨད་ལ་ཧོར་ཁྲིམས་བོད་ལ་འཇགས་པའི་དུས་སུ་སྐུ་འབུམ་རྩ་ཡི་སྒོམ་པ་མཛད། དེ་ནས་གནས་དྲུག་ཁྲི་བསྐོར་ཡང་ཞབས་སུ་བཅུགས་ཅིང་ཁྲི་དཔོན་གྱི་ལས་ཀ་བཟུང་ནས་བསྟན་པའི་ཞབས་ཏོག་མཛད”ཅེས་སོགས་ཞིབ་པར་གསལ་བས་འདི་དག་མ་གསན་པར་ཁུངས་གང་ཞིག་ལ་གཏུགས་པ་ཡིན། ཀླད་ཆེན་དུ་བཀའ་ལ་བབ་སམ། སྨྱུག་རྩེ་ནས་ཐོལ་གྱིས་འབུས་སོང་། ཡང་ལོ་རྒྱུས་རྫུན་མ་དེ་དག་ལ་གཞི་བྱས་པ་ཡིན་ཟེར་ན་ནི། ཁྱེད་རང་དྲང་པོའི་སྤྱན་གྱིས་མ་གཟིགས་པ་སྟེ་གོང་ནས་བརྗོད་པ་བཞིན་ལོ་རྒྱུས་དེ་ནི་རྫུན་ཡིག་རྣར་མི་འགྲོ་བ་ཞིག་སྟེ། དེའི་དོན《ཁམས་སྟོད་ལོ་རྒྱུས་ཐོར་བསྡུས》ཀྱི་སྨད་ཆར་ ______________________ སོ་རག་བྱ་བྲལ་གྱི་བརྩམས། ད་བར་མི་ལོ༤༣༠ཙམ་འདས། ལྡན་མས་ཀྱང་མཛུབ་མོ་རི་སྟོན་གྱིས་རྫུན་རྐུབ་བརྟོལ་ཡོད་པས་འདིར་མང་པོ་བརྗོད་པའི་དགོས་པ་ཆུང་། གུང་སྒོམ་ཨའུ་ནི་བ་ཡན་གྱི་མི་རྒྱུད་སྐྱོ་བྲག་ཏུ་ཆགས་པའི་མི་སྣ་གྲགས་ཅན་ཞིག་ཡིན་ཚུལ་ལོ་རྒྱུས་ཁག་གཞན་ནས་ཀྱང་གསལ། སྐུ་འབུམ་སྐབས་ཀྱི་ནང་ཆེན་པའི་རྒྱལ་རབས་བགྲངས་སྐབས་གདན་རབས་དང་། རྒྱལ་རབས་གཉིས་སོ་སོར་བགྲང་ཁུལ་བྱེད་ཀྱང་དོན་དུ་གདན་རབས་ཟེར་ཡང་འདྲ། གདུང་རབས་ཟེར་ཡང་འདྲ་སིལ་བུའི་དུས་སྐབས་ཀྱི་ཁམས་སྒོམ་སྡེ་ནང་ཆེན་པའི་ཆོས་སྲིད་ཀྱི་མཛད་སྒོ་ཐོག་མར་ཕོ་བྲང་ནང་སོ་ཆེ་མོ་བརྩེགས་ཤིང་། རས་པ་དཀར་པོ་དང་། གུང་སྒོམ་ཨའུ་གཉིས་ཀྱིས་ཆོས་སྲིད་ལུགས་གཉིས་ལ་མངའ་དབང་སྒྱུར་བ་ནས་བཟུང་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོར་རྒྱལ་རབས་ལྔ་བྱུང་བའི་རྗེས་སུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་སོ་ཆེན་མོའི་ཁྲིར་ཕེབས་པ་ཡིན་པས། དེ་ནས་གཟོད་ནང་ཆེན་པའི་རྒྱལ་རབས་ཕྱི་མ་རྣམས་བགྲངས་དགོས་ལ། དེ་ཡང་ཐོག་མར་རས་དཀར་དང་། གུང་པ་ཨའུ་གཉིས་ནས་ཆོས་སྲིད་སོ་སོ་ལྟ་བུའི་མཛད་བཟང་བསྐྱངས་ཤིང་། དེ་རྗེས་ཆོས་སྲིད་ཟུང་འབྲེལ་ལྟ་བུའི་མི་གཅིག་གིས་མཛད་པ་སྟེ། དེ་དུས་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ཀྱིས་བོད་ཁམས་ཡོངས་ལ་དབང་སྒྱུར་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་འགོ་ཚུགས་པའི་དུས་སྐབས་ལགས་པས། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ལུས་མེད་རྡོ་རྗེ་མདོ་སྟོད་མི་ཡི་ཆོལ་ཁའི་རྗེ་བོར་བསྐོས་ཤིང་ཆོས་སྲིད་ལུགས་གཉིས་ལ་དབང་བསྒྱུར་བ་རེད། ཁྲི་འཛིན་གཉིས་པ་ལུས་མེད་རྡོ་རྗེ་ནས་རིམ་པར་བྱང་ཆུབ་གཞོན་ནུ། བྱང་ཆུབ་མགོན་པོ། ཡོན་ཏན་དཔལ། དེ་ནས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་བར་དུ་ཆོས་སྲིད་ཀྱི་ལས་ཀ་ཚར་དུ་དངར་ཡོད་ལ། ཏྲེ་བོའི་རྒྱལ་རྒྱུད་ཀྱིས་ཁམས་སྒོམ་སྡེ་ནང་ཆེན་པར་དབང་བསྒྱུར་བའི་རྒྱལ་པོ་ཐོག་མའང་འདི་ནས་ཡིན་དགོས་པ་ལས། ཁྱོད་ཀྱི་བཤད་སྟངས་ལྟར་གུང་སྒོམ་ཨའུ་ནས་ཆོས་ཀྱི་རྒྱལ་མཚན་བར་མཆོང་ལྡིང་གཅིག་གིས་ཐོད་བརྒལ་བྱས་སོང་བ་ག་ལ་ཡིན་ཏེ། ལོ་ཚིག་ཁག་གཤིབ་བསྡུར་བྱས་པས་ཀྱང་ཤེས་སླ། རྒྱུད་རིམ་ཙམ་བྱས་ནའང་གུང་སྒོམ་ཨའུ་འདས་རྗེས་ཚུལ་པ་ཤེས་རབ་དཀོན་མཆོག་དང་། ལྷ་ཤཱཀྱ་རྒྱལ་བ་གཉིས་ཀྱིས་ས་སྐྱ་གོང་ནས་གསེར་ཡིག་དང་དངུལ་ཡིག་གི་ལས་ཀ་བླངས་ནས། ཟུར་དུ་རྒྱལ་ཁྲིམས་ཀྱི་ཞབས་ཏོག་མཛད་པ་སྟེ། དེ་དག་གི་རྒྱུད་པ་ཕྱིས་ཀྱི་བར་དུ་བྱུང་བ་སོགས་ཡིག་རྙིང་ལས་ཧ་ཅང་གསལ་བས་རྒྱལ་རབས་དངོས་དེ་ནས་བགྲངས་རྒྱུ་མེད་པ་མཁྱེན་དགོས། སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་འཛིན་རྒྱལ་རབས་ནི་རས་དཀར་ནས་རིམ་པར་རྒྱུད་པ་སྟེ་ཡོན་ཏན་དཔལ་གྱི་རྗེས་སུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་སོ་ཆེན་མོའི་ཁྲིར་ཕེབས་པའི་རིམ་པ་ནི་ཁམས་སྒོམ་སྡེ་སྐུ་འབུམ་གྱི་རྒྱལ་རབས་རིམ་བྱོན་རེད། གཞན་ཡང་གུའི་གུང་ཞེས་པ་ནི་ཆིང་གུའི་གུང་勤国公སྟེ། ཡོན་རྒྱལ་རབས་དང་། མིང་རྒྱལ་རབས་སྐབས་ཀྱི་གོ་གནས་ཤིག་གི་མིང་ཡིན་ནའང་གུང་སྒོམ་ཨའུའི་གུང་ནི“གུའི་གུང”གི་གོ་གནས་ཤིག་ཡིན་ཟེར་བ་འགྲེལ་ནོར་ཏེ། མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡིག་རྙིང་སོ་རག་པའི་གསེར་ཕྲེང་ལས། “གུང་སྒོམ་ཨའུ་ནི་རུས་གུང་པ་ཡིན་ཞིང་”ཞེས་གསལ་བོར་གསུངས་པ་ལྟར་ལགས་ཤིང་། ཡིག་རྙིང་རྣམས་ལས་གུང་སྒོམ་ཨའུ་ལ་གུའི་གུང་ཨའུ་འམ་གུའི་གུང་ཨ་ཀླུ་སོགས་ཀྱི་ཐ་སྙད་མ་བྱུང་ངོ་། ། གུང་སྒོམ་ཨའུ་དང་ཏྲེ་བོ་ཨ་ཀླུ་བར་གྱི་འཁྲུལ་གཞི་འདི་མཐར་གཏུགས་ན《 ནང་ཆེན་ རྒྱལ་རབས་གསེར་འཕྲེང》 ཞེས་པའི་མིང་ཕྲེང་ཞིག་ཡོད་འདུག་པ་དེ་རེད། དེ་ཉིད་ཀྱང་ཕྱིས་ཕྱོགས་ཞེན་ཅན་ཞིག་གི་ཕྱག་མཛུབ་གཡོས་ཏེ་སྐུ་འབུམ་གྱི་རྒྱལ་རབས་དང་པོ་ནང་ཆེན་པའི་གདུང་རྒྱུད་ཀྱིས་འཛིན་པར་བྱས་པ་ཙམ་ལས་དོན་དུ་གཞི་འཛིན་ས་ཡོད་པའི་ལོ་རྒྱུས་ཞིག་མིན་པ་ཤེས་དགོས། ད་དུང་ལོ་རྒྱུས་ཀྱི་བྱུང་རབས་དང་། མི་སྣ་འགའི་ལོ་རྒྱུས། ས་མུ་ཆོད་མཚམས་སོགས་ལ་ཕོ་ཚོད་ཀྱིས་ནག་ཐིག་ཅི་རིགས་བཏབ་འདུག་ཀྱང་འདིར་མ་སྨྲས། འདས་པའི་བྱུང་བ་ནི་ལོ་རྒྱུས་ཀྱི་དཔང་པོ་དང་། ཕྱི་རབས་མི་བུའི་མེ་ལོང་ལྟ་བུ་ཡིན་པས། དངོས་དོན་གཤའ་མ་ཚུལ་བཞིན་འབྲི་འོས་པ་ལས། མུན་ནག་ལག་སྙོབ་ཀྱིས་འོལ་ཚོད་དུ་རྫུན་སྒྲིགས་བྱས་ཏེ་ནག་ཐིག་འདེབས་ག་ལ་རུང་། དེ་བས་རང་མགོ་རང་གིས་མི་སྐོར་བར་མཁྱེན་ཞེས་ཞུའོ། ། འབྲོང་པ་བླ་རྒན་རྒྱལ་པོས་ཀྱང་མི་ཡི་འབྱུང་ཁུངས་ལྷ་ལ་གཏུགས་ནས་ལྷ་སྒྲུང་གི་སྒྲོག་རྒྱབ་ཅིང་། ཆོས་ལུགས་གྲུབ་མཐའི་དྲྭ་རྒྱར་བཙུད་པའི་གཏམ་ཉོབ་འདྲ་མ་འདྲེས་མང་པོ་ཕྱོགས་ཞེན་དང་ཆེ་འདོད་ཀྱིས་བྲིས་འདུག་ཀྱང་སྒོས་པ་ཆུང་བས་གནས་སྐབས་གཏང་སྙོམས་སུ་བཞག་པ་ཡིན། དེ་དག་ནི་ཟུར་འཕྲོས་སོ། ། ད་ནི་ལོ་རྒྱུས་གཞུང་ལ་འཇུག་པར་བྱ་སྟེ། གོང་གི་རས་པ་དཀར་པོ་དང་། གུང་སྒོམ་ཨའུ་གཉིས་སོ་སོར་ཆོས་སྲིད་ལུགས་གཉིས་ཀྱི་དཔོན་པོར་བསྐོས་ནས། གནས་དྲུག་ཁྲི་སྐོར་དུ་གྲགས་པ་ཆབ་འབངས་ཀྱི་ལྷ་སྡེར་ཕུལ། དེར་གནས་གཞི་དྲུག་སྟེ་རྟམ་མཁར་སྐྱ། ཆམ་མཁར་དམར། རྫ་གྱིང་ཐང་། ལྕི་དབེ་ཧུ། ལྷོ་རྟ་ཤོད། འདན་རག་ཐག་དྲུག་ཡིན་ལ་གནས་གཞི་རེ་རེར་ཁྲི་སྡེ་གཉིས་རེ་བསྡོམས་ཁྲི་སྐོར་བཅུ་གཉིས་ཡོད་པར་གྲགས། གོང་གི་གནས་དྲུག་རྟ་ཤོད་ནི་སྔོན་མ་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་གྲས་ཡིན། དཔེར་ན་ལྷོ་རྟ་ཤོད་ནི“རྟ་ཤོད”དེ་དེང་སང་སྟེང་ཆེན་གྱི་མངའ་ཁུངས་སུ་ཡོད་པ་ལྟ་བུའོ། ། གཙུག་ལག་ཁང་བཞེངས་པའི་བཀའ་ལུང་དང་། ཁྲོ་ཐམ་ཆེན་མོ། གོས་དར་གསེར་དངུལ་སོགས་མཐོང་གཟིགས་བླ་ན་མེད་པར་མཛད། སྐུ་འབུམ་དང་གཙུག་ལག་ཁང་ཕོ་བྲང་ནང་སོ་ཆེན་མོ་སོགས་དེའི་དུས་སུ་བཞེངས། དེ་ནས་བཟུང་གཞིས་ཁག་དྲུག་ནས་དཔྱ་ཁྲལ་སྡུད་ཅིང་སྐུ་འབུམ་དུ་འབུལ། གུང་སྒོམ་ཨའུའི་རྩ་བའི་གདན་ས་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོར་སྲིད་བསྐྱངས། དེ་རྗེས་རས་པ་དཀར་པོ་དང་། གུང་སྒོམ་ཨའུ་གཉིས་འདས་རྗེས་མདོ་ཁམས་སྐུ་འབུམ་གྱི་ཆོས་སྲིད་ལུགས་གཉིས་ཀྱི་རྩ་བའི་གདན་ས་འཛིན་མཁན་མི་གཅིག་གིས་མཛད་པ་ཡིན། ཁྲི་རབས་གཉིས་པ། ལུས་མེད་རྡོ་རྗེ་ནི། རབ་བྱུང་བཞི་པའི་མེ་ཕག་སྤྱི་ལོ༡༢༢༧ལོར་སྐུ་འཁྲུངས། འགྲོ་མགོ་འཕགས་པ་བློ་གྲོས་རྒྱལ་མཚན་བོད་ཆོས་སྲིད་གཉིས་ཀྱི་བདག་པོ་བྱས་ཤིང་ཧོར་ཡུལ་ནས་ཡར་བོད་ལ་ཕེབས་ཏེ། མདོ་སྟོད་རྒྱུད་ནས་བྱོན་པའི་དུས། སྐུ་འབུམ་གྱི་མི་སྡེ་ཆེ་བགྲེས་རྣམས་བྱོན་ནས་འབུལ་ཞབས་བཟང་པོ་བྱས། ངེད་ཀྱི་བླ་མ་གཤེགས་ཏེ་མི་བཞུགས། ད་ཁྱེད་བོད་སེར་ཆགས་ཡོངས་ཀྱི་བདག་པོར་གྱུར་པས་གདན་ས་འདིར་རྒྱུད་འཛིན་པ་ཞིག་བསྐོ་བར་ཞུ་ཞུས་པས། ཁོང་གིས་འགྲོ་མགོ་རས་པ་དཀར་པོའམ་རས་དཀར་ཤེས་རབ་ ______________________ ཞིབ་པར《སྐུ་འབུམ་གྱི་བྱུང་བ》ཞེས་པར་གཟིགས། བྱང་ཆུབ་ཀྱི་སློབ་མ་སྤྱན་སྔ་ལུས་མེད་རྡོ་རྗེར་ སྐུ་འབུམ་གྱི་གདན་ས་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་ལ་བཞུགས་དགོས་པའི་བཀའ་ལུང་དང་། གོ་གནས། ལས་ཐམ། འཇའ་ས། ལུགས་གཉིས་ཀྱི་རྫོང་དར་བཅས་བསྐོ་བཞག་མཛད་པ་བཞིན། ལུས་མེད་རྡོ་རྗེ་དགོང་གྲངས་སུམ་ཅུ་སོ་དགུ་བཞེས་པ༡༢༦༥ལོར་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་འཁོད། གོང་ནས་ཆོས་དང་ཆབ་སྲིད་ཀྱི་རྗེ་བོ་མི་གཉིས་ཀྱིས་མཛད་ཀྱང་དེ་རྗེས་ལུགས་གཉིས་མི་གཅིག་གིས་སྐྱོང་བའི་ལམ་ལུགས་བྱུང་བ་དེའི་རྗེས་སུ་འབྲང་བ་ཡིན་འདུག་ལ། དེ་ནས་བཟུང་སྒོམ་སྡེ་ནང་ཆེན་པའི་ཆོས་སྲིད་ཟུང་འབྲེལ་གྱི་གཞི་ཐོག་མར་བྱུང་། འབྲོང་དཔོན་རྒྱལ་པོས ཏི་ཤྲཱི་རས་ཆེན་གྱི་དངོས་སློབ་གསང་བ་ལུས་མེད་རྡོ་རྗེ་ཞེས་མ་བརྟག་མ་དཔྱད་པར་གྱ་ཚོམ་དུ་སྨྲས་ འདུག་པ་ནི་ནོར་བ་སྟེ་དོན་དུ་ཏི་ཤྲཱི་རས་ཆེན་གྱི་སློབ་མ་རས་པ་དཀར་པོའམ་རས་དཀར་ཤེས་རབ་བྱང་ཆུབ་དང་། དེའི་སློབ་མ་གསང་བ་ལུས་མེད་རྡོ་རྗེ་ཡིན་པ་ནི《 འབའ་རོམ་གསེར་ཕྲེང》 སོགས་ལས་ཡོངས་གྲགས་ལྟར་རོ། ། ལུས་མེད་རྡོ་རྗེའི་ལོ་ཉི་ཤུ་རྩ་བརྒྱད་རིང་ཆོས་སྲིད་ལུགས་གཉིས་ཀྱི་བདག་རྐྱེན་མཛད། དགུང་གྲངས་དྲུག་ཅུ་རེ་དྲུག་བཞེས་པ་རབ་བྱུང་ལྔ་པའི་ཆུ་འབྲུག་སྤྱི་ལོ༡༢༩༢ལོར་གཤེགས། ཁྲི་འཛིན་གསུམ་པ། རིགས་དབོན་བྱང་ཆུབ་གཞོན་ནུ་ཡིན་ཏེ། རབ་བྱུང་བཞི་པའི་ཤིང་སྟག་སྤྱི་ལོ ༡༢༥༤ལོར་ཀྱེ་ལ་ཁར་འཁྲུངས། གསེར་གདུང་ཆེན་མོའི་གཡོན་ངོས་སུ་གདུང་འབུམ་དང་། ______________________ འབྲོང་དཔོན་རྒྱལ་པོས་བརྩམས་པའི《ལྡོང་འབྲོང་པའི་དེབ་ཐེར་སྨུག་པོ》ཤོག་ངོས༩༦པའི་ཡིག་ཕྲེང༧པར་གསལ། ལྷ་ཁང་འབུམ་ཆུང་བྱ་བ་སུམ་རྩེགས་ཅན། ཐུབ་པའི་གསེར་སྐུ་ཆེན་མོ་སོགས་བཞེངས། ལྡན་མ་འཇམ་ཚུལ་གྱིས བྱང་ཆུབ་གཞོན་ནུས་སྤྱི་ལོ༡༡༩༢རབ་མདའ་ཆུ་འབྲུག་ལ། གསེར་གདུང་ ཆེན་མོའི་གཡོན་ངོས་སུ་ལྷ་ཁང་འབུམ་ཆུང་བྱ་བ་སུམ་བརྩེགས་ཅན། ཐུབ་པའི་གསེར་སྐུ་ཆེན་མོ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མཆོད་བསམ་ལས་འདས་པ་བཞེངས་ཞེས་ལོ་ཚིགས་གཟི་བརྗིད་ཅན་ཞིག་དང་། ལོ་ཁམས་སྙན་མོ་ཞིག་འོལ་ཚོད་ཀྱིས་བཙན་བསྒྲིགས་བྱས་འདུག ལོ་ཚིགས་དེའི་དབང་དུ་བྱས་ན་བྱང་ཆུབ་གཞོན་ནུ་མ་འཁྲུངས་སྔོན་གྱི་རབ་བྱུང་གསུམ་པའི་སྐོར་ཡིན་ལ། དེ་ལྟར་ན་རབ་མདའ་ཆུ་འབྲུག་ཞེས་པ་དེའང་ནོར་ཏེ། ༡༡༩༢ཀྱི་དབང་དུ་བྱས་ན་རབ་མདའ་ཆུ་འབྲུག་མ་ཡིན་པར་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ཡིན་ནོ། ། གང་ལྟར་ལོ་རྒྱུས་སྨྲ་བ་པོའི་ཐུགས་ཉམས་མ་བཞག་པའམ། ཡང་ན་འོལ་ཚོད་དུ་བྲིས་པ་གང་ཡིན་ཆ་མ་འཚལ་ནའང་ལོ་ཚིགས་དེ་ནི་ནོར་བ་རྔམས་པོ་ཆེ་ཞིག་སྟེ། བྱང་ཆུབ་གཞོན་ནུ་རབ་བྱུང་བཞི་པའི་ཤིང་སྟག་སྤྱི་ལོ༡༢༥༤ལོར་འཁྲུངས་པ་ལོ་རྒྱུས་ཀུན་ལས་ཡོངས་གྲགས་ཡིན་པས་གོང་གི་ལོ་ཚིག་དེ་འཇུག་སའི་གནས་མེད་དོ། ། ལུས་མེད་རྡོ་རྗེ་གཤེགས་རྗེས་ལྷ་ཆེན་ཚུལ་ཁྲིམས་སེང་གེ་གཙོར་བྱས་པའི་རས་ཚང་སྒོམ་སྡེའི་ མི་སྡེ་ཐུན་མོང་ནས། རབ་བྱུང་བཞི་པའི་ཆུ་སྦྲུལ་སྤྱི་ལོ་༡༢༩༣དགུང་གྲངས་བཞི་བཅུ་ཐོག་སྐུ་འབུམ་གྱི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོར་མངའ་གསོལ། ལོ་གཅིག་ལྷག་མ་འཁོར་བར་ནང་ཁུལ་ ______________________ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི《ཁམས་སྟོད་ལོ་རྒྱུས་ཐོར་བསྡུས》ཀྱི་ཤོག་ངོས༤༧པར་གསལ། ནས་ཕྲག་དོག་གི་རྣམ་པ་བྱུང་བའི་རྐྱེན་གྱིས་རབ་བྱུང་བཞི་པའི་ཤིང་རྟ་སྤྱི་ལོ༡༢༩༤ལོར་ཚང་མང་གསར་པ་ཞིག་བྱ་དགོས་གསུངས་ནས། ཟུར་དུ་ཕོ་བྲང་གསར་པ་ཞིག་བརྩིགས་ཏེ་དེར་བཞུགས་པས་རྩ་བའི་གདན་ས་ནང་ཡ་གཉིས་སུ་གྱེས། བྱང་ཆུབ་གཞོན་ནུ་ཚང་གསར་པའི་ཁྲི་འཛིན་མཛད། ཚང་གསར་པའི་མཚན་དོན་ཐོག་མའང་དེ་ནས་བྱུང་བ་ཡིན། ཚང་གསར་ཅེས་པའི་ཐ་སྙད་འདིའི་འབྱུང་ཁུངས་ལྷ་སྒྲུང་དང་བཤད་རྒྱུན་གཞན་ལ་གཏུགས་ནས“ཚངས་གསར” དང་“ཚང་སར”སོགས་འབྲི་མཁན་མང་པོ་འདུག་ཀྱང་། དེ་ཚོ་ལྷ་སྒྲུང་གི་ཤས་ཆེ་ཞིང་། གཞི་འཛིན་ས་མེད་པའི་རང་འདོད་ཀྱིས་ཕྱོགས་ཞེན་འཐེན་ཁྱེར་ཙམ་དུ་ཟད་ལ། འདི་ནས་ཡོངས་གྲགས་ལོ་རྒྱུས་དངོས་ལྟར་རྒ་རྗེ་རྒྱལ་པོའི་གདུང་ལས་བྱོན་པའི་གསང་བ་ལུས་མེད་རྡོ་རྗེའི་དབོན་བྱང་ཆུབ་གཞོན་ནུས་ཚང་མང་གསར་པ་བཞེངས་པས་ཚང་གསར་པའི་མཚན་དོན་ཐོག་མ་བྱུང་ཞིང་། རིམ་བཞིན་མིང་དེ་་གནས་ཡུལ་དང་རུས་རྒྱུད་ལ་ཐོག་པ་ཞིག་ཡིན་ཕྱིར “ཚང་གསར”ཞེས་བྲིས་ན་དོན་ལ་གནས་པའོ། །

 “སྒོམ(དགོན)རི་ཁག་བཅོ་བརྒྱད”ཅེས་པ་དེ་དག་ཀྱང་འདི་པའི་སྐུ་རིང་ལ་གྱེས་ཤིང་བརྒྱུད་པ་ཡིན།     ཚང་གསར་པའི་དབོན་རྒྱུད་ཚང་མང་གསར་པའི་ཁྲི་འཛིན་རྣམས་ཀྱང་ཕྱིས་ཀྱི་བར་དུ་ནང་ཆེན་རྒྱལ་རྒྱུད་ལྟར་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་འདྲ་མཉམ་དུ་སྐྱོང་བའི་དཔོན་བརྒྱུད་ཅིག་ཡིན། དེ་ནས་བཟུང་ནང་ཡ་གཉིས་ཞེས་པའི་མཚན་དོན་ཐོག་མར་ཆགས།   ལྡན་མ་འཇམ་ཚུལ་སོགས་འགའ་ཞིག་གིས་ནང་ཡ་གཉིས་ཞེས་པ་ཕྱིས་ནང་ཆེན་གྱི་རྒྱལ་སྲིད་ཡ་གསུམ་སྟོད་མ་དང་ལྷན་དུ་བསྐྱངས་སྐབས་དེ་ལྟར་དུ་གྲགས་པ་ཡིན་ཏེ།      དེ་སྔོན་ནང་ཡ་ཞེས་པའི་ཐ་སྙད་མི་འབྱུང་ཞེས་པ་ནི་མ་མཐོང་བ་སྟེ་ནང་ཡ་གཉིས་ཞེས་པའི་ཐ་སྙད་འདི། 《ཆོས་འབྱུང་མཁས་པའི་དགའ་སྟོན》དང་། 《འབའ་རོམ་གསེར་ཕྲེང་》 《ནང་ཆེན་རྒྱལ་རབས》སོགས་སྔོན་གྱི་ཡིག་རྙིང་ཁག་ལས་སྒོམ་སྡེ་ནང་ཚང་གཉིས་སོ་སོར་གྱེས་པ་ནས་བཟུང་ནང་ཡ་ཞེས་པའི་ཐ་སྙད་འདི་མཐོང་དུ་ཡོད་པས་མཚོན།   ནང་ཡ་གཉིས་ཞེས་པ་ནི་རས་ཚང་སྒོམ་སྡེའི་གཉེན་ཡ(ཡ་ཞེས་པ་ནི་ཟླ་ལ་གོ་དགོས་སྟེ། ཆ་ཡ་ལྟ་བུ།)ཚང་གསར་པ་བྱུང་ཞིང་རྩ་བའི་གདན་ས་གཉིས་སུ་གྱེས་པ་ལས་ནང་ཡ་གཉིས་ཞེས་གྲགས་པ་བྱུང་བ་ཡིན་ནོ།   ། 

རབ་བྱུང་ལྔ་པའི་ཤིང་རྟ་སྤྱི་ལོ༡༢༩༤ལོར་རྩ་བའི་གདན་ས་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་འཛིན་བཞི་པར་བྱང་ཆུབ་མགོན་པོ་བཞུགས་ཀྱང་། རིང་པོར་མ་ལོན་པར་རྐྱེན་ལམ་དུ་སྐུ་གཤེགས། དེ་རྗེས་ཁྲི་འཛིན་ལྔ་པར་ཁོང་གི་དབོན་ཡོན་ཏན་དཔལ་ཕེབས་པ་སྟེ། ཡོན་ཏན་དཔལ་གྱིས་ས་སྐྱ་གོང་ནས་བཀའ་ལུང་ཞུས་ཏེ། རབ་བྱུང་བཞི་པའི་ཤིང་ལུག་སྤྱི་ལོ༡༢༩༥ལོར་ནང་སོ་ཆེན་མོའི་ཁྲིར་ཕེབས་ནས་ལོ་ཤས་ཆོས་སྲིད་ལུགས་གཉིས་ཀྱི་སྲིད་ཁྲི་འཛིན་པར་མཛད། མི་རིང་བར་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན ནང་སོ་ཆེན་མོའི་ཁྲིར་ཕེབས་འདུག འདི་དག་གི་སྐབས་སུ་ལུས་མེད་རྡོ་རྗེའི་གདུང་རྒྱུད་དང་། བྱང་ཆུབ་མགོན་པོ། ཡོན་ཏན་དཔལ་སོགས་རས་ཚང་སྒོམ་སྡེའི་བླ་ཆེན་དང་། མི་ཆེན་དཔོན་པོ་དག་གི་བར་དབང་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་རིས་ ______________________ ཤོར་ཕུ་པའི་ཡིག་རྙིང་ལས་ཡོན་ཏན་དཔལ་གྱི་རུས་དབོན་ཏྲེ་བོ་ཆོས་རྒྱལ་མཚན་ཡིན་ཟེར་མོད། དེ་ལྟར་ན་ལོ་རྒྱུས་སྔ་ཕྱི་དང་གོང་འོག་མི་འགྲིག་པའི་སྐྱོན་མང་དུ་མཆིས། ཀྱི་ནང་ཁུལ་འཁྲུགས་རྩོད་ཞིག་བྱུང་ཡོད་འདུག་སྟེ། གོང་ནས་བྱང་ཆུབ་གཞོན་ནུ་ནང་སོ་ཆེན་མོའི་ཁྲི་ལ་བཞུགས་ཀྱང་འདུག་མ་བདེ་བར་ཟུར་དུ་ཕེབས་པ་དང་། དེ་བཞིན་བྱང་ཆུབ་མགོན་པོ་ཁྲི་ལ་བཞུགས་ཀྱང་ལོ་གཅིག་ལྷག་ལས་མ་འགོར་བར་རྐྱེན་ལམ་དུ་གཤེགས་པ་སོགས་ཀྱིས་མཚོན་མདོར་ན་དེ་དུས་སྲིད་དབང་འཕྲོག་རིས་ཀྱི་འཐབ་རྩོད་མི་ཆུང་བ་ཞིག་བྱུང་ཡོད་པའི་ཚོད་དཔག་བྱེད་ཐུབ་སྟེ། རྩ་བའི་གདན་ས་ནང་ཡ་གཉིས་སུ་གྱེས་པའི་རྒྱུ་རྐྱེན་ཡང་དེ་དག་ལ་ཐུག་འདུག་པས་སོ། ། གཞན་ཡང་དེ་དག་གི་སྐབས་སུ་ལྷ་ནང་ཚུལ་གསུམ་བྱ་བར་གྲགས་པ་བྱུང་བ་ལས། ནང་སོ་པ་ནི། ཆོས་རྗེ་རས་དཀར་བ་དང་ལུས་མེད་རྡོ་རྗེ་ནས་བརྒྱུད་པའི་ནང་སོ་ཆེན་མོའི་ཁྲི་རབས་རྣམས་ཡིན་ལ། ལྷ་པ་ནི། ཤཱཀྱ་རྒྱལ་བ་ཡིན་ཏེ་རུས་སུམ་པ་མགྲོན་རྡོག རས་པ་དཀར་པོའི་མདུན་ནས་རབ་ཏུ་བྱུང་། གདམས་པ་ཐམས་ཅད་གསན། ལྷ་ཁང་ཆེན་མོའི་ལྟག་ཏུ་ལྷ་ཁང་ནང་སར་བ་བྱ་བ་བྱས་ཤིང་། ལྷ་ཁང་གི་བདག་རྐྱེན་མཛད་པས་མིང་ནང་སོ་གསར་པ་ཟེར་ཞིང་ནང་གསར་བར་གྲགས། ཚུལ་པ་ནི། ཤེས་རབ་དཀོན་མཆོག་སྟེ། རུས་མང་རྗེ། སྐུ་ན་ཆུང་ངུ་དུས་ནས་རས་དཀར་བའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ཤེས་རབ་དཀོན་མཆོག མེ་རག་སྒང་གི་མལ་དུ་ཚུལ་ཁང་ནང་ཆུང་བར་གྲགས་ལ། མི་རྒྱུད་ཕྱིས་སུ་ཡང་ཡོད་པར་གྲགས། དེར་གུང་སྒོམ་ཨའུ་འདས་རྗེས་སུ་ས་སྐྱ་གོང་དུ་བྱོན་ནས་ཤེས་རབ་དཀོན་མཆོག་ལ་གསེར་ཡིག་ཤལ་མོའི་ལས་ཀ་དང་། ཤཱཀྱ་རྒྱལ་བ་ལ་དངུལ་ཡིག་སྒོར་མོའི་ལས་ཀ་བླང་ནས་རྒྱལ་ཁྲིམས་ཀྱི་ཞབས་ཏོག་མཛད། ཤེས་རབ་དཀོན་མཆོག་གིས་གསེར་འབུམ་དང་། མཆོད་རྟེན་བཞེངས། ཤཱཀྱ་རྒྱལ་བས་ཇོ་བོ་གཡུ་མདོང་དང་། དངུལ་འབུམ་སོགས་བཞེངས། ཚུལ་པའི་དབོན་རྒྱུད་ལ་ནང་ཆུང་བའི་གསེར་ཡིག་པ་རྣམས་བྱུང་ཞིང་། ལྷ་པའི་དབོན་བརྒྱུད་ལ་ནང་གསར་བའི་དངུལ་ཡིག་པ་རྣམས་བྱུང་བ་ཡིན། དེའི་རྒྱུད་པ་ཕྱིས་ཀྱི་བར་དུ་བྱུང་བར་གྲགས། དཔལ་རྡོར་ཤེས་རབ་ཡེ་ཤེས། དཔལ་རྡོར་ཤེས་རབ་ཡེ་ཤེས་ནི་རས་དཀར་མདུན་ནས་རབ་ཏུ་བྱུང་། གདམས་པ་ཀུན་ཐུགས་སུ་ཆུད་པར་མཛད། ཙོང་ཀའི་མི་ཉག་ཡུལ་དང་ཧོར་གྱི་ཡུལ་དུ་བྱོན། རྒྱལ་པོའི་བླ་མཆོད་མཛད་ཅིང་འགྲོ་དོན་རྒྱ་ཆེར་འཕེལ། རས་པ་དཀར་པོའི་གདུང་འབུམ་ལ་གསེར་གསོལ་བ་དང་། དེའི་མདུན་དུ་མཆོད་རྫས་ཀྱི་བྱེ་བྲག་ཁྱད་མཚར་མང་དུ་ཕུལ་ཞིང་། གསང་བ་ལུས་མེད་རྡོ་རྗེའི་མདུན་དང་། སྐུ་འབུམ་དགོན་དུ་འབུལ་སྐྱེལ་ཆེན་པོ་མཛད། སྒོམ་སྡེའི་དར་མོ་ཆེ་ཞེས་པའི་རྣམ་བཞག་ཡང་འདི་ཡི་དུས་སུ་བྱུང་བར་གྲགས། ཞང་སྒོམ་རས་པ། ཞང་སྒོམ་རས་པ་ནི་སྨར་པ་ཤེས་རབ་ཡེ་ཤེས་ཀྱི་སློབ་མ་ཡིན་ཞིང་། སྨར་ཤོད་དགོན་ནས་སྐུ་འབུམ་དུ་ཕེབས། རས་པ་དཀར་པོའི་མདུན་ནས་ཆོས་དྲུག་ཕྱག་ཆེན་ལ་སོགས་ཁྲིད་རྣམས་གསན་ཞིང་། ཏི་ཤྲཱི་ནས་བརྒྱུད་པའི་ཆོས་སྐོར་རྣམས་རྫོགས་པར་ཞུས་ཏེ་རྩ་བའི་བླ་མར་འཛིན་པ་བྱུང་ངོ་། ། འདི་དག་གི་སྐབས་སུ་གདན་ས་སྐུ་འབུམ་དུ་བླ་མ་དགེ་བའི་བཤེས་གཉེན་དགེ་འདུན་པ་ཁྲི་ཕྲག་ལས་མི་ཉུང་ཞིང་། ཕྱོགས་ཀྱི་མི་སྣ་སྐྱེ་བོ་ཕོ་མོའི་འདུ་བ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ཆབ་སྲིད་ཆེར་རྒྱས་པའང་མདོ་ཁམས་སྒང་འདིར་འདི་ལ་ལྷག་པ་མ་བྱུང་ཞིང་། འདིའི་སྐབས་ཀྱི་མཚན་ལ་རས་ཚང་སྒོམ་སྡེ་ཞེས་ཡོངས་སུ་གྲགས་ཤིང་གྲུབ་པ་ཉིད་དོ། ། ཁྲི་འཛིན་དྲུག་པ་ནི་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་མཆོག་ཡིན་ལ། དེ་ནས་ཏྲེ་བོའི་རྒྱལ་རྒྱུད་ཐོག་མར་ནང་སོ་ཆེན་མོའི་ཁྲིར་ཕེབས་ནས་རས་ཚང་སྒོམ་སྡེའི་ཆོས་སྲིད་ལ་དབང་སྒྱུར་ཞིང་། མདོ་སྟོད་མི་ཡི་ཆོལ་ཁ་ཁམས་སྒོམ་སྡེ་ནང་ཆེན་པའི་གཅིག་གྱུར་གྱི་རྒྱལ་རབས་དངོས་ཀྱི་དབུ་བརྙེས་པ་ཡིན། གོང་ནས་རས་ཚང་སྒོམ་སྡེ་ཞེས་ཕྱོགས་གཅིག་ཏུ་གྲགས་ཀྱང་། བྱང་ཆུབ་གཞོན་ནུ་ནས་ཚང་གསར་པའི་དཔོན་རྒྱུད་རྣམས་གྱེས། གུང་སྒོམ་ཨའུ་འདས་པས་གོང་ནས་བཤད་པ་ལྟར་ཤཱཀྱ་རྒྱལ་བ་དང་། ཤེས་རབ་དཀོན་མཆོག་གཉིས་ཀྱིས་གསེར་ཡིག་དང་དངུལ་ཡིག་གི་ལས་ཀ་བཟུང་ནས་ལྷ་ནང་ཚུལ་གསུམ་བྱ་བ་བྱུང་ནས། གདན་ས་ཁག་དུ་མར་གྱེས་ཤིང་རྒྱུད་པ་ཡིན་ལ། གདན་ས་སྐུ་འབུམ་གྱི་རྒྱལ་རབས་ཁྲི་འཛིན་ལྔ་ཡིས་མི་ལོ་དྲུག་ཅུ་རེ་བཞི་ལ་གདན་ས་བསྐྱངས་རྗེས། རྩ་བའི་གདན་ས་དངོས་ནི་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནས་རིམ་པར་ནང་ཆེན་པའི་རྒྱལ་རྒྱུད་རྣམས་ཀྱིས་བཟུང་བས། ཕྱིས་སུ་རྩ་བའི་ཆོས་སྲིད་ལུགས་གཉིས་ལ་ཡོངས་ཁྱབ་མངའ་དབང་བསྒྱུར་མཁན་ནི་ནང་ཆེན་པའི་གདུང་རྒྱུད་ཁོ་ནའོ། ། འདི་དག་ནི་མདོ་སྟོད་མི་ཡི་ཆོལ་ཁ་གཅིག་འགྱུར་གྱི་ནང་ཆེན་རྒྱལ་རབས་དབུ་མ་བརྙེས་པའི་ཡར་སྔོན་དུ། ཕྱོགས་འདིར་བྱུང་བའི་རས་ཚང་སྒོམ་སྡེའམ་ནང་སོ་ཆེན་མོའི་རྒྱལ་རབས་ཀྱི་སྐབས་སོ། །

༢ ཚང་གསར་པའི་གདུང་རྒྱུད་དང་གདན་སར་བཞུགས་པའི་རིམ་པ་ ཇི་ལྟར་བྱུང་ཚུལ། སྒ་རྗེའི་གདུང་ལས་བྱོན་པའི་གསང་བ་ལུས་མེད་རྡོ་རྗེའི་རིགས་དབོན་བྱང་ཆུབ་གཞོན་ནུ་མཆོག་གིས་ཚང་མང་གསར་པའི་གཞིས་ཀ་བཏབ་ནས་དེར་བཞུགས་པས། གོང་གི་ནང་སོ་ཆེན་མོ་བྱང་ཆུབ་མགོན་པོའི་བཟུང་ཞིང་ན་ཡ་གཉིས་སུ་གྱེས། ཁོང་གི་མཆེད་ཀྱེ་ལ་སངས་རྒྱས་དཔལ་གྱིས་སྙིང་སྟོད་དུ། ཀེ་ཉི་མཁར་གསར་གྱི་གཞིས་ཀ་བཏབ། ཆོས་དང་ཆབ་སྲིད་འཇིག་རྟེན་གྱི་མངའ་ཐང་རྨད་དུ་བྱུང་། དེ་ལ་སྲས་བཞི་ཡོད་པའི་ཆེ་བ་གྲགས་པ་བྱང་ཆུབ་ནི། བྱང་ཆུབ་གཞོན་ནུ་ལས་རབ་ཏུ་བྱུང་། གདམས་པ་ཐམས་ཅད་གསན། གདན་ས་སྐུ་འབུམ་དུ་ཚང་མང་གསར་པའི་ཁྲིར་ཕེབས། དེ་འོག་དགེ་བཤེས་གྲགས་པ་ཚུལ་ཁྲིམས་ཀྱང་སྐུ་འབུམ་དུ་བཞུགས། དེ་འོག་ནམ་མེ་དང་ཨ་རིན་གཉིས་ཀྱིས་རྫོང་དཀར་སེར་གྱི་བདག་པོ་མཛད་ནས་མངའ་འབངས་བྱམས་པས་བསྐྱངས། ནམ་མེ་ལ་སྲས་བཞི་ཡོད་པ་ལས། བརྩོན་འགྲུས་རྒྱལ་མཚན་ནི། སྤྱན་སྔ་གྲགས་བཟང་བ་ལས་རབ་ཏུ་བྱུང་ཞིང་། མདོ་སྔགས་རིག་གནས་ཀུན་ལ་སྦྱང་བརྩོན་མཛད། ཚང་གསར་པའི་ཁྲིར་ཕེབས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་མཛད་བཟང་སྔར་བཞིན་བསྐྱངས། དགེ་བཤེས་ཡོན་ཏན་བློ་གྲོས་སྐུ་འབུམ་དུ་བཞུགས། ཨ་འབུམ་དང་ཨ་རིན་གཉིས་སྙིང་སྟོད་དུ་བཞུགས་པས་མཛད་ཕྲིན་རྒྱས། ཨ་རིན་ལ་སྲས་གཉིས་ཡོད་པའི་ཆེ་བ། བཀྲ་ཤིས་རྒྱལ་མཚན་ནི། སྤྱན་སྔ་བརྩོན་འགྲུས་རྒྱལ་མཚན་གྱི་མདུན་ནས་མདོ་སྔགས་རིག་གནས་ཀུན་ལ་གསན་བཞེས་གནང་། ཡབ་མེས་ཀྱིས་ཕྱག་སྲོལ་མ་ལུས་ཐུགས་སུ་ཆུད་པར་མཛད་དེ་ལུགས་བཟང་རྒྱུན་སྐྱོང་མཛད། ཚང་གསར་པའི་གདན་སའི་ཁྲིར་ཕེབས། སློབ་མ་ཡང་བརྩོན་འགྲུས་འབྱུང་གནས་དང་། སེང་གེ་འབུམ་པ་སོགས་མང་དུ་བྱོན། སྲས་བླ་མ་སྐྱབས་ཀྱིས་སྙིང་སྟོད་ཀྱི་སྲིད་དབང་བཟུང་། ཁོང་ལ་སྲས་གསུམ་ཡོད་པ་ལས། བསོད་ནམས་རིན་ཆེན་དང་བསོད་ནམས་རྒྱལ་མཚན་སྐུ་མཆེད་གཉིས་བཀྲ་ཤིས་རྒྱལ་མཚན་མདུན་ནས། ཡབ་མེས་གོང་མའི་གདམས་པ་རྣམས་ཐུགས་སུ་ཆུད་པར་མཛད། ཚང་གསར་པའི་ཁྲི་འཛིན་མཛད། ཆོས་ཀྱི་གྲགས་པས་སྲིད་འཛིན་གྱི་མཛད་བཟང་རྒྱས། བསོད་ནམས་རིན་ཆེན་ལ་ཀརྨ་པས་བཻཌཱུརྱའི་ཐམ་ཀ་དང་། དངུལ་གྱི་ཐམ་ཀ རལ་གྲི་དུག་རལ་སོགས་གནང་སྦྱིན་བསམ་གྱིས་མི་ཁྱབ་པ་མཛད། སློབ་མ་ཡང་དེང་ཐོག་སངས་རྒྱས་གྲགས་པ་སོགས་མང་དུ་བྱུང་ངོ་། ། ཆོས་གྲགས་ལ་སྲས་གཉིས་ཡོད་པ་ལས། བསོད་ནམས་བློ་གྲོས་ནི་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་ཞིང་། འབའ་རོམ་ནས་རྒྱུད་པའི་གདམས་ཟབ་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན། ཚང་གསར་པའི་ཁྲིར་ཕེབས་ཏེ་ཡབ་མེས་ཀྱི་ལུགས་བཟང་སྔར་སྲོལ་ལྟར་བསྐྱངས། ཁོང་གི་གཅུང་པོ་བསོད་ནམས་ཀྱིས་སྙིང་སྟོད་དུ་ཆབ་སྲིད་བསྐྱངས་ཤིང་། མངའ་འབངས་བྱམས་བརྩེའི་བསྐྱངས། དེའི་དུས་སུ་དགེ་འདུན་པ་དྲུག་ཅུ་རེ་དྲུག་འདས། ཀརྨ་པ་དང་སྤྱན་སྔ་བསོད་ནམས་བློ་གྲོས་དཔོན་སློབ་གཉིས་ཀྱི་སྐུ་ལ་སྐྱོན་མ་བྱུང་། ཚང་གསར་བསོད་ནམས་ཀྱི་སྲས་བསོད་ནམས་བཟང་པོ་དང་། བསོད་རིན་གཉིས་བྱོན་པ་ལས། ཁུ་བོ་བསོད་ནམས་བློ་གྲོས་ལས་རབ་ཏུ་བྱུང་ཞིང་། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས། སྐུ་མཆེད་འདི་གཉིས་ཀྱི་སྐབས་སུ་བོད་རབ་བྱུང་བདུན་པའི་ལྕགས་སྟག་སྤྱི་ལོ༡༤༡༠ལོར་ཀརྨ་པ་དེ་བཞིན་གཤེགས་པ་རྒྱ་ནག་ནས་ཡར་ཕེབས། ནང་ཡ་གཉིས་ཀྱི་བླ་ཆེན་དང་དཔོན་པོ་གཙོར་བྱས་པའི་དགེ་འདུན་པ་སྟོང་ཕྲག་གཉིས་གསུམ་ཙམ་གྱིས་བསུ་བ་རྒྱ་ཆེན་མཛད། སྐུ་འབུམ་དུ་སྤྱན་དྲངས་ནས། དངོས་པོའི་བསྙེན་བཀུར་རྒྱ་ཆེན་པོ་བགྱིས། ལྷག་པར་དུ་བསོད་ནམས་བློ་གྲོས་དང་། ཅུང་བསོད་ནམས་གཉིས་ཀྱིས་ཚང་མང་གསར་པར་སྤྱན་དྲངས་ཏེ་དངོས་པོའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་ཕུལ།

ཀརྨ་པ་དེ་བཞིན་གཤེགས་པས་བསོད་ནམས་བཟང་པོ་ལ་ཀན་ཏིང་གུ་ཤྲཱི་ལས་ཀ་དང་།  གསེར་ཐམ་ཆེན་པོ།   དུང་དཀར་མོ་རྒྱང་གྲགས།   བླ་བྲེ་ནམ་མཁའ་ཀུན་ཁྱབ།   ཟངས་བཀྲ་ཤིས་ཁ་དྲོ་སོགས་དངོས་པོའི་གནང་སྦྱིན་རྒྱ་ཆེན་པོ་བསྩལ།      དུས་སྐབས་དེར་ཁོང་ཁུ་དབོན་གཉིས་ཀྱིས་ཆོས་སྲིད་ལུགས་གཉིས་ལ་ཞབས་འདེབས་རླབས་ཆེན་མཛད་ཅིང་།     སྔར་ལས་འགྲན་ཟླ་བྲལ་བའི་དར་རྒྱས་ཆེན་པོ་བྱུང་།   རྫ་ཡི་ཕོ་བྲང་དམར་པོ་དང་།   ལྷ་ཁང་ཁྲ་འགྱེར་མ་གཉིས།   ལྕི་ཡི་འཇོ་ར་མཁར་དཀར་སོགས་དང་ལུགས་གཉིས་ཀྱི་མཛད་པ་ནམ་མཁའ་དང་མཉམ་པ་བྱུང་།     

བསོད་ནམས་ཀྱི་སྲས་གསུམ་པ་ལྷ་དཔལ་ཐར་གྱིས་ཁྱུང་མོ་བླངས་པས་བུ་གསུམ་བྱུང་བ་དང་། སྲས་བཞི་པ་ཨ་འབུམ་གྱིས་གསེར་བཟའ་ཁབ་ཏུ་བཞེས་པར་བུ་གསུམ་དང་། སྲས་གཞན་པ་རྡོ་བཅང་བ་ཞེས་པ་གཅིག་བྱུང་ཞིང་། དེའི་སྐབས་སུ་མ་གཉིས་བུ་དྲུག་ཟེར་བའི་རྩོད་གླེང་བྱུང་བས་ལྷ་དཔལ་བུ་རྒྱུད་སྐུ་འབུམ་དུ་སྤོས་ཤིང་། དེ་ནས་རིམ་པར་རྫ་ཉིན་དུ་ཡོད་པའི་ཚང་གསར་པའི་རྒྱུད་པ་རྣམས་བྱུང་ངོ་། ། རབ་བྱུང་བརྒྱད་པའི་ཤིང་ལུག་སྤྱི་ལོ༡༤༧༥ལོར་སྒོམ་སྡེ་ནང་ཡ་གཉིས་ཀྱིས་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དཔལ་གཞུང་དུ་སྤྱན་དྲངས། ཁྲི་ར་ཅན་གྱི་འབུལ་བ་བྱས། ཁྲོམ་ཁྲི་ཕྲག་ཚོགས་པ་རྣམས་ལ་དབང་ཁྲིད་རྫོགས་པར་གནང་། ཆོས་དཔལ་གྲགས་པ་ལ་གུ་ཤྲཱིའི་ལས་ཀ་དང་། ཤེ་ཐམ། ཟང་ཟིང་གི་གནང་སྦྱིན་བཅས་གདན་སར་བསྐོས། སྒོམ་སྡེ་ནང་ཡ་གཉིས་ཅུང་ཟད་མི་མཐུན་པ་བྱུང་བ་རྣམས་ཁོང་གིས་བཟླུམས། གུ་ཤྲཱི་ཆོས་དཔལ་གྲགས་པ་དང་། ཚང་གསར་རྡོ་བཅང་བ་རྣམས་གཉིས་དཔེ་མེད་ཐུགས་མཐུན་པོ་བྱུང་ཞིང་། སྒོམ་སྡེའི་སྐུ་མཆེད་ཅེས་སྒར་ཆེན་དུ་གྲགས་ཤིང་ཐུགས་མཛའ་བར་གྱུར་ཅེས《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་ལས་གསལ། ཨ་འབུམ་གྱི་སྲས་ནང་པ་རྡོ་བཅང་བ་དང་། གསེར་གཟའི་བུ་སྤྱན་སྔ་ཆོས་སྐྱོང་དཔལ་ལྡན་གཉིས་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ཞབས་ལ་གཏུགས་ནས། རྗེས་སུ་བཟུང་། ཆོས་སྐྱོང་དཔལ་ལྡན་ལ་གུ་ཤྲཱིའི་ལས་ཀ་གནང་། གསེར་བཟའི་སྲས་ཨ་ཞལ་ལམ་བསོད་ནམས་དཔལ་ལྡན་དང་། ཉེར་རྐེའམ་བཀྲ་ཤིས་རྒྱ་མཚོ་ཞེས་སྐུ་མཆེད་འདི་གཉིས་ཀྱིས་སྙིང་ཐང་དུ་མཁར་སྔོན་གྱི་གཞིས་ཀ་བཏབ། དུས་སྐབས་དེར་ཉེར་རྐེའམ་བཀྲ་ཤིས་རྒྱ་མཚོས་སྟོབས་ཤུགས་ཀྱིས་ཤར་མི་ཉག་རིང་མོ་དང་། ལྷོ་ཨ་རིག་ཁག་བཅུ། ནུབ་རྒྱལ་ཆེན་བཅོ་བརྒྱད། བྱང་གསེར་ཁོག་ཚོ་བདུན་ཞེས་པའི་མངའ་ རིས་ཡུལ་སྡེ་དག་མངའ་ཞབས་སུ་བསྡུས། མངའ་འབངས་ཐམས་ཅད་བྱམས་དང་བརྩེ་བས་ ______________________ ཤེ་བམ་མམ་ཤེ་ཐམ་ནི། གོང་ནས་བླ་མའམ་དཔོན་རིགས་དགོན་པ་སོགས་ལ་གོ་སའམ་འཁོར་འབངས་ས་ཆ་གནང་བའི་ཡི་གེ་ལ་ཟེར། བསྐྱངས། སྒ་ནས་གསེར་ཁྲལ་བསྡུད་དེ། གསེར་གྱི་བཀའ་འགྱུར་དང་། མདོ་མང་བཞེངས། དེའི་དུས་སུ་ཀརྨ་པ་རང་བྱུང་མཚོ་སྐྱེས་རྡོ་རྗེ་སྤྱན་དྲངས། ཆིབས་དམར་གྭས་གཙོས་ཁྲི་རྭ་ཅན་གྱི་འབུལ་བ་ཕུལ། སྒར་ཆེན་འཛམ་གླིང་རྒྱན་གྱི་གཟིམས་གུར་གནམ་སྔོན་སླེབས་མའི་རྒྱ་ཆོན་ཏེ་ཕོ་བྲང་སྐྱ་ལེབ་མ་ཞེས་པ་ཀ་བ་བརྒྱ་དང་བརྒྱད་ཀྱི་མལ་བཞེངས་སྐྲུན་མཛད། ཉེར་ཞལ་གཉིས་ཀྱི་སྐུ་རིང་ལ་ཆོས་སྲིད་མངའ་ཐང་དཔེ་ཟླ་མེད་པ་བྱུང་། ནང་པ་རྡོ་བཅང་བ་ཀརྨ་པའི་ཕྱག་ཕྱིར་འབྲངས་ནས་ཕྱག་མཛོད་ཆེན་མོ་མཛད། རྩེ་ལྷ་སྒང་སོགས་སུ་བཞུགས། ཕྱིས་ཞལ་ངོ་རྣམས་ཀྱི་མནབས་ཁྲབ་ཟུར་དུ་མཛད་པས་ཁྲབ་དཀར་ཡིད་བཞིན་ནོར་བུ་སོགས་དེ་དུས་བྱུང་། ཀརྨ་པས་འཇིག་རྟེན་གྱི་དངོས་པོའི་རྫོངས་པ་དང་བཅས་གདན་སར་བསྐོས། ཉེར་རྐེ་ལ་སྲས་གསུམ་ཡོད་པའི་ཆེ་བ། བསོད་ནམས་དོན་གྲུབ་ནི། ནང་པ་རྡོ་བཅང་བ་སངས་རྒྱས་དབང་ཕྱུག་ལས་རབ་ཏུ་བྱུང་ཞིང་། ཡབ་མེས་ཀྱི་ཆོས་སྐོར་མ་ལུས་པ་གསན། ཞྭ་དམར་བཞི་པའི་སློབ་མ་བཀའ་བཅུ་པ་བདེ་ལེགས་རྒྱ་མཚོ་ལས་མདོ་རྒྱུད་རྒྱ་མཚོ་ལྟ་བུ་གསན་བསམ་ཕུལ་དུ་སོན་པར་མཛད། འབྲིང་བ་ནམ་མཁའ་རྒྱལ་མཚན་གྱིས་རྒྱལ་སྲིད་མ་ཉམས་པར་དར་རྒྱས་མཛད། སྲས་ཆུང་བ་ལྷ་རྒོད་ནི། སྟོབས་རྩལ་འགྲན་ཟླ་བྲལ་ཞིང་། རང་སྡེའི་ཆོས་སྲིད་ལ་ཐོ་འཚམས་པ་དང་། དོ་ཟློ་བའི་གཞན་སྡེའི་དཔུང་ཚོགས་ཐམས་ཅད་ཚར་བཅད་ཅིང་ཟིལ་གྱི་མནན། སྐུ་མཆེད་འདི་གསུམ་གྱིས་ཀརྨ་པ་མི་བསྐྱོད་རྡོ་རྗེ་སྤྱན་དྲངས་ཤིང་། དངོས་པོའི་བསྙེན་བཀུར་མཐའ་ཀླས་པ་ཕུལ། བསོད་ནམས་དོན་གྲུབ་ལ་གུ་ཤྲཱིའི་ལས་གནང་ནས་གདན་སར་བསྐོས། ནམ་མཁའ་རྒྱལ་མཚན་ལ་སྲས་མང་དུ་ཡོད་པ་ལས་བཀྲ་ཤིས་དོན་གྲུབ་ནི། བསོད་ནམས་དོན་གྲུབ་ལས་རབ་ཏུ་བྱུང་ཞིང་། འབའ་རོམ་ནས་རྒྱུད་པའི་ཡབ་མེས་ཀྱི་གདམས་ཟབ་དང་། ཕྱག་སྲོལ་བཟང་པོ་རྣམས་ཐུགས་ཀྱི་བུམ་པར་ཆུད་པར་མཛད། བཀྲ་ཤིས་རྣམ་རྒྱལ་གྱིས་སྙིང་ཐང་དུ་ཆོས་སྲིད་བསྐྱངས། འདི་རྣམས་པས་འཇིག་རྟེན་དབང་པོ་དགུ་པ་སྙིང་ཐང་དུ་སྤྱན་དྲངས། བསུ་བ་སེ་སྦྲེང་སྔོ་སྦྲེང་སོགས་བཀོད་པ་བླ་ལྷག་མཛད། འབུལ་བ་དཔེ་མེད་ཕུལ། བཀྲ་ཤིས་དོན་གྲུབ་ལ་གུ་ཤྲཱིའི་ལས་ཀ་དང་འཇའ་ས་གནང་ནས་གདན་སར་བསྐོས། བཀྲ་ཤིས་རྣམ་རྒྱལ་ལ་སྲས་གཉིས་ཡོད་པའི་ཆེ་བ་བསོད་ནམས་རྒྱལ་མཚོ་བཀྲ་ཤིས་དོན་གྲུབ་ལས་རབ་ཏུ་བྱུང་། གདམ་པ་ཐམས་ཅད་གསན། མཚན་གུ་ཤྲཱི་བསོད་ནམས་རྒྱ་མཚོ་ཞེས་གསོལ་ཞིང་། སྐུ་འབུམ་གྱི་ཚང་མང་གསར་པའི་བཞུགས་གནས་སུ་གདན་སར་བསྐོ་བཞག་མཛད། སྲས་གཉིས་པ་བསོད་ནམས་འཕེན་དར་ཞེས་པ་སྲིད་འཛིན་མཛད་པས། སྲས་རྡོ་རྗེ་འབུམ་དང་། ཀརྨ་ཆོས་རྒྱལ་གཉིས། ཀརྨ་ཆོས་རྒྱལ་ནི་རྒྱལ་བ་བསོད་ནམས་རྒྱ་མཚོས་རྗེས་སུ་བཟུང་ཞིང་ཡབ་མེས་ཀྱི་ཆོས་ཚུལ་དང་གདམས་ཟབ་རྣམས་གསན་བཞེས་གནང་ནས། ཕྱག་སྲོལ་མ་ཉམས་པར་བསྐྱངས། རྡོ་རྗེ་འབུམ་གྱིས་སྙིང་ཐང་དུ་སྲིད་འཛིན་མཛད། འདི་དག་གི་སྐབས་སུ་སྨར་ཁམས་སྨད་མའི་བེ་རིའི་དབང་བསྒྱུར་གྱི་སྟོབས་ཤུགས་སྔར་ལས་རྒྱས་ཤིང་། རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ༡༦༣༤ ལོར་སྐུ་འབུམ་དུ་བེ་རིའི་དམག་སླེབས། ཡུན་རིང་འཁྲུགས་ཀྱང་མཐའ་མ་འཆོལ་བར་གདན་ས་སྐུ་འབུམ་གྱི་ནང་ཆེན་རྒྱལ་རབས་དང་། ཚང་གསར་པའི་གདན་རབས་རྣམས་བཙན་བྱོལ་གྱིས་ལྕི་གསང་རྫོང་དང་། ལྕི་ལ་གོང་སོགས་སུ་གནས་འཕོས་ཏེ་གཞིས་ཆགས། རྩ་བའི་གདན་ས་སྐུ་འབུམ་གྱི་རྒྱལ་ས་རེ་ཞིག་མཇུག་བསྡུས་སོ། །འདི་ཡན་ནི་གདན་ས་སྐུ་འབུམ་དང་སྙིང་སྟོད་དུ་ཆོས་སྲིད་བསྐྱངས་ཚུལ་གྱི་ཚང་གསར་པའི་ལོ་རྒྱུས་སྔ་མའོ། ། དེ་ནས་ལྕི་ལ་གོང་དུ་རྫོང་མཁར་པོ་ཆེ་ཞེས་པ་བརྩེགས་ནས་ཚང་གསར་གྲྭ་ནང་ཞེས་པར་ཆོས་སྲིད་བྱུང་ཚུལ་ནི། གོང་གི་རྡོ་རྗེ་འབུམ་ལ་སྲས་བཞི་སྟེ། ལྷ་སྲུང་། བདེ་མཆོག ཀྱཻ་རྡོར། དགེ་བཤེས་བཞིའོ། །དེ་ལས་ལྷ་སྲུང་ནི་སྔགས་རིག་འཛིན་པའི་ཚུལ་མཛད། ཀྱཻ་རྡོར་ནི་ཀརྨ་ཆོས་རྒྱལ་ལས་རབ་ཏུ་བྱུང་། ཀརྨ་བསྟན་སྐྱོང་ཞེས་མཚན་གསོལ། ཁོང་གཉིས་ཀས་མདོ་སྔགས་ཀྱི་ཆོས་ཚུལ་ཀུན་གསན་བཞེས་མཐར་ཕྱིན་གནང་། དགེ་བཤེས་ཉིད་དབུས་སུ་ཕེབས། རྒྱལ་དབང་ལྔ་པ་རིན་པོ་ཆེའི་ཞབས་ལ་གཏུགས། མཚན་བློ་བཟང་རྒྱལ་མཚན་དུ་གསོལ། གདན་ས་འབྲས་སྤུངས་སུ་ཆོས་ཞུགས་མཛད། སོག་རྒྱལ་ལས་ཨུ་ཇིང་ཐའི་ཇིའི་འཇའ་ས་དང་། ཆོ་ལོ་དཀར་སེར་གྱི་ཐམ་ག་ཐོབ། ལྔ་པ་རིན་པོ་ཆེའི་མདུན་ནས་ཤེ་བམ་ཉི་ཁྱབ་མ་ཕེབས། སླར་རང་རྫོང་མཁར་པོ་ཆེར་ཕེབས་ནས་དེར་བཞུགས་པས་ཆོས་སྲིད་ལུགས་གཉིས་ཀྱི་སྲོལ་བཟང་སྔར་བཞིན་འཛིན་པར་མཛད། ལྷ་འབུམ་ནི་ལྷ་སྲུང་གི་སྲས་སུ་འཁྲུངས། འབྲོག་སྒར་ལྕི་ཉིན་སྟོད་དུ་མཛད། ཁུ་བོ་བླ་མ་ཀརྨ་བསྟན་སྐྱོང་ལས་གདམས་པ་ཐུགས་སུ་ཆུད་པར་མཛད་ནས། སྡེ་སྲིད་བསྐྱངས། ལྷ་སྲུང་གི་སྲས་གཉིས་པ་རྡོ་རྗེ་དབང་ཕྱུག་གིས་རྫོང་མཁར་པོ་ཆེའི་ཁྲིར་ཕེབས་ཏེ་ཆོས་སྲིད་བསྐྱངས། རྡོ་རྗེ་དབང་ཕྱུག་གི་སྲས་ཀརྨ་མཁར་ཆེའི་གདན་སར་ཕེབས། ཀརྨ་ཚངས་དབྱངས་དང་། ཀརྨ་བསྟན་སྐྱོང་ཁུ་དབོན་གཉིས་ཀྱིས་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་། དྲུང་པ་སི་ཏུ་པ་སོགས་མཇལ། ཚང་གསར་ཀརྨ་ངག་དབང་དར་རྒྱས་དང་རིན་ཆེན་ལྷུན་གྲུབ་གཉིས་ལྕི་སྲིབ་སྟོད་མདོ་ཐང་ཁར་གཏན་ཆགས་ཤིང་། རྫོང་མཁར་བོ་ཆེ་བློ་བཟང་རྒྱལ་མཚན་གྱི་སྤྲུལ་སྐུ་ཁྲི་འདོན་བྱས་ནས་ཆོས་སྲིད་ཀྱི་བདག་པོར་གྱུར། ཚང་གསར་རིན་ཆེན་ལྷུན་གྲུབ་ནི། རབ་བྱུང་བརྒྱད་པའི་མེ་སྤྲེལ་སྤྱི་ལོ༡༤༧༨ལོར་འཁྲུངས། ཁུ་བོ་བླ་མ་ཀརྨ་ཚངས་དབྱངས་དང་། ཤོར་ཕུ་བླ་མ་ཀརྨ་དཔལ་འབྱོར་སོགས་ལས་འབའ་རོམ་ནས་རྒྱུད་པའི་ཆོས་སྐོར་མ་ལུས་གསན། ཇོ་ར་མཁར་དཀར་ཞེས་པའི་དགོན་བཏབ། དགེ་རྒྱལ་དུ་ཡོལ་གཉེན་གྱི་བྱིས་དང་། ལྕི་སྟོད་གོ་ཝེ་བྱིས་གཉིས་འཛུགས་པ་སོགས་མཛད་རྗེས་རླབས་ཆེན་མངའ། ཀརྨ་ངང་དར་གྱིས་ལྷ་གཟིགས་བཟའ་ཆོས་འཛོམས་ཁབ་ཏུ་བཞེས་པས་སྲས་བསོད་ནམས་སྟོབས་རྒྱལ་དང་། སྲས་ནོོར་བུ་རྩེ་གསུམ་དུ་གྲགས་པ་ངག་དབང་ཕྲིན་ལས། ངག་དབང་རྣམ་རྒྱལ། བསོད་ནམས་ཡེ་ཤེས་བཞི་བྱོན། དབོན་བསོད་ནམས་སྟོབས་རྒྱལ་གྱིས་ལྕི་སྲིབ་ཀྱི་སྲིད་འཛིན་མཛད། ཁོང་ལ་སྲས་བསོད་ནམས་རྒྱལ་བ་དང་། དོན་གྲུབ་རྒྱལ་བ་གཉིས་འཁྲུངས། ལྕམ་མོ་བསམ་ལུ་ནི་ནང་ཆེན་དཀོན་མཆོག་རྒྱལ་པོས་བཙུན་མོར་བྱོན། བསོད་ནམས་རྒྱལ་བ་འགྲམ་ཁར་གཏན་ཆགས། ཁོང་ལ་སྲས་ཀརྨ་དོན་གྲུབ་དང་། ཀརྨ་ཡེ་ཤེས་སྙིང་པོ། རིན་ཆེན་དབང་རྒྱལ། བསྟན་པ་རྣམ་རྒྱལ། ཡེ་ཤེས་དབང་ཕྱུགས་རྣམས་བྱོན། དོན་གྲུབ་རྒྱལ་བ་མདོ་ཐང་ཁར་བཞུགས། ཀརྨ་དོན་གྲུབ་ཀྱི་སྲས་ཟུར་པ་ཁྲི་རྒྱལ་ཞེས་པ་རྫ་ལྷུག་ཏུ་ཟུར་བཞུགས་མཛད། ཚང་གསར་མཁར་བོ་ཆེའི་ཁྲི་འཛིན་བློ་བཟང་བསྟན་དབང་གི་སྤྲུལ་སྐུ་ཧ་ར་ཚང་དུ་འཁྲུངས་པ་མཁར་ཆེན་སྤྲུལ་སྐུར་གྲགས་ཤིང་ཁྲིར་བསྐོས། ཚང་གསར་ལྷ་འབུམ་གྱིས་ལྕི་ཉིན་སྟོད་ར་རུག་མདར་སྦྲ་མཁར་མཛད་པའི་སྲས་ཚང་གསར་ཀརྨ་ཞེས་པ་བྱུང་། འདི་སྐབས་ལྕི་སྟོད་སྨད་གཉིས་སུ་གྱེས་པའི་སྡེ་ཁག་ལ་ཚང་གསར་ཡུལ་འབྲོག་གཉིས་ཟེར། ཀརྨའི་སྲས་གཞུང་དུ་ཡོད་པ་ཚང་གསར་དུང་རྒྱལ་ཡིན་ལ། ཟུར་པ་ཞིག་ཡོད་པ་དོན་གྲུབ་སྟེ། ཟུར་སྡེ་ཕྱེས་ནས་རྫ་གྲབ་མདོར་བཞུགས་ཤིང་སྲས་མེད་པའི་འཕྲོས་ལ་སྡེ་རོ་མ་ཞེས་པ་བྱུང་ཞིང་། མདོར་ན་ལྕི་ཉིན་ཤོག་གསུམ་མར་གྲགས། དུང་རྒྱལ་གྱི་སྲས་རྣམ་རྒྱལ་རྡོ་རྗེ་དང་ཕུན་དབང་གཉིས། དེ་སྲས་ཨོར་ཆོས་དང་བླ་ཆུང་པད་འགྲོ་རྣམས་སོ། །

 བསོད་ནམས་རྒྱལ་བའི་སྲས་ཀརྨ་དོན་གྲུབ་དང་།   དེའི་སྲས་ཟུར་པ་ཚང་གསར་ཁྲི་རྒྱལ་ཞེས་རྫ་ལྷུག་ཏུ་བཞུགས་པ་ལྕི་སྲིབ་སྟོད་སྨད་བར་གྱི་སྡེ་ཁག་སྟེ། མདོར་ན་ལྕི་ཉིན་སྲིབ་གཉིས་ལ་ཚང་གསར་ཁག་ལྔ་ཤོག་དྲུག་ཏུ་གྲགས་པ་ཕྱིས་སུ་བྱུང་ཞིང་།  ས་མུ་ཆོད་མཚམས་ཡང་།    སྨད་ནས་སྒམ་ལ་སྦྲུལ་མཁར།  སྐད་རྒྱམ་ནེ་བྲོ་རྐེས་རྒལ་སེ་ཕོམ།    ཡོག་རྒྱལ།   བྲེ་གུ་ལ་བཙས་ནག་པོ།    ཀ་མདའ་ཁྲ་མོ།     གོ་ཝེ་རི་དམར།    སྟག་ལུང་ལ་བཙས་དཀར་པོ་བཅས།   བླ་དགོན་རྣམས་གོང་མ་རྒྱ་སོག་གཞུང་གསུམ་གྱི་སྐུ་རིམ་པ་དང་།    དཔོན་རབས་རྣམས་གོང་མ་སེ་ཆེན་ཧན་གྱི་དུས་ནས་བཟུང་།      ཡོན་མིང་ཆིང་ཤུན་གྱི་དུས་རྒྱལ་པོ་དང་ཁྲི་དཔོན་སྒེར་བཙན་རང་དབང་ཅན་ཡིན་པར་གདའ།  

གཞན་ཡང་ལྕི་རཱ་ཛ་རྫོང་དུ་སྔོན་དཔལ་རྒ་ལོ་དེར་བཞུགས་སྒྲུབ་པ་མཛད། ས་ཆེན་ཀུན་དགའ་སྙིང་པོས་གདུང་འབུམ་ཡང་དེར་བཞེངས། དཔལ་རྒ་ལོ་ཡང་དེར་གཤེགས་པས་རྒ་ལོའི་གདུང་འབུམ་ཡང་བཞུགས། ཕྱིས་ཚང་གསར་བླ་མ་རྣམས་ཀྱིས་སྒྲུབ་གནས་མཛད་པས་ཚང་གསར་རྫོང་མགོ་ཚང་ཞེས་དགོན་གནས་ཞིག་ཡིན། གོང་གི་ལྕི་ཉིན་ཡུལ་པ་མཁར་ཆེའི་བསྟན་བདག་ཧ་ར་བླ་མས་གདན་ས་མ་འཁྱོལ་ནས་རྟེན་གསུམ་གཙོ་ཆེ་ནང་ཆེན་དུ་འཁྱུགས་ཤིང་། ཕལ་མོ་ཆེ་འཐོར་ཟགས་སུ་བྱུང་བར་གྱུར། གསེར་དངུལ་གྱི་བཀའ་འགྱུར་སོགས་འབྲོག་པ་ལྷ་ལམ་དགོན་དུ་ཡར་ཉར་ཚགས་བྱས་ཡོད་འདུག འཕྲོས་ཡུལ་པའི་རྫོང་ཞིག་ཅིང་སྡེ་དུད་ཀྱི་མགོ་འཛིན་མ་ངེས་པ་འགའ་ཤས་ཀྱང་བྱུང་བར་སྣང་ངོ་། ། ཚང་གསར་འབྲོག་པ་དཔོན་ཨོ་རྒྱན་ཆོས་འཕེལ་གྱིས་སྲས་བསོད་ནམས་ཆོས་འཕེལ་ལམ་འཆི་མེད་གྲུབ་པའི་རྡོ་རྗེ་དང་། བསམ་གཏན་རྒྱ་མཚོ། གཏེར་སྲས་སྤྲུལ་སྐུ་སོགས་སྐུ་མཆེད་འགའ་བྱུང་། བསམ་གཏན་རྒྱ་མཚོ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་དབུ་བླར་བྱོན། འཆི་མེད་རྡོ་རྗེ་འབྲུག་ཐམས་ཅད་མཁྱེན་པའི་དབུ་བླ་མཛད། དབོན་རྒྱུད་ཐུགས་སྲས་པདྨ་འཇིགས་མེད་དང་། ཀརྨ་ཨོ་རྒྱན། བསྟན་འཛིན་རྡོ་རྗེ་སོགས་འགའ་བྱོན། ལྕི་སྲིབ་མདོ་ཐང་དཔོན་རྒྱུད་ཡེ་ཤེས་ དབང་ཕྱུག་གི་སྲས་དོན་གྲུབ་ཕུན་ཚོགས། དེ་སྲས་ཀརྨ་དབང་རྒྱལ། ཨོ་རྒྱན་རྣམ་རྒྱལ། ཨོ་རྒྱན་དར་རྒྱས་གསུམ། དེ་དག་གི་སྲས་བླ་མ་དབུ་སྨུག་ཞེས་པ་དག་གོ ། རྫ་ལྷུག་དཔོན་ཁྲི་རྒྱལ་གྱི་སྲས་མགོན་པོ་སྟོབས་རྒྱལ་དང་། ཀརྨ་བཟང་གཉིས། དེའི་སྲས། བླ་མ་བསྟན་འཛིན་ཆོས་དར། ཀརྨ་བཟང་གི་སྲས་ཟུར་པ་འདུལ་བ། དེའི་སྲས་ཨོ་རྒྱན་ཉི་མ་སོགས་དང་། འགྲམ་དཔོན་བསྟན་འཛིན་རྣམ་རྒྱལ་གྱི་སྲས། མགོན་པོ་བསྟན་གྲགས་སྤྲུལ་སྐུ་དང་། བསྟན་དབང་སྤྲུལ་སྐུ་གཉིས། སྲས་གཞན་ཚང་གསར་འཇམ་དབྱངས་བློ་གྲོས་རིན་ཆེན་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་སྤྱི་ལོ༡༩༡༥ལོར་འཁྲུངས། བསྟན་གྲགས་སྤྲུལ་སྐུ་དང་། བསྟན་དབང་སྤྲུལ་སྐུ་གཉིས་སྔགས་འཆང་དུ་བཞུགས་པའི་སྲས་ཀུན་ཁྱབ་དང་། ཡེ་ཤེས། གཞན་ཡང་ཐུན་མོང་རིག་གནས་དང་། ཁྱད་པར་དུ་གསོ་བ་རིག་པའི་གནས་ལ་མཁས་པའི་ཚང་གསར་ལྷ་རྒན་བྱམས་པ་འཆི་མེད་སོགས་འགའ་བྱོན་པ་སྟེ། དེས་སྒ་རྗེའི་གདུང་ལས་བྱོན་པའི་གསང་བ་ལུས་མེད་རྡོ་རྗེ་ནས་རིམ་པར་དབོན་བྱང་ཆུབ་གཞོན་ནུའི་དུས་སུ་ཚང་མང་གསར་པ་བཞེངས་ནས། ཚང་གསར་པའི་མཚན་དོན་ཐོག་མ་བྱུང་ཞིང་། དེ་ནས་གདུང་རྒྱུད་དང་གདན་རབས་བར་མ་ཆད་པར་བྱུང་བའི་སྒོམ་སྡེ་ཚང་གསར་པའི་ལོ་རྒྱུས་མདོར་བསྡུས་སུ་བསྟན་པའོ། ། ༣ འགྲོ་མགོ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་འབྲུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་མདོ་སྟོད་མི་ཡི་ཆོལ་ཁའི་རྗེ་བོར་བསྐོས་ཤིང་ནང་སོ་ཆེན་མོའི་ཁྲི་ལ་བཞུགས་ཚུལ། རབ་བྱུང་གསུམ་པའི་ས་བྱ་སྤྱི་ལོ༡༡༨༩ལོར་མོང་གོལ་རྒྱལ་སྲས་ཡེ་སུ་ཁེའི也速刻སྲས་ཇིང་གེར་རྒྱལ་པོ成吉思汗ཞེས་དཔའ་སྟོབས་འགྲན་ཟླ་བྲལ་བ་ཞིག་ཡོད་པ་དེས། ཁེར་ལུན་མུ་རན་ཞེས་པའི་ཡུལ་ཁྱད་པར་ཅན་ཞིག་གི་འགྲམ་དུ་གནས་པའི་མི་སྡེ་ཁྲི་ཕྲག་བཞི་བཅུ་ཡོད་པ་ཞིག་གི་རྒྱལ་པོ་བྱས། དེ་ནས་རང་ཉིད་ཀྱི་བློ་གྲོས་དང་དཔའ་སྟོབས་ལ་བརྟེན་ནས། སོ་ལོན་དང་། རྒྱ་ནག་གི་རྒྱལ་པོ་ཨ་ཐན། རྒྱ་སེར་གྱི་རྒྱལ་པོ་སུལ་ཏེ་སོགས་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་དབང་དུ་བསྡུས། མོང་གོལ་གྱི་དམག་དང་། ཆབ་སྲིད། ཞལ་ལྕེ་ལ་སོགས་པའི་ཁྲིམས་བཅས། སོག་པོའི་ནང་ཁུལ་གཅིག་གྱུར་བྱས་ཏེ། ཆེན་པོ་ཧོར་གྱི་བཙན་རྒྱལ་ཆེན་མོའི་མགོ་བཙུགས། ཡོན་སོག་པོའི་རྒྱལ་རབས་ནས་བརྩིས་པའི་རྒྱལ་ཐོག་ལྔ་པ་དང་ཡོན་གོང་མའི་ཁྲི་ཐོག་དང་པོ་གོང་མ་སེ་ཆེན་རྒྱལ་པོའམ་རྒྱལ་བུ་གོ་བེ་ལར་གྲགས་པའི་དུས་སུ། གོང་མ་ཧོར་གྱིས་ཤར་ཨེ་ཤ་ཡའི་གླིང་ཆེན་ཕལ་ཆེ་བ་དབང་དུ་བསྡུས་ནས་སྟོབས་འབྱོར་དང་། མངའ་ཐང་ཆེས་ཆེར་རྒྱས་ཏེ་འཛམ་གླིང་གི་ས་ཆ་གཞན་དག་ལའང་དབང་བསྒྱུར་གྱི་མགོ་རྡུང་བྱེད་མྱོང་བའི་ཧོར་རམ་སོག་པོ་བཙན་རྒྱལ་ཆེན་མོའི་དུས་སྐབས་དེར། རྒྱ་ནག་ནི་ཡོན་སོག་པོའི་མངའ་འོག་ཏུ་ཡོད་ཅིང་། བོད་ཀྱི་ས་ཆ་མང་ཕལ་ཆེར་དབང་དུ་བསྡུས་ཏེ་གནས་པ་ལ། བོད་ཀྱི་བླ་ཆེན་འཕགས་པ་བློ་གྲོས་རྒྱལ་མཚན་ཧོར་གོང་མའི་དབུ་བླར་ཕེབས་ནས། བོད་ཡུལ་ཁྲི་སྐོར་བཅུ་གསུམ་དབང་ཡོན་དུ་ཕྱིར་ཐོབ། ཡིན་ནའང་བོད་ཡུལ་ནི་སྔར་བཞིན་ཆོས་ལུགས་ཀྱི་དབང་བསྒྱུར་ཏེ་གནས་པ་ལས་ཁྱིམ་སྲིད་ཀྱི་གཞི་རྐང་སླར་གསོ་བྱེད་པའི་ལམ་ལུགས་མ་བྱུང་བར་གྲུབ་མཐའི་འགལ་རྩོད་དང་། གོ་ས་འཕྲོག་རེས་ཀྱིས་ནང་ཁུལ་འཁྲུག་རྩོད་ཁོ་ནས་མུ་མཐུད་མུན་ནག་གི་ལམ་དུ་སོང་བ་རེད། དེའི་དུས་སུ་མདོ་ཁམས་སྟོད་ནས་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་མདོ་སྟོད་མི་ཡི་ཆོལ་ཁའི་རྗེ་བོར་བསྐོས་ཤིང་། ཆེན་པོ་ལ་འོས་པའི་ལས་ཚན་བཅུ་གསུམ་ཕུལ་བ་སྟེ། དེའང་། ཏྲེ་བོའི་རྒྱལ་རབས་བཞི་བཅུ་ཞེ་བརྒྱད་པ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནི་གོང་གི་ཏྲེ་བོ་ཨ་ཀླུ་དེ་ཉིད་སྐུ་ཚེའི་སྨད་ལ་ཏྲེ་བོ་རབ་ཁ་ནས་མདོ་སྟོད་དུ་ཕེབས་ཏེ་བཞུགས། ཆུན་མ་བེ་བཟའ་དཀར་མོ་ཁབ་ཏུ་བཞེས་པ་ལ་སྐུ་མཆེད་བདུན་བྱུང་བའི་ཆེ་བ་ཡིན་ཏེ། བྱང་ཆུབ་མགོན་པོའི་དྲུང་ནས་རབ་ཏུ་བྱུང་། མཚན་ཆོས་ཀྱི་རྒྱལ་མཚན་དུ་གསོལ། འདུལ་འཛིན་གྱི་ཁྱུ་མཆོག་ཆེན་པོར་གྱུར། འབའ་རོམ་ནས་བརྒྱུད་པའི་གདམས་པ་ཐམས་ཅད་གསན། གཙང་ས་སྐྱར་བྱོན་ཏེ་འགྲོ་མགོན་འཕགས་པ་མཇལ། ཏྲེ་རབ་ཁ་ནས་བཟུང་། མཆོད་ཡོན་ཡིན་པས་བླ་མའི་ཐུགས་ལ་བཏགས་ཤིང་ཡོན་མཆོད་ཞལ་འཛོམས་རྒྱས་པར་གནང་། ཁྱད་པར་ཧོར་གྱི་བཀའ་ཤོག་སྒོམ་སྡེ་ཁྲི་ཐོབ་ཡོད་པ་དང་། རས་ཚང་དབུ་དགེ་རྣམས་ཀྱིས་ཞུས་པར་མི་ཆོས་ཀྱི་དཔོན་པོ་ཕྱིས་བསྐོ་དགོས་པའི་རྟེན་འབྲེལ་ལྷན་དུ་འཛོམས་པས། གསེར་ཆོས་སོགས་སྨིན་དབང་གྲོལ་ཁྲིད་གདམས་བཅུད་རྒྱ་ཆེར་མྱངས། ཚོགས་བདག་དམར་ཆེན་གྱི་སྒྲུབ་ཐབས་དཀའ་རྒྱ་མ་མནོག་ཆོས་སུ་བསྩལ་ཅིང་། ཚོགས་བདག་བེའུ་བུམ། ཙནྡན་དམར་པོ་ལས་གྲུབ་པའི་ཚོགས་བདག་གི་སྐུ་གསུང་བྱོན་མ། བླ་རྡོ་དགོས་འདོད་ཀུན་འབྱུང་། ནོར་བུ་འཇའ་ཚོན་ཕུང་པོ། མདོ་སྟོད་མི་ཡི་ཆོལ་ཁ་བཅས་བསྩལ། ཧོར་གྱི་རྒྱལ་པོ་ཐོ་ཀེན་ཐེའི་མུར ཧོར་དང་རྒྱ་ནག་གཉིས་ཀའི་རྒྱལ་པོ་ཡིན་དུས། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་ཆེན་ནང་གི་གདན་ས་ལ་བཞུགས་པའི་འཇའ་ས བླངས་པ་ཡིན། ས་སྐྱ་ནས་ནང་ཆེན་ནང་གི་ཁྲི་ལ་ཆོས་ཀྱི་རྒྱལ་མཚན་བཞུགས་དགོས་གསུང་པའི་བཀའ་ཤོག་ཕབ་པ་གསལ་བསྒྲགས་གནང་བ་འདི་ལྟར། ཁྱེད་རས་ཚང་སྒོམ་སྡེ་བ་དང་། ཏྲེ་རབ་ཁ་བ་གཉིས་ལ་གཏོགས་པའི་ལྷ་ཁང་། དགོན་པ། བུ་སློབ། ཡོན་བདག འཁོར་ཁ་སྡེ་རིས་རྣམས་ཀྱིས་ངེས་རྒྱུར། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་གོང་མའི་བཀའ་ཤོག་རིམ་པའི་ལུང་བཞིན་དུ། ནང་སོ་ཆེན་མོའི་ཁྲི་ལ་བཞུགས་རྒྱུ་ཡིན་པས་འདིས་དབང་བའི་ལྷ་ཁང་དགོན་པ། སྡེ་རིས་སོགས་ལ་མཚེར་མ་འབབ། མདོ་སྟོད་ཁྲིམས་སུ་བཅས་པ་གོ་བར་གྱིས་ཞེས་བཀའ་ཤོག་ཇ་འདྲེན་བསྩལ། ཁྱད་པར་དུ་འགྲོ་མགོན་ ______________________ ཐོ་ཀེན་ཐེའི་མུར་ནི་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཞིག་གི་མིང་སྟེ། རྒྱ་སྐད་དུ། 妥欢帖睦尔 ཟེར། འཇའ་ས་ནི་རྒྱལ་པོ་ལྟ་བུའི་བཀའ་ཤོག་སྟེ། སྔོན་བཀའ་ཤོག་གི་མགོར་འཇའ་རིས་ ༊ འདི་ལྟ་བུ་ཡོད་པས་དེ་ལྟར་བཏགས། འཕགས་པས་ཆེན་པོ་ལ་འོས་པའི་ལེ་ཚན་བཅུ་གསུམ་འཛོམས་པའི་ནང་ཆེན་གྱི་ཐོབ་གནང་། དེ་ལྟར་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་མཆོག་མདོ་སྟོད་མི་ཡི་ཆོལ་ཁའི་རྗེ་བོར་མངའ་གསོལ་ཞིང་ཆེན་པོ་ལ་འོས་པའི་ནང་ཆེན་གྱི་ཐོབ་བསྩལ་ནས། རབ་བྱུང་ལྔ་པའི་ལྕགས་བྱི་སྤྱི་ལོ༡༣༠༠ལོར་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་བཀོད། ལོ་རྒྱུས་རྣམས་སུ་ཡོན་སོག་པོའི་རྒྱལ་པོ་ཐོ་ཀན་ཐི་མུར་གྱི་སྐབས་སུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་ཆེན་ནང་སོ་ཆེན་མོའི་ཁྲིར་འཁོད་ཅེས་བཤད། དེ་ལྟར་ན༡༣༠༠ལོར་ཁྲིར་འཁོད་པར་བཤད་པ་དེ་དང་། འགྲོ་མགོན་འཕགས་པས་ཆེན་པོ་ལ་འོས་པའི་ནང་ཆེན་གྱི་ཐོབ་གནང་ནས་ནང་སོ་ཆེན་མོའི་ཁྲིད་བཀོད་པའི་ལོ་རྒྱུས་དེ་དག་གོང་འོག་མི་འགྲིག་པའི་འགལ་འདུ་མང་དུ་མཆིས། དེ་ནས་བཟུང་རས་ཚང་སྒོམ་སྡེ་བ་དང་། ཏྲེ་རབ་ཁ་གཉིས་ཀྱི་ཆོས་སྲིད་གཅིག་གྱུར་གྱིས་ཕྱོགས་གཅིག་ཏུ་བསྐྱངས་ནས་ཏྲེ། རབ་ཁ་ཡན་གྱི་ཁྲལ་འུ་ལག་སྐུ་འབུམ་དུ་བསྡུད་ཅིང་རྒྱལ་ས་སྐུ་འབུམ་དུ་མཛད། འགའ་ཞིག་གིས་ཏྲེ་བོ་རབ་ཁ་ནི་ཟུར་མང་ཕྱོགས་ཀྱི་ཏྲེ་བོ་ཞེས་པའི་ས་ཆ་མིང་མཚུངས་པ་ཞིག་ཡོད་པ་དེ་ཡིན་ཟེར་བ་ནི་ཁ་སྔུན་ལ་མ་གཏོགས་དཔྱོད་མ་ཤེས་པའི་སྐད་ཆ་སྟེ། ཟུང་མང་ནི་སྔ་མོ་ནས་སྒོམ་སྡེའི་མངའ་འོག་ཡིན་ལ། ས་མུ་ཆོད་མཚམས་སོགས་ལ་བལྟས་པས་ཀྱང་གོ་སླ་བར་མ་ཟད། ལྷག་ཏུ་སྔོན་དུས་འབྲུ་རྗེ་ཉི་མ་དྲི་མེད་དེ་ཉིད་ཀྱི་སྲས་ཆུང་བ་མ་གད་ཅེས་གྲགས་པ་དེར་ཏྲེ་བོའི་གདུང་རྒྱུད་བྱུང་ཞིང་ཏྲེ་རབ་ཁ་ཡི་གནས་གཞི་བཟུང་བ་ནས་རྒྱལ་རབས་བཞི་བཅུ་ཞེ་བདུན་ལ་ཏྲེ་རབ་ཁར་རྒྱལ་སྲིད་བསྐྱངས་ཚུལ་གྱི་ལོ་རྒྱུས་སོགས་ཀྱིས་ར་སྤྲོད་ཕེར་པོ་བྱས་ཡོད། ཡིན་ཡང་ཏྲེ་བོའི་གདུང་རྒྱུད་ཡར་མདོ་སྟོད་དུ་གནས་སྤོས་ནས་ས་དེར་སྒར་པ་བཞུགས་པའི་ཤུལ་དུ་ཏྲེ་བོ་ཞེས་ཐོག་པ་ཨེ་ཡིན་སྙམ་པ་ནི་ཁོ་བོའི་དོགས་གཞིའོ། ། མདོ་སྟོད་མི་ཡི་ཆོལ་ཁ་སྒོམ་སྡེ་ནང་ཆེན་པའི་གཅིག་གྱུར་གྱི་རྒྱལ་རབས་དངོས་སུ་འགོ་ཚུགས། འཁོར་འབངས་ཐམས་ཅད་བྱམས་པས་བསྐྱངས། མདོ་སྟོད་མི་ཡི་ཆོལ་ཁའམ་ཁམས་སྒོམ་སྡེ་ནང་ཆེན་དུ་དེ་ནས་བཟུང་ཆོས་ལུགས་གྲུབ་མཐའ་འམ་བླ་རྒྱུད་ཀྱིས་དབང་བསྒྱུར་བྱེད་པའི་ལམ་ལུགས་ལས་སླར་ཡང་ཕ་ཤུལ་བུས་འཛིན་ནམ། རུས་རྒྱུད་ཚོ་ཁག་གིས་དབང་བསྒྱུར་བྱེད་པའི་ལམ་ལུགས་ཀྱི་ལམ་དུ་སོང་བ་རེད། དུས་སྐབས་དེའི་ཡས་མས་སུ་སྒ་ཨ་གཉན་དམ་པ་ཏི་ཤྲཱི་ཧོར་ཡུལ་དུ་ཕེབས་ནས་འགྲོ་དོན་མཛད། ཧོར་གྱི་རྒྱལ་པོས་དབུ་བླར་བསྐོས་ཤིང་། ཏི་ཤྲཱིའི་ལས་ཀ་ཕུལ། རབ་བྱུང་ལྔ་པའི་ཆུ་ཡོས་སྤྱི་ལོ༡༣༠༣ལོར་རྒྱལ་པོའི་ཕོ་བྲང་དུ་སྐུ་གཤེགས། ཁོང་སྐུ་གཤེགས་ནས་ལོ་འཁོར༡༣ལོན་པ་ན་ཧོར་གྱི་རྒྱལ་པོས་རིག་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་གོང་མའི་དབུ་བླ་དམ་པ་ཏི་ཤྲཱི་ཞེས་པའི་རྡོ་རིང་བཙུགས། འདི་ནས་ནང་ཆེན་རྒྱལ་རབས་དང་། གདན་རབས། གདུང་རབས་སོགས་ཉབ་ཉོབ་མཉམ་གཅིག་ཏུ་བགྲང་རྒྱུ་མིན་པར་ནང་ཆེན་རྒྱལ་རབས་ཀྱི་ཁྲི་འཛིན་རིམ་བྱོན་གཙོ་བོར་བགྲངས་བ་ལ། ཐོག་མར་ཏྲེ་བོའི་རྒྱལ་རབས་བཞི་བཅུ་ཞེ་བདུན་གྱིས་ཏྲེ་རབ་ཁར་རྒྱལ་སྲིད་བསྐྱངས་ཤིང་། དེ་རྗེས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་ཕེབས་ནས་ལུགས་ཟུང་བསྐྱངས་པ་ནས་བཟུང་སྲིད་འཛིན་རྒྱལ་རབས་རིམ་བྱོན་རྣམས་རིམ་པར་བགྲངས་རྒྱུ་ཡིན་ཏེ་ཁ་གསལ་ལ་རྒྱལ་རབས་དངོས་དང་འབྲེལ་བས་སོ། ། སྨྲས་པ། མདོ་ཁམས་སྒང་དྲུག་ས་ཡི་ཐིག་ལེའི་དཔྱིད་དུ་འཕོས་པའི་སྒོམ་སྡེ་བའི། ། གནས་དྲུག་ཁྲི་སྐོར་སྡེ་ལ་དབང་བསྒྱུར་རྒྱལ་སྲས་ཆོས་ཀྱི་རྒྱལ་མཚན་མཆོག། ། ཕོ་བྲང་ནང་སོ་ཆེན་མོའི་སྲིད་ཁྲིར་ཞབས་ཀྱི་པད་མོ་ལེགས་བཀོད་དེ། ། ནང་ཆེན་ཞེས་གྲགས་དབྱར་གྱི་རྔ་གསང་ཕྱོགས་ཀྱི་སྒེག་ལྡན་དཔྱིད་དུ་འཕོས། ། ཞེས་བར་སྐབས་སུ་ཕུལ་བའི་ཚིགས་བཅད་དོ། ། ༣ ནམ་མཁའ་རྒྱལ་མཚན་སོགས་ཀྱི་དུས་ནས་ཆོས་སྲིད་ཀྱི་མཛད་པ་ཇི་ལྟར་རྒྱ་བསྐྱེད་ཚུལ། ནང་ཆེན་རྒྱལ་རབས་བཞི་བཅུ་ཞེ་བརྒྱད་པ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་སུ་ཁོང་གི་མཆེད་དཔོན་ཨ་ཡུལ་གྱིས་སྡེ་སྲིད མཛད་དེ་གོ་འཇོ་ཨ་ཡི་རྒྱལ་པོ་དང་། ནེ་གེ་ཁྱུང་གི་རྒྱལ་པོ། གོ་ཐང་གོ་ཡི་རྒྱལ་པོ་བཅས་རྒྱལ་ཕྲན་སིལ་མ་མང་པོ་དབང་དུ་བསྡུས་པ་སོགས་རྒྱལ་སྲིད་ཀྱི་མཛད་པ་ཤིན་ཏུ་རྒྱས་པར་བྱུང་ངོ་། ། ནང་ཆེན་རྒྱལ་རབས་ཞེ་དགུ་པ་ནམ་མཁའ་རྒྱལ་མཚན་ཏེ། ཨ་ཡུལ་གྱི་སྲས་སུ་འཁྲུངས། ཆོས་ཀྱི་རྒྱལ་མཚན་མདུན་ནས་རབ་ཏུ་བྱུང་ཞིང་གདམས་པ་ཐམས་ཅད་གསན། སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་ཕེབས་ཤིང་། ལུགས་ཟུང་སྔར་སྲོལ་ལྟར་བསྐྱངས། མཆེད་ཀུན་དགའ་ ______________________

སྡེ་སྲིད།   གོ་གནས་ཤིག་གི་མིང་།  ཡུལ་སྡེའི་སྲིད་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་གཙོ་བོ་ལ་ཟེར། 

འབུམ་གྱིས་སྡེ་སྲིད་མཛད། དེའི་སྐབས་ཏེ། རབ་བྱུང་དྲུག་པའི་ས་ཁྱི་སྤྱི་ལོ༡༣༥༨ལོར་ཀརྨ་པ་རོལ་པའི་རྡོ་རྗེ་ཁམས་སུ་ཕེབས། རས་ཚང་སྒོམ་སྡེའི་བླ་དཔོན་རྣམས་ཀྱིས་གདན་དྲངས། ལོ་འདིའི་ཡས་མས་སུ་ཕེབས་ལམ་དུ་གུར་སྒར་ཆེན་པོ་བཏབ་ནས་བཞུགས་པས། སྒར་ཆེན་འཛམ་གླིང་རྒྱན་ཞེས་ཕྱོགས་ཀུན་ཏུ་གྲགས། ནང་ཆེན་རྒྱལ་རབས་ལྔ་བཅུ་པ་གུ་ཤྲཱི བསམ་གྲུབ་རྒྱ་མཚོ་སྟེ་ཀུན་དགའ་འབུམ་གྱི་སྲས་སེང་གེ་དཔལ། མགོ་པ་ཡོན་ཏན་རྒྱ་མཚོ། སྤྱན་སྔ་དཔལ་ལྡན་རྒྱ་མཚོ། གུ་ཤྲཱི་བསམ་གྲུབ་རྒྱ་མཚོ་སོགས་གཅེན་གཅུང་བཞི་བྱུང་བའི་གྲས་ཡིན། འགའ་ཞིག་གིས་དཔལ་ལྡན་རྒྱ་མཚོ་རྒྱལ་རབས་སྲིད་འཛིན་དུ་བགྲང་བར་བྱེད་ཀྱང་མ་ཡིན་ཏེ། ནང་ཆེན་རྒྱལ་རབས་ལུགས་གཉིས་ཀྱི་སྲིད་ཁྲི་འཛིན་མཁན་དངོས་གུ་ཤྲཱི་བསམ་གྲུབ་རྒྱ་མཚོ་ཡིན་ནོ། ། རབ་བྱུང་དྲུག་པའི་ས་སྤྲེལ་སྤྱི་ལོ༡༣༦༨ལོར་ཡོན་སོག་པོའི་རྒྱལ་རབས་མཇུག་རྫོགས་ཤིང་། རྒྱ་ནག་གི་མང་རྒྱལ་རབས་དངོས་སུ་འགོ་ཚུགས། ཡུན་རིང་སོག་པོའི་བཙན་འོག་ཏུ་གནས་པའི་རྒྱ་ནག་མི་དམངས་ལ་རང་དབང་ཅུང་ཟད་ཐོབ། དེའི་དུས་བོད་དུ་ཕག་གྲུའི་སྲིད་དབང་གི་སྐབས་ཡིན་ལ། བོད་རྒྱའི་བར་གྱི་འབྲེལ་བ་ནི་སྔར་གྱི་སོག་པོ་དང་བོད་ལྟར་མཆོད་ཡོན་གྱི་འབྲེལ་བ་ཙམ་ཞིག་ཡིན། བོད་རབ་བྱུང་བདུན་པའི་ལྕགས་སྟག་སྤྱི་ལོ༡༤༡༠ལོར་ཀརྨ་པ་དེ་བཞིན་གཤེགས་པ་ ______________________ གུ་ཤྲཱི་ལ་གོ་ཤྲཱི་སོགས་འབྲི་ཚུལ་གཞན་ཡང་འདུག་ཀྱང་འདིར་ཡོང་གྲགས་ལྟར་གུ་ཤྲཱི་ཞེས་བྲིས་པ་ཡིན། གུ་ཤྲཱི་ནི་གོ་གནས་ཀྱི་མིང་སྟེ་རྒྱ་སྐད་དུ། 国师ཟེར། རྒྱ་ནག་ནས་ཡར་ཕེབས། སྐུ་འབུམ་དུ་སྤྱན་དྲངས་ནས། དགེ་འདུན་པ་སྟོང་ཕྲག་གཉིས་གསུམ་ཙམ་གྱི་བསུ་བ་དང་བཅས་ཏེ་ཕོ་བྲང་ནང་སོ་ཆེན་མོར་ཕེབས། བླ་ཡེ་ཆེན་མོར་ནང་ཡ་གཉིས་དང་འདུས་པའི་ཚོགས་ལ་སེམས་ཁྲིད་ཀྱི་ཆོས་གནང་། འཇིག་རྟེན་གྱི་དངོས་པོ་གྲངས་ལས་འདས་པ་ཕུལ། གོང་བཤད་ལྟར་ནང་ཡ་ཞེས་པ་ནི་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་འཛིན་ནང་ཆེན་པའི་གདུང་རྒྱུད་དང་། ཚང་གསར་པའི་གདུང་རྒྱུད་ལ་གོ་བ་ཡིན་ཏེ《ཆོས་འབྱུང་མཁའ་པའི་དགའ་སྟོན》སོགས་ལས་ཀྱང་གསལ། བསམ་གྲུབ་རྒྱ་མཚོ་རབ་ཏུ་བྱུང་། ཀུན་དགའ་དཔལ་བཟང་པོའི་མཚན་དང་། གསེར་གྱི་ཐམ་ག་ཆེན་པོ། ཐམ་གའི་ཁ་རིས་ལ། རྒྱ་ནག་སྐད་དུ། ཀྭན་ཏིང་ཙིང་ཀྱའི་ཤིན་ཧུའི་ཤེ་གོ་ཝེ་ཤྲཱི བོད་སྐད་དུ། སྤྱི་བོ་ནས་དབང་སྐུར་བའི་ཆེན་པོ་རྒྱལ་ཁམས་ཀྱི་བླ་མ་ཆོས་ཁྲིམས་བཅའ་བའི་རྒྱལ་པོ་ཞེས་སོ། ། གསེར་གྱི་ཐམ་ག་འདི་ནི་གོང་ནས་ཀརྨ་པས་མི་ཆེན་བཅུ་གསུམ་གྱི་ལས་ཀ་བསྣམས་པ་ལས་གཉིས་ནང་ཡ་དང་། གཞན་རྣམས་ཕག་འབྲི་སོགས་ལ་གནང་བ་ཡིན་ཏེ། ཕག་གྲུའི་གདན་ས་མཐིལ་དུ་གནང་བའི་ཐམ་གའི་ཁ་རིས་ལ་ཁྲན་ཧྥ་ཝང་། 阐化王 སྟེ་བོད་སྐད་དུ་སྤྲུལ་པ་སྤེལ་བའི་རྒྱལ་པོ་ཞེས་པ་དང་། འབྲི་གུང་སྤྱན་སྔ་དོན་གྲུབ་ལ་གནང་བའི་ཐམ་གའི་ཁ་རིས་ལ། ཆེན་ཀྱའུ་ཝང། 阐教王སྟེ་བོད་སྐད་དུ་བསྟན་པ་སྤེལ་བའི་རྒྱལ་པོ་ཞེས་པ་དང་། སྟག་ཚང་པ་ལ་གནང་བའི་ཐམ་གའི་ཁ་རིས་ལ། ཧུ་ཀྱའུ་ཝང་辅教王སྟེ། བོད་སྐད་དུ་བསྟན་པ་སྐྱོང་བའི་རྒྱལ་པོ་ཞེས་དང་། སྡེ་དགེ་གླིང་ཚང་ལ་གནང་བའི་ཐམ་གའི་ཁ་རིས་ལ། ཙན་ཤན་ཝང་། 赞善王སྟེ་དགེ་ལ་རྟོན་པའི་རྒྱལ་པོ་ཞེས་པ་སོགས་སོ། ། གོང་མ་ཆེན་པོ་ཏཱ་མིང་རྒྱལ་པོས་ཀརྨ་པ་ལ་ལུགས་གཉིས་ཀྱི་བདག་པོ་བླ་མ། གཞུའི་ལའི་ཏའི་བའུ་ཧྥ་ཝང་། 两种制度王 ཁྱེད་ཡིན་པས་བོད་ཀྱི་བསྐོ་འཇའ་ཐམས་ཅད་ཁྱེད་ཤེས་སུ་ཆུག་ཅེས་པ་སོགས་ཀྱི་ལས་ཀ་བསྣམས་ཡོད་པ་ཡིན། འདི་དག་ནི་ཏ་མིང་རྒྱལ་པོའི་སྐབས་སུ་བོད་ལ་དབང་སྒྱུར་བའི་དུས་ཀརྨ་པར་ལས་ཀ་འདི་དག་ཐོབ་པའོ། །

སྐབས་དེ་དུས་སོག་པོ་དང་རྒྱ་ནག་གི་གོ་གནས་སམ་ཆེ་རྟགས་སྤྲད་པ་དེ་དག་ཧ་ཅང་མཐོང་ཆེན་བྱེད།    བོད་ཀྱི་བླ་ཆེན་དག་གིས་རང་རང་གི་གྲུབ་མཐའ་དང་དབང་བསྒྱུར་སྲ་བརྟན་ཡོང་ཆེད་སོག་པོ་དང་མན་ཇུ་མི་རིགས་ཀྱི་རྒྱལ་པོ་དག་ལ་རྒྱབ་བརྟེན་བཅོལ་ཞིང་།    ཁོ་ཚོས་ཀྱང་བོད་ཀྱི་བླ་ཆེན་ཁག་གྲོགས་སུ་བཀུག་ནས་རང་རང་གི་དབང་བསྒྱུར་སྲིད་ཇུས་ལམ་སློང་ཡོང་ཐབས་བྱེད་ཀྱི་ཡོད།      ཡིན་ཡང་།    བོད་ཀྱི་བླ་ཆེན་ཁག་ལ་བསྩལ་བའི་གོ་གནས་སམ་མིང་དེ་དག་ནི་ཆེ་རྟགས་དང་།    གཟིངས་བསྟོད་ཀྱིས་རྒྱབ་བསྐྱོར་གྱི་ཚུལ་དུ་ཕུལ་བ་ལ་ཁོ་ཚོའི་འཁོར་འབངས་ལ་གོ་གནས་སྤྲད་པ་ལྟ་བུ་མ་ཡིན། 
དེ་ནས་ཀརྨ་པས་བསམ་གྲུབ་རྒྱ་མཚོ་ལ་གོས་ཆེན་དེང་ཕོན་ལས་གྲུབ་པའི་བླ་བྲེ།   སྟག་མགོ་ནོར་བུ་གསུམ་པ་སོགས་འཇིག་རྟེན་གྱི་གནང་བ་རྒྱ་ཆེན་པོ་དང་བཅས་ཏེ་ཕོ་བྲང་ནང་སོ་ཆེན་མོའི་གདན་སར་བསྐོས།   ལུགས་གཉིས་ཀྱི་བཀའ་ཁྲིམས་བཟུང་བའི་གོ་གནས་གནང་།  ད་ཕྱིན་གཅིག་གིས་གཅིག་ལ་འཚེ་བ་མི་བྱེད་པའི་བཀའ་ཁྱབ་བསྩལ།   ལྷ་ཁང་དང་དགོན་པར་འཛིན་སྐྱོང་དཔེ་མེད་མཛད། གསེར་གྱི་བཀའ་བསྟན་འགྱུར་བཞེངས།  གཙུག་ལག་གསར་བསྐྲུན་མཛད་པ་སོགས་མཛད་རྗེས་ཆེ།   ཡོན་ཏན་རྒྱ་མཚོ་རབ་ཏུ་བྱུང་ཞིང་།    ལྕི་སྟོད་རྫི་བོ་ཐོད་དཀར་ཞེས་པའི་རྫོང་བརྩིགས།  འཇམ་མགོན་བླ་མ་ཙོང་ཁ་བའི་སློབ་རྒྱུད་ལྕགས་ར་ཀུན་དགའ་རྒྱལ་མཚན་གྱི་བཞེད་བསྐུལ་ལྟར་ཆོས་སྒར་སྐར་མདའ་དགོན་པ་ཕྱག་བཏབ་ནས་ཞྭ་སེར་བསྟན་པའི་རིང་ལུགས་རྒྱས་པར་མཛད།  དཔལ་ལྡན་རྒྱ་མཚོ་རབ་ཏུ་བྱུང་ཤིང་ཆོས་ཁྲི་མནན།  སེང་གེ་དཔལ་གྱིས་ལུགས་གཉིས་ཀྱི་བྱ་བར་ཞབས་འདེགས་རླབས་ཆེན་བསྒྲུབ།    ཁོང་གི་སྲས་གྲགས་པ་རྒྱལ་མཚན་གྱིས་ཐ་དཀར་གྱི་རྫོང་བླངས།   ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་ནམ་མཁའ་ལྟར་རྒྱས།

ནང་ཆེན་རྒྱལ་རབས་ལྔ་བཅུ་ང་གཅིག་པ་གུ་ཤྲཱི་ཆོས་དཔལ་བཟང་པོ་སྟེ། གྲགས་པ་རྒྱལ་མཚན་གྱིས་གསེར་བཟའ་ཁབ་ཏུ་བཞེས་པས་བུ་བཞི་བྱུང་བ་ནི་ཞང་ལྷ་དང་། ཀུན་དགའ་རྒྱ་མཚོ། ཆོས་དཔལ་བཟང་པོ། འོད་ཟེར་བཟང་པོ་བཞི་ཡིན། སྐུ་མཆེད་དེ་བཞི་ལས་ཆོས་དཔལ་བཟང་པོ་ནི་གོང་གི་ནང་ཆེན་རྒྱལ་རབས་ལྔ་བཅུ་པ་བསམ་གྲུབ་རྒྱ་མཚོའམ་ཀརྨ་ཀུན་དགའ་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་། སྔར་སྲོལ་གྱི་གདམས་པ་ཐམས་ཅད་རྫོགས་པར་གསན་ནས་གདན་ས་མཛད། ལུགས་གཉིས་སྔར་སྲོལ་ལྟར་བསྐྱངས་སོ། ། ནང་ཆེན་རྒྱལ་རབས་ལྔ་བཅུ་ང་གཉིས་པ་གུ་ཤྲཱི་ཆོས་དཔལ་གྲགས་པ་ཡིན། དེ་ཡང་ཞང་ལྷས་བཙུན་མོ་གཉིས་བཞེས་པའི་ཁྱུང་མོ་ལ། སྲས་གཅོད་པ་རྒྱལ། གྲགས་པ་གཉིས་འཁྲུངས། དངུལ་བཟའ་ལ་སྲས་རྟགས་མཚན་ཅན་ཞིག་འཁྲུངས་པ་ནི་སངས་རྒྱས་གྲགས་པ་སྟེ་སྲས་སྐུ་མཆེད་གསུམ་བྱོན། གཅོད་པ་རྒྱལ་གྱི་སྲས་གུ་ཤྲཱི་ཆོས་དཔལ་གྲགས་པ་དང་། ཆོས་སྐྱོང་སྐྱབས་གཉིས་སོ། །དེའི་དུས། རབ་བྱུང་བརྒྱད་པའི་ཤིང་ལུག་སྤྱི་ལོ༡༤༧༥ལོར་སྒོམ་སྡེ་བ་རྣམས་ཀྱིས་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དཔལ་གཞུང་དུ་སྤྱན་དྲངས། ཁྲི་ར་ཅན་གྱི་འབུལ་བ་བྱས། ཁྲོམ་ཁྲི་ཕྲག་ཚོགས་པ་རྣམས་ལ་དབང་ཁྲིད་རྫོགས་པར་གནང་། ཆོས་དཔལ་གྲགས་པ་ལ་གུ་ཤྲཱིའི་ལས་ཀ་དང་། ཤེ་ཐམ། ཟང་ཟིང་གི་གནང་སྦྱིན་བཅས་གདན་སར་བསྐོས། སྒོམ་སྡེ་ནང་ཡ་གཉིས་ཅུང་ཟད་མི་མཐུན་པ་བྱུང་བ་རྣམས་ཁོང་གིས་འགྲིག་མཐུན་གནང་། དེ་ནས་བཟུང་གུ་ཤྲཱི་ཆོས་དཔལ་གྲགས་པ་དང་། ཚང་གསར་རྡོ་བཅངས་པ་རྣམས་གཉིས་དཔེ་མེད་ཐུགས་མཐུན་པོ་བྱུང་ཞིང་། སྒོམ་སྡེའི་སྐུ་མཆེད་ཅེས་སྒར་ཆེན་དུ་གྲགས་ཤིང་ཐུགས་མཛའ་བར་གྱུར། འདི་པའི་སྐུ་རིང་ལ་བེ་རི་ཆུང་ཤེས་ཀྱི་ཕ་མེས་བེ་རི་སེང་གེའི་མི་ལོག་སྨད་ནས་དགེ་ལྡན་པ་འཁྲུགས་པས་སྐུ་འབུམ་རྩ་བར་བསླེབས། བཀའ་ཁྱབ་བཟང་པོ་མཛད་ནས་རེ་འཛིའི་ས་གནང་། ཁོ་རང་ཚོ་དེར་བསྡད་པས་སྐྱིད་པོ་བྱུང་སྟེ། ཁ་བཤད་ལ། ཞྭ་སེར་ཅན་གྱིས་སྤྱུགས་པ་ཡིན། ། བེར་སེར་ཅན་གྱི་བཀའ་དྲིན་ཡིན། ། ཞེས་བཤད་པ་བྱུང་ཟེར་ཞིང་བེ་རིའང་ནང་ཆེན་པའི་བློན་པོ་གྲགས་ཤོས་ཡིན་ནོ། ། སྨྲས་པ། ན༵ང་ཆེན་ན༵ང་སོ་ཆེན་མོའི་ཁྲི་འཛིན་ས་སྐྱོང་འཁོར་ལོའི་བསྒྱུར་བའི་རྒྱལ། ། ཆོ༷ས་རྒྱལ་ཆོ༷ས་ཀྱི་རྒྱལ་མཚན་གང་དེས་མི་ཡི་ཆོལ་ཁ་བསྐྱངས་ཚུན་ནས། ། རྒྱ༷ལ་པོ་རྒྱ༵ལ་རབས་རིམ་བྱོན་རྣམས་ཀྱིས་ལུཊ་བཟང་མ་ཉམ་རྒྱུན་བསྐྱངས་ཏེ། ། གཅི༷ག་ལས་གཅི༷ག་མཚར་ཆོས་སྲིད་འཕེལ་རྒྱས་ཡར་ངོའི་ཟླ་ཤེལ་རྗེས་སུ་སྙེགས། ། ཞེས་བར་སྐབས་ཀྱི་ཚིགས་བཅད་དོ། ། ______________________ ཤེ་བམ་མམ་ཤེ་ཐམ་ནི། གོང་ནས་བླ་མའམ་དཔོན་རིགས་དགོན་པ་སོགས་ལ་གོ་སའམ་འཁོར་འབངས་ས་ཆ་གནང་བའི་ཡི་གེ་ལ་ཟེར། བཞི། སྐུ་འབུམ་དང་ཡ་གསུམ་སྟོད་མ་ལྷན་དུ་སྲིད་བསྐྱངས་ཚུལ་བཤད་པ།

༡ སངས་རྒྱས་གྲགས་པས་ཡ་གསུམ་སྟོད་མར་དབང་བསྒྱུར་ཏེ་རྒྱལ་སྲིད་བསྐྱངས་ཚུལ། ཞང་ལྷའི་སྲས་སངས་རྒྱས་གྲགས་པ(ཡ་གསུམ་སྟོད་མའི་ཁྲི་རབས་དང་པོ)ཆོས་དཔལ་བཟང་པོ་ལས་རབ་ཏུ་བྱུང་། འབའ་རོམ་ནས་རྒྱུད་པའི་ཡབ་མེས་ཀྱི་གདམས་པ་ཐམས་ཅད་གསན། སྟག་ལུང་དུ་བྱོན། ངག་དབང་གྲགས་པ་མཇལ། གདམས་པ་སྤྱི་དང་ཁྱད་པར་མགོན་པོ་ཕྱག་བཞི་པའི་སྐོར་མ་ལུས་པར་གསན། ལོ་བཅུ་གཉིས་ལ་རིང་ལུགས་གཉིས་ཀྱི་ཞབས་ཞུ་དཔག་ཏུ་མེད་པ་ཕུལ་བས་ཐུགས་མཉེས་ཏེ་བཞུགས། ཕུང་བྱེད་ནོར་བུ་གཟི་འབར། ཡ་གསུམ་སྟོད་མའི་རྫོང་དང་བཅས་གདན་སར་བསྐོས། གཞན་ཡང་རྟེན་གནྡྷོ་ལ་དང། ནཱ་རོ་གར་མཁན་སོགས་རིན་ཐང་བྲལ་བའི་རྟེན་གསུམ་མང་པོ་ལག་ཏུ་སོན། རབ་བྱུང་དགུ་པའི་ཤིང་ཁྱི་སྤྱི་ལོ༡༥༡༤ལོར་ཀརྨ་པ་མི་སྐྱོད་རྡོ་རྗེ་ཁམས་ནང་ཆེན་དུ་ཕེབས། ནང་ཆེན་གུ་ཤྲཱི་སངས་རྒྱས་གྲགས་པ་དང་། བསོད་ནམས་བཟང་པོ་ཁུ་མཚན་གཉིས་དང་། ཚང་གསར་གུ་ཤྲཱི་བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་མཇལ་བཅར་ཞུས། ལོ་དེའི་ཡས་མས་སུ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞལ་སློབ་གངས་ཅན་བཀྲ་ཤིས་རྣམ་གསུམ་གྱི་ཡ་གྱལ་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས“ཀརྨ་སྒར་བྲིས”ཀྱི་སྲོལ་གཏོད། དེ་ནས་བཟུང་ཀརྨ་སྒར་བྲིས་ཀྱི་བྲིས་འབུར་དང་ཡིག་གཟུགས་མདོ་སྟོད་ནང་ཆེན་གྱི་ས་གནས་སོ་སོར་དར་རྒྱས་ཆེན་པོ་བྱུང་། གུ་ཤྲཱི་སངས་རྒྱས་གྲགས་པས་ཡ་གསུམ་སྟོད་མར་དབང་བསྒྱུར་བ་ནས་བཟུང་སྒོམ་སྡེ་ནང་ཆེན་དང་ཡ་གསུམ་སྟོད་མ་གཉིས་ཀྱི་ཆོས་སྲིད་ལྷན་དུ་བསྐྱངས། ནང་ཆེན་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་འཛིན་རྒྱལ་རབས་ང་གསུམ་པ་ནི་བཀྲ་ཤིས་བཟང་པོ་སྟེ། གོང་གི་ཆོས་སྐྱོང་སྐྱབས་ཀྱི་སྲས་དཀར་བཟའ་མར་འཁྲུངས་པའི་བཟང་པོའི་མཚན་ཅན་བཞི་ནི། ནམ་མཁའ་བཟང་པོ། ཆོས་སྐྱོང་བཟང་པོ། བསོད་ནམས་བཟང་པོ། བཀྲ་ཤིས་བཟང་པོ་སྟེ་བཞིའོ། །

བཀྲ་ཤིས་བཟང་པོོ་སྒོམ་སྡེ་སྨད་མའམ་སྐུ་འབུམ་གྱི་སྲིད་ཁྲིད་འཁོད།  ཆོས་སྲིད་ཀྱི་མཛད་བཟང་གངྒའི་རྒྱུན་བཞིན་སྔར་ལུགས་ལྟར་བསྐྱངས།  ནམ་མཁའ་བཟང་པོ(ཡ་གསུམ་སྟོད་མའི་ཁྲི་རབས་གཉིས་པ།)ཡ་གསུམ་སྟོད་མའི་རྒྱལ་པོ་མཛད།  ཆབ་སྲིད་མངའ་ཐང་ཆེར་རྒྱས།  སྒོམ་སྡེ་ཡ་གསུམ་སྟོད་མར་གྲགས།  སྟག་ལུང་ཕོ་མདོའི་ཡ་གསུམ་ཐང་ཞེས་པར་གཏན་ཆགས།    དེ་དུས་ས་ཡི་ཆོད་མཚམས་ཡང་སྟོད་ནས་བྱང་གནམ་མཚོའི་སྲིབ་ཆེན་སྒེར།   སྨད་ནས་ཤག་གི་སྦང་ངུ(བྲག་ཆུང་ངུ)ཟམ་ཁ་ཡིན།  

ནམ་མཁའ་བཟང་པོའི་སྲས་སེང་གེ་རྒྱལ་མཚན(ཡ་གསུམ་སྟོད་མའི་ཁྲི་རབས་གསུམ་པ)དང་། སངས་རྒྱས་རྒྱལ་མཚན་གཉིས། དེ་ལས་སེང་གེ་རྒྱལ་མཚན་གྱིས་ཡ་གསུམ་སྟོད་མའི་སྲིད་ཆོས་བཞིན་བསྐྱངས། སྟག་ལུང་དབོན་མོ་བསུས་ཀྱང་སྲས་མ་བྱུང་བས་གསེར་དངུལ་གྱིི་གསུང་རྟེན་མང་པོ་བཞེངས། སྒོམ་སྡེ་སྟོད་མར་གྲགས་ཤིང་སྲིད་འགྲན་ཟླ་བྲལ་བར་བྱུང་། གཅུང་སངས་རྒྱས་རྒྱལ་མཚན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་བསླབ་པ་ནན་ཏན་དུ་མཛད་པས་འདུལ་བ་འཛིན་པའི་ཁྱུ་མཆོག་ཏུ་གྱུར། ༢ ནང་ཆེན་སེང་གེ་རྒྱལ་མཚན་གྱིས་ཐུ་ལུ་ཧུན་གྱི་དམག་དཔུང་ཚར་བཅད་ཚུལ།

 སྒོམ་སྡེ་སྨད་མའམ་ནང་ཆེན་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་འཛིན་ང་བཞི་པ་ནི་སེང་གེ་རྒྱལ་མཚན་ཡིན་ཏེ།  དེ་ཡང་སྒོམ་སྡེ་སྨད་ནས་ཁྲི་འཛིན་བཀྲ་ཤིས་བཟང་པོ་གྲོངས་ནས་ཐུ་ལུ་ཧུན  དམག་གིས་སྡང་ཞིང་སྒོམ་སྡེའི་རྒྱལ་སྲིད་ལ་འགལ་རྐྱེན་འབྱུང་ཉེན་ཡོད་པའི་སྐབས་སུ།    ཡ་གསུམ་སྟོད་ནས་སེང་གེ་རྒྱལ་མཚན་ལ།   སྟག་ལུང་དབོན་མོ་སོགས་རང་ཁུངས་སྤྱི་མགྲིན་གྱིས་བཤོལ་འདེབས་མཛད་པས།  ཕྱིར་ལྡོག་གནང་ཐུབ་ངེས་ཀྱི་དབུ་བསྙུང་བཞེས་ཤིང་མདོ་ཁམས་ལ་ཕེབས་ནས་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་གསེར་ཁྲི་མནན།  ཚུལ་མིན་འཁྱོགས་པོར་སྤྱོད་པའི་སྦྲུལ་གདུག་གི་ངང་ཚུལ་ཞི་བས་སྲོང་མི་ཐུབ་པ་རྣམས་དྲག་པོའི་མཚོན་རྩེར་དྲངས།   ནང་ཆེན་སེང་གེའི་མགོ་ཅན་ཞེས་གྲགས་པའི་སྒྲ་ཆེན་ཕྱོགས་ཀྱི་དྲེགས་ལྡན་ཀུན་གྱི་ཐོས་འཛིན་རྣ་བའི་དཔྱིད་དུ་འཕོས་པས་སྐྱེངས་པའི་མགོ་བོ་ལན་བརྒྱར་དུད།  དེ་རྗེས་ཁོང་ཡ་གསུམ་སྟོད་མར་ཕེབས་མ་ཐུབ་པས་མནའ་བཤགས་སུ་དངུལ་བྲིས་བཀའ་འགྱུར་བཞེངས།  ཁུ་བོ་བསོད་ནམས་བཟང་པོ་ཡ་གསུམ་སྟོད་མའི་ཁྲི་ཚབ་ཏུ་བཏང་བ་ལྟར་ནང་ཆེན་སྒོམ་སྡེ་སྟོད་མའམ་ཡ་གསུམ་སྟོད་མའི་ སྲིད་ཁྲི་བཟུང་།  སྟག་ལུང་ངག་དབང་རྣམ་རྒྱལ་གྱི་ལྕམ་སྲིང་ལ་འཁྲུངས་པའི་རྒྱལ་སྲས་མདུན་ཁག་ 

______________________ ཐུ་ལུ་ཧུན་ནི་སྔོན་མ་མཚོ་སྔོན། ཀན་ལྷོ། རྔ་བ་སོགས་ཀྱི་ཡུལ་ཁམས་ལ་དབང་བསྒྱུར་བའི(ད་ལྟའི་ཞིན་ཅང་གི་ཡུལ་ཁག་ཅིག་ཀྱང་འདུས)རྒྱལ་པོ་ཞིག དེ་དག་ནི་འ་ཞའི་རིག་བརྒྱུད་ཡིནལ། འགའ་ཡིས་བོད་མི་རིགས་ལས་ཆད་པའི་རིགས་རྒྱུད་ཅིག་ཡིན་ཟེར། རྒྱ་སྐད་ལ吐谷浑ཟེར། དེང་སང་མཚོ་སྔོན་ཕྱོགས་ཀྱི་བོད་རིགས་འགའ་ཞིག་འ་ཞའི་རྒྱུད་པ་ཡིན་ནོ། །ལོ་རྒྱུས་གཞན་དུ་ཐུའུ་ཡོས་ཧོན་ཞེས་བྲིས་པའང་འདུག གིས་རྒྱལ་བ་བསོད་ནམས་རྒྱ་མཚོ་སྤྱན་དྲངས་ཤིང་། བྱང་ཆུབ་ལམ་གྱི་རིམ་པ་སོགས་ཟབ་རྒྱས་གདམས་པ་ནོད། ཐུགས་ལ་བཏགས་པ་བྱུང་ཞིང་འབུལ་ཆེན་སྟབས། དེ་སྐབས་ཐུ་ལུ་ཧུན་དམག་གིས་ཤིན་ཏུ་སྡང་སྟེ་རྒྱལ་རྒན་བསོད་ནམས་བཟང་པོ་སྒོམ་སྡེ་སྨད་མར་ཕེབས་དགོས་བྱུང་རྐྱེན་སྒོམ་སྡེ་ནང་ཆེན་སྟོད་མའམ་ཡ་གསུམ་སྟོད་མའི་གནས་གཞི་ལ་བདག་བཟུང་མ་ཐུབ་པར་ལུས་པས་ རིམ་བཞིན་ནང་ཆེན་རྒྱལ་ཁམས་དང་གྱེས་པར་སྣང་། 《 ཏུན་ཧོང་གཏེར་ཡིག》 དང་། 《 ཐང་ཡིག་གསར་རྙིང》 སོགས་ལས་གསལ་བ་ལྟར་ན་ཐུ་ལུ་ཧུན་ནམ་ཐུའུ་ཡོས་ཧོན་ནི་འ་ཞའི་རིགས་རྒྱུད་མ་ཡིན་པར། སྔོན་ཞན་ཕའེ་རིགས་ལས་ཆད་པའི་མི་རིགས་ཤིག་ལས་ཐུའུ་ཡོས་ཧོན་བྱ་བས་རང་གི་མི་སྡེ་རྣམས་ཁྲིད་དེ་མདོ་སྨད་ཀ་ཅུ་རྒྱུད་དེ། ཀན་སུའུ་དང་། མཚོ་སྔོན་ཕྱོགས་ཀྱི་ས་ཆ་དག་གི་མི་སྡེ་དག་ལ་དབང་བསྒྱུར་ཏེ་སྲིད་བཙུགས། དེའི་རྗེས་སུ་བུ་ཡེ་ཡན་ཞེས་པའི་སྐབས་ཁན་ཧན་གྱི་མིང་བཟུང་ནས་མཚོ་སྔོན་པོའི་ནུབ་ཕྱོགས་འ་ཞའི་རྒྱལ་མཁར་ལ་རྒྱལ་ས་བྱས་ཏེ། འ་ཞའི་རྒྱལ་ཁམས་ལ་དབང་བསྒྱུར་ནས་རྒྱལ་རབས་མང་པོ་འདས། སྲོང་བཙན་གྱི་དུས་སུ་དམག་དྲངས་ནས་འ་ཞ་བསྣུབས་རྗེས་རྒྱལ་བློན་ཁ་ཤས་ཀན་སུའུ་ཕྱོགས་ལ་བྲོས། མི་སྡེ་མང་ཆེ་བ་བོད་བཙན་པོའི་ཆབ་འབངས་སུ་གྱུར་ནས། སིལ་བུའི་དུས་སུ་མདོ་སྨད་ཕྱོགས་ལ་འ་ཞའི་རིགས་རྒྱུད་ཀྱི་ཚོ་བ་མང་པོ་ཡོད། དེ་དག་ལས་ཁ་ཤས་མཚོ་སྔོན་དང་དཔའ་རིས་ས་ཆར་གནས་པ་དག་དེང་སང་ཁ་ཤས་ཀྱིས་ཧོར་རིགས་རེད་ཀྱང་ཟེར། ཡང་འགའ་ཤས་རྒྱ་དང་མི་ཉག་གི་ཆ་ཤས་སུ་ཐིམས་པར་གྱུར་ཅེས་བཤད། གང་ལྟར་བོད་སིལ་བུའི་རྗེས་ཏེ་ས་སྐྱ་དང་ཕག་གྲུའི་སྲིད་དབང་གི་སྐབས་ཡས་མས་སུ། དེ་དག་གིས་མཚོ་སྔོན་ཕྱོགས་སུ་དབང་བསྒྱུར་ཏེ་གནས་ཤིང་། མདོ་ཁམས་སྟོད་ཕྱོགས་ནས་སྒོམ་སྡེ་ནང་ཆེན་པའི་རྒྱལ་སྲིད་ལ་དབང་བསྒྱུར་བའི་རྒྱལ་རྒན་བཀྲ་ཤིས་བཟང་པོ་འདས་པས། དུས་སྐབས་དེ་དང་བསྟུན་ནས་ཐུ་ལུ་ཧུན་གྱི་དམག་གིས་སྒོམ་སྡེ་ནང་ཆེན་ཕྱོགས་ལ་དབང་བསྒྱུར་བདག་བཟུང་དང་ས་ཁུལ་བཙན་འཕྲོག་བྱེད་པར་ཡོང་། ཡིན་ནའང་། རྒྱལ་རྒན་བཀྲ་ཤིས་བཟང་པོའི་དབོན་སེང་གེ་རྒྱལ་མཚན་ཞེས་དཔའ་རྩལ་འགྲན་ཟླ་བྲལ་བ། བློ་གྲོས་ལྡན་ཞིང་ཐབས་ལ་མཁས་པ་ཞིག་ཡོད་པ་དེ་ཉིད་སྒོམ་སྡེ་སྟོད་མའམ་ཡ་གསུམ་སྟོད་མའི་རྒྱལ་པོ་མཛད་དེ་བཞུགས་པའི་སྐབས་སུ། སྒོམ་སྡེ་སྨད་མའམ་སྐུ་འབུམ་ལ་ཐུ་ལུ་ཧུན་གྱི་དམག་གིས་གཙེས་ཤིང་། རྒྱལ་སྲིད་ལ་འགལ་རྐྱེན་འབྱུང་ཉེན་ཡོད་པའི་སྐབས་དེར། སེང་གེ་རྒྱལ་མཚན་ཕྱིར་ཕེབས་ཏེ་ཚུལ་མིན་གྱི་རིགས་རྣམས་དྲག་པོའི་མཚོན་ལ་དྲངས། ཐུ་ལུ་ཧུན་གྱི་དམག་ཕྱིར་ཟློག་གནང་སྟེ། མདོ་སྟོད་སྒོམ་སྡེའི་གསེར་ཁྲིར་བཞུགས། ཆོས་སྲིད་ལུགས་གཉིས་སྔར་བཞིན་བསྐྱངས། བཀྲ་ཤིས་བཟང་པོའི་ཁྱུང་བཟའ་ཁབ་ཏུ་བཞེས་པས་སྲས་མེད་སྟབས་བུ་ཚབ་ཏུ་ཁྱུང་མོའི་གཡུ་འབུམ་སྔོན་མོ་བྱ་བ་བཞེངས་པར་གྲགས།

  《  རྒྱལ་བ་བསོད་ནམས་རྒྱ་མཚོའི》  རྣམ་ཐར་སོགས་ལས་དུས་སྐབས་དེར་རྒྱལ་དབང་མཆོག་འཇོ་མདོར་ཕེབས་པའི་ཚེ་ཡུལ་ལུགས་ཀྱི་གོ་ཁྲབ་གྱོན་པའི་ཧོར་གྱི་རྟ་པ་སྟོང་ཕྲག་གིས་བསུ་བ་དང་།   ཧོར་སྟོད་པ་ཁྲོ་རྒྱལ་འབུམ་དང་སྨད་པ་ཀརྨ་དཔལ་སྒོམ་སྡེ་ནང་ཆེན་གྱིས་ཞུ་ཡིག་དང་བཅས་གུས་མཆོད་ལྷུར་ལེན་བྱས་ཤིང་།     ཧོར་སྟོད་པ་ལྷ་སྲུང་དང་།  སྨད་པ་ཀརྨ་དཔལ་སོགས་ཕྱོགས་ཀྱི་འབྲོག་སྡེ་རྣམས་ཀྱིས་ཟང་ཟིང་གི་བསྙེན་བཀུར་བགྱིས་ཞེས་སོགས་གསལ་བ་ལྟར་དུས་སྐབས་དེར་རྒྱལ་བ་བསོད་ནམས་རྒྱ་མཚོ་མདོ་སྟོད་ཕྱོགས་ལ་ཕེབས་ཡོད་པ་མཚོན་ནོ།   །

སྒོམ་སྡེ་ནང་ཆེན་སྨད་མའི་རྒྱལ་རབས་ཁྲི་འཛིན་ང་ལྔ་པ་རིན་མགོན་ནི་གོང་གི་བཀྲ་ཤིས་བཟང་པོས་སྒོམ་སྡེ་ནང་ཆེན་སྨད་མའི་ཆབ་སྲིད་བཟུང་སྟེ། ཡབ་མེས་ཀྱི་ཕྱག་སྲོལ་བསྐྱངས་ཤིང་ཧོར་མོ་ཁབ་ཏུ་བསུས་པས་སྲས་གུར་མགོན་དང་། རིན་མགོན་གཉིས་འཁྲུངས། རིན་མགོན་གུ་ཤྲཱི་ཆོས་དཔལ་གྲགས་པ་ལས་རབ་ཏུ་བྱུང་། ཡབ་མེས་ནས་བརྒྱུད་པའི་ལུགས་གཉིས་ཀྱི་ཕྱག་རྒྱུན་ཐམས་ཅད་མ་ལུས་པར་གསན་གཞེས་མཛད། ནང་སོ་ཆེན་མོའི་ཁྲིར་བཞུགས། ལུགས་གཉིས་ཆོས་སྲིད་ཀྱི་ཕྱག་རྒྱུན་སྔར་སྲོལ་ལྟར་བསྐྱངས། གུར་མགོན་གྱིས་སྐུ་འབུམ་དུ་སྡེ་སྲིད་བསྐྱངས། འབུལ་བ་དཔག་མེད་ཕུལ། ནང་ཆེན་རྒྱལ་རབས་ང་དྲུག་པ་བསོད་ནམས་དཔལ་ལྡན་ནི་གུར་མགོན་གྱི་སྲས་སུ་རབ་བྱུང་དགུ་པའི་ཤིང་སྟག་སྤྱི་ལོ༡༥༥༤ལོར་འཁྲུངས། སྲས་གཞན་ཀུན་དགའ་གྲགས་པ་སྟེ་སྐུ་མཆེད་འདི་གཉིས་ཀྱིས་རྒྱལ་དབང་བྱང་ཆུབ་རྡོ་རྗེ་སྐུ་འབུམ་དུ་སྤྱན་དྲངས། འབུལ་བ་དཔག་ཏུ་མེད་པ་ཕུལ། བསོད་ནམས་དཔལ་ལྡན་ལ་གུ་ཤྲཱིའི་ལས་ཀ་གནང་ནས་རྒྱལ་སར་བཏོན། སྒོམ་སྡེ་སྨད་མའི་རྒྱལ་སྲིད་སྔར་ལྟར་བསྐྱངས་པར་མཛད། བསོད་ནམས་དཔལ་ལྡན་ལ་སྲས་གཉིས་རེ། བསོད་ནམས་རྒྱལ་དང་། བསོད་ནམས་ཚེ་རིང་གཉིས་སོ། ། བསོད་ནམས་དཔལ་ལྡན་རབ་བྱུང་བཅུ་པའི་ས་ཕག་སྤྱི་ལོ༡༥༩༩ལོར་གཤེགས། ནང་ཆེན་རྒྱལ་རབས་ང་བདུན་པ་བསོད་ནམས་རྒྱལ་ཡིན་ལ། བསོད་ནམས་དཔལ་ལྡན་གྱི་སྲས་སུ་འཁྲུངས། བསོད་ནམས་རྒྱལ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་རྗེས་སུ་བཟུང་། ཀན་ཏིང་གུ་ཤྲཱིའི灌顶国师ལས་ཀ་གནང་སྟེ་གདན་སར་འཁོད། འདི་དུས་ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་ཀྱིས་སྔར་སྲོལ་ལྟར་འཇའ་ས་བསྒྲགས་དོན། ཡ་གསུམ་སྟོད་མ་དང། རྫ་འབྲི་གཉིས་གཙོས་རས་ཚང་སྒོམ་སྡེའི་ལྷ་སྡེ་མི་སྡེ་ཡོངས་ལ་ཞུ་སྤྲིང་། ངེད་ཀྱི་ཆོས་རྗེ་འཕགས་པ་རིན་པོ་ཆེ་དང། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་མཆོག་ནས་བཟུང་གདན་སའི་སྐོ་བཞག་རིམ་པར་མཛད་པ་ལྟར་བསོད་ནམས་རྒྱལ་ཁྲི་ལ་བཀོད་པ་ཡིན་སོགས་ཀྱི་མཚོན་ཆེ་བསྟོད་བསྩལ། རྒྱལ་སར་འཁོད་ཅིང་ཆབ་སྲིད་ཤིན་ཏུ་རྒྱས་པ་བྱུང་། གོང་གི་ཀུན་དགའ་གྲགས་པའི་སྲས་ཀུན་དགའ་རྒྱལ་པོ་ཡིན། ཀུན་དགའ་རྒྱལ་པོས་ཐུགས་དམ་ལ་གསེར་དངུལ་གྱི་འབུམ་རྒྱས་འབྲིང་བསྡུས་གསུམ་བཞེངས། བོད་ནས་ཅུང་སྙན་གྲགས་ཆེ་བའི་བླ་ཆེན་ཁག་གིས་རང་རང་གི་དབང་བསྒྱུར་ཆེད་ས་གནས་སོ་སོའི་དཔོན་མགོ་དག་ལས། རང་རང་གི་བློ་ལ་འབབ་པའི་རྒྱལ་སྲས་རེ་གདམས་ནས་ཁྲི་ལ་བཀོད་པ་ཡིན་ཏེ། དེ་ཡང་དེ་དུས་དབང་བསྒྱུར་གྱི་ཐབས་ལམ་ཞིག་ཡིན་པར་སྣང་། ༣ བེ་རིའི་དམག་དཔུང་ནང་ཆེན་དུ་སླེབས་ནས་བེ་ནང་གཡུལ་འཁྲུག་བྱུང་ཞིང་སྐུ་འབུམ་གྱི་རྒྱལ་ས་མཇུག་བསྡུས་ཚུལ། ནང་ཆེན་རྒྱལ་རབས་ང་བརྒྱད་པ་གུ་ཤྲཱི་ཀརྨ་རབ་བརྟན་ནི། ཀུན་དགའ་རྒྱལ་པོས་ངོམས་བཟའ་མ་བླངས་པས་སྲས་གུ་ཤྲཱི་ཀརྨ་རབ་བརྟན་དང་། བློ་གྲོས་རྒྱལ་པོ་གཉིས་ཏེ། བློ་གྲོས་རྒྱལ་པོ་རབ་བྱུང་བཅུ་པའི་ས་ཕག་སྤྱི་ལོ༡༥༩༩ལོར་འཁྲུངས། འགའ་ཞིག་གིས་བློ་གྲོས་རྒྱལ་པོ་ནང་ཆེན་རྒྱལ་རབས་ཁྲི་འཛིན་དུ་བགྲངས་འདུག་ཀྱང་དོན་དུ་སྲིད་འཛིན་ངོ་མ་ནི་གུ་ཤྲཱི་ཀརྨ་རབ་བརྟན་ཡིན། བློ་གྲོས་རྒྱལ་པོས་དགོན་པ་གསར་འཛུགས་བཅུ་གསུམ་ཙམ་གྱི་སྦྱིན་བདག་མཛད། ཁོང་གིས། སེམས་ཅན་བདེ་སྐྱིད་རྒྱལ་བའི་བསྟན་ལ་རགས། །བསྟན་པའི་རྒྱལ་མཚན་དགེ་འདུན་སྡེ་ཡིས་འཛིན། །དགེ་འདུན་སྡེ་དེ་ལུགས་གཉིས་ཁྲིམས་ཀྱིས་བཀུར། །སྐྱབས་གནས་བསླུ་མེད་སངས་རྒྱས་བསྟན་པ་ཡིན། ། འཇིག་རྟེན་བདེ་བར་བྱེད་པ་རྒྱལ་པོའི་ཁྲིམས། ། ཞེས་སོགས་གསུངས་ནས་བཀའ་ཤོག་ཆེད་བསྒྲགས་བྱས་ཤིང་། མངའ་ཞབས་ཐམས་ཅད་དགེ་བཅུའི་ཁྲིམས་ལ་བཀོད། རྒྱལ་བའི་བསྟན་ལ་སྲི་ཞུ་སྒྲུབ་པ་སྟེ། དགོན་སྡེ་ཆེ་འབྲིང་ཆུང་གསུམ་གྱི་སྦྱིན་བདག་ཞུ་རྒྱུ་གནང་ནས། ཐ་དད་དགེ་འདུན་རྣམས་ལ་བསྙེན་བཀུར་བྱས། བང་མཛོད་ཐམས་ཅད་ཕྱོགས་མེད་དུ་འགྱེད་ཆེན་བཏང་ནས་དབུལ་བའི་ཚ་གདུང་གིས་མནར་བའི་འགྲོ་བ་རྣམས་ལ་བདེ་སྐྱིད་ཀྱི་དཔལ་འབྱོར་ཆར་དུ་བསྙིལ། དབུས་སུ་ཕེབས་ཏེ་རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ཡབ་སྲས་དང་། ཇོ་ཤཱཀ་རྣམ་གཉིས་སོགས་མཇལ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ལས་ཆོས་འབྲེལ་ཞུས། ཇིང་གེར་རྒྱལ་རིགས་ཤིག་དང་བོད་ཀྱི་ཁྲི་དཔོན་གཉིས་མཐུ་ཡིས་བཀྲོངས། དགུང་གྲངས་སོ་དྲུག་བཞེས་པ་རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ༡༦༣༤ལོར་གཤེགས། ཀུན་དགའ་རྒྱལ་པོའི་སྲས་གཉིས་པ་གུ་ཤྲཱི་ཀརྨ་རབ་བརྟན་རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་སྤྱི་ལོ༡༦༠༣ལོར་འཁྲུངས། ཀརྨ་སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོའི་ཞབས་དྲུང་དུ་ཕེབས། མཆོད་པའི་ཡོ་ཟད་བསམ་གྱིས་མི་ཁྱབ་པ་ཕུལ། གུ་ཤྲཱིའི་ལས་ཀ ་དང་དབང་ཁྲིད་མང་དུ་གསན། ཕོ་བྲང་ནང་སོ་ཆེན་མོའི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོར་བསྐོ་བཞག་མཛད། མཚན་ཡང་ཀན་ཏིང་གུ་ཤྲཱི灌顶国师ཀརྨ་རབ་བརྟན་ལྷུན་གྲུབ་དཔལ་བཟང་པོ་ཞེས་དང་། དངོས་པོའི་གནང་སྦྱིན་རྒྱ་ཆེན་བསྩལ། བསྟན་པ་སྤྱི་དང་སྒོས་དྭགས་བརྒྱུད་ཀྱི་བསྟན་པ་སྤེལ་དགོས་པའི་གསུང་གནང།

དེའི་དུས་ཁམས་ཕྱོགས་ཀྱི་རྒྱལ་ཕྲན་བེ་རི་བའི་སྟོབས་ཤུགས་སྔར་ལས་རྒྱས་ཤིང་།     མདོ་ཁམས་ཀྱི་ས་གནས་ཕལ་ཆེ་བར་དམག་དྲངས་ནས་དབང་བསྒྱུར་གཉའ་གནོན་བྱས།      སྤྱིར་བེ་རི་ནི་ཁམས་ཕྱོགས་ཀྱི་ལོ་རྒྱུས་སྟེང་གྲགས་པ་ཆེ་བའི་ས་གནས་རྒྱལ་ཕྲན་ཞིག་ཡིན་ལ།      བོད་སོག་བར་གྱི་འབྲེལ་བ་འཛུགས་མཁན་ཐོག་མའང་ཡིན་ཏེ།   ས་སྐྱ་པཎ་ཆེན་སོོག་ཡུལ་དུ་ཕེབས་སྐབས་ཀྱང་བེ་རི་ལ་བརྟེན་ནས་ངོ་བལྟས་ཞེས་གསལ་བ་ལྟར་བེ་རི་བ་ནི་ཧོར་སོག་པ་དང་འབྲེལ་འདྲིས་སྔ་ཤོས་ཡིན་པར་སྣང་།     དུས་སྐབས་དེ་དག་ནས་བཟུང་སྟེ་བེ་རི་ས་སྐྱའི་རྒྱབ་བསྐྱོར་ལ་བརྟེན་ནས་དབང་ཤུགས་ཆེ་རུ་སོང་ཞིང་།    ཕྱིས་སུ་ནང་ཆེན་རྒྱལ་པོ་གུ་ཤྲཱི་ཀརྨ་རབ་བརྟན་གྱི་སྐབས་ཡས་མས་སུ་མདོ་ཁམས་སྟོད་ཕྱོགས་ནས་བེ་རི་རྒྱལ་པོ་ནི་སྟོབས་ཤུགས་ཆེ་ཤོས་ཀྱི་ས་གནས་རྒྱལ་ཕྲན་ཞིག་ཡིན། 

སྨར་ཁམས་ནས་བེ་རི་སྨད་མའི་བུ་བེ་རི་དོན་ཡོད་རྡོ་རྗེར་གྲགས་པ་དང་། བོན་རྙིང་མའི་བླ་མ་སྣང་ཞིག་ཅེས་པ་གཉིས་མཆོད་ཡོན་ཟུང་འབྲེལ་བྱས་ནས་ནང་སྡེབ་སྟེ་ཆབ་མདོ་དང་། བྲག་ཡབ། སྡེ་དགེ་སོགས་མདོ་ཁམས་ཀྱི་ཡུལ་ལྗོངས་ཕལ་ཆེར་རྡོ་སྒྱོགས་ཀྱི་འཕྲུལ་འཁོར་བཅས་ནས་མངའ་འོག་ཏུ་བཙུད་པ་དང་ཡུལ་ནས་བཏོན། སྣང་ཞིག་བོན་པོའི་ངག་ལ་ཉན་ནས་སྤྱིར་སངས་རྒྱས་བསྟན་པ་དང་། དགོས་སུ་དགེ་ལྡན་པར་སྡང་ཚབ་ཆེ་བར་བྱས་ཤིང་། བླ་དགེ་སུམ་བརྒྱ་ཟིན་པ་ཙམ་བཀྲོངས། བོད་ཁམས་ཡོངས་རྫོགས་བོན་རྙིང་མར་བསྒྱུར་རྒྱུའི་རེ་བ་བྱས་རྐྱེན་རེ་ཞིག་ཁམས་ཕྱོགས་ཀྱི་ཁྲིམས་སྲིད་ཉམས་ཏེ་སྡེ་ཤོག་རེ་ལ་དཔོན་ཕྲན་རེ། ལུང་ཆུང་རེ་ལ་ཚོ་རྒན་རེ། རི་འབུར་རེ་ལ་རྫོང་ཆུང་རེ། སྡེ་ལ་དཔོན་མེད། དཔོན་ལ་ཁྲིམས་མེད། ཚོ་ཆེན་གྱིས་ཚོ་ཆུང་ཟ། ཤེད་ཆེན་གྱིས་ཤེད་མེད་བརྡུང། རྫིའུས་ཁ་ཆེམས་འཇོག ཆུ་ལེན་གྱི་དགྲ་ཆས་སྤྲས་དགོས་གྱུར་པའི་སྐབས། རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ༡༦༣༤ལོར་སྐུ་འབུམ་དུ་བེ་རིའི་དམག་སླེབས། ཡུན་རིང་འཁྲུགས་ཀྱང་མཐའ་མ་འཆོལ་བར་ནང་ཆེན་པ་དང། ཚང་ གསར་སོགས་སྒོམ་སྡེ་བ་རྣམས་ལྕི་གསང་རྫོང་དང་། ལྕི་ཉིན་སོགས་སུ་བཙན་བྱོལ་བྱས། གདན་ས་སྐུ་འབུམ་གྱི་རྒྱལ་རབས་མཇུག་རྫོགས་སོ། ། ༤ གུ་ཤྲཱི་ཀརྨ་རབ་བརྟན་གྱི་སྐབས་བེ་རེའི་དམག་ཚོགས་བཅོས་ནས་ནང་ཆེན་གནས་དྲུག་ཁྲི་སྐོར་གྱི་ས་སྡེ་སོར་བཞག་སྔར་ལྟར་གནས་ཚུལ། བེ་རི་རྒྱལ་པོ་ནི་ཁམས་ཕྱོགས་ནས་ཅུང་སྙན་གྲགས་དང་དབང་ཤུགས་ཆེ་བའི་རྒྱལ་པོ་ཞིག་ཡིན་འདུག་ཀྱང། རང་ཉིད་ཀྱི་རྒྱབ་རྟེན་བཅོལ་ས་དང་། སྒེར་གཅོད་ཀྱི་བྱ་ལས་ངན་པས་མཐར་ཉམས་ཆགས་ཆེན་པོ་བྱུང་བ་རེད། ཡིན་ཡང་དེ་དག་གི་སྐབས་སུ་བོད་ནང་གི་རྒྱལ་ཕྲན་སོ་སོའི་དཔོན་པོ་རྣམས་ཀྱིས་རང་གི་དབང་ཤུགས་སྲ་བརྟན་གྱི་ཆེད་དུ་སོག་པོ་དང་། ཆོས་དཔོན་གང་རུང་རེ་ལ་རྒྱབ་བཅོལ་ནས་ནང་ཁུལ་འཁྲུགས་རྩོད་ཀྱི་ཡོ་ལང་ཆེན་པོ་ཞིག་བསྐྲུན་པས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྲག་དྲི་བྲོ་བའི་དོན་རྐྱེན་མང་པོ་བཟོས་ཡོད་པར་མ་ཟད། དུས་སྐབས་དེར་ཡང་མདོ་ཁམས་སྟོད་དུ་ནང་ཁུལ་འཁྲུགས་རྩོད་ཡ་ང་བ་མང་པོ་བྱུང་བས་མང་ཚོགས་རྣམས་སྡུག་གི་རྒྱ་མཚོར་བསྐྱལ། བེ་རིའི་དམག་གི་གནོད་པས་རེ་ཞིག་སྒོམ་སྡེ་ནང་ཆེན་པའི་ལུགས་གཉིས་ཀྱི་སྲིད་ཁྲིམས་ཉམས་པར་གྱུར་ཀྱང་སླར་ཡང་ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ་རྒྱལ་སྲིད་ཆེས་ཆེར་རྒྱས་པར་གྱུར། གུ་ཤྲཱི་ཀརྨ་རབ་བརྟན་སྟོད་ཕྱོགས་སུ་བྱོན་ནས་ལྷ་ལྡན་ཇོ་བོ་རིན་པོ་ཆེ་དང་། གཞན་ཡང་སྟོད་ཕྱོགས་ཀྱི་བླ་མ་མང་པོ་མཇལ། དེ་དུས་རབ་བྱུང་བཅུ་གཅིག་པའི་ས་ཡོས་སྤྱི་ལོ༢༦༣༩ ལོར་གུ་ཤྲཱི་ཧན གྱིས་མཚོ་སྔོན་ནས་དམག་དཔུང་འབོར་ཆེན་ཁྲིད་དེ་ཁམས་ཕྱོགས་ནས་འཁྲུགས་ཟིང་སློང་བཞིན་པའི་བེ་རི་བའི་སྟེང་དུ་དཔུང་འཇུག་བྱས། ཟླ་ལྔ་པའི་ནང་གུ་ཤྲཱི་ཀརྨ་རབ་བརྟན་གྱིས། འབྲུག་མདོ་ཁམས་པའི་ཕྱག་མཛོད་གོ་འཇོ་གཉེར་རྒོད་མ་དང་བཀའ་བགྲོས་ཏེ་སོག་དམག་གིས་སྣ་དྲངས་ནས་བེ་རིའི་ཐོག་ཏུ་དཔུང་ཚོགས་འདྲེན་སྐབས། ལོ་གཅིག་ལྷག་གི་རིང་འཐབས་འཁྲུགས་བྱས་པ་རྒྱུད་བེ་རིའི་མགོ་པ་དོན་ཡོད་རྡོ་རྗེའི་རྗེས་འབྲང་བཅས་མི་བརྒྱ་ལྷག་རྩ་མེད་བཏང་། དེ་ནས་བཟུང་བེ་རི་བའི་སྟོབས་ཤུགས་རིམ་བཞིན་ཉམས་རྒུད་དུ་སོང་། མདོར་ན་དེ་དག་གི་སྐབས་སུ་བོད་ཀྱི་རྒྱལ་ཕྲན་སོ་སོའི་ཆོས་ལུགས་གྲུབ་མཐའ་གང་ཞིག་གི་ཆེད་དུ་གཞན་གྱི་དམག་དཔུང་མང་པོ་ནང་འདྲེན་བྱས་ཏེ་བོད་ནང་དུ་འཁྲུག་རྩོད་མང་པོ་བྱུང་ཞིང་། བོད་ཡུལ་གོང་བུ་གཅིག་གྱུར་ལ་གཏོར་བརླག་ཚབ་ཆེན་བཏང་ཡོད་པར་མ་ཟད། ཤི་འཕོ་བརླག་དུམ་ལྟ་བུའི་བོད་ཀྱི་སྲིད་འབྱོར་རིག་གསུམ་མུ་མཐུད་ཉམས་པ་ནས་རྒུད་པའི་གནས་མལ་དུ་ལྷུང། སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་ནང་ཆེན་གནས་དྲུག་ཁྲི་སྐོར་གྱི་ས་སྡེ་སོར་བཞག་ ______________________ སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ། སྔར་ཨ་མདོ་སོག་རིགས་ཚོ་བ་ཧོ་ཤོད་ཀྱི་འགོ་དཔོན་ཞིག་ཡིན། འདི་ཉིད་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ལོ་དཔུང་ཚོགས་དང་བཅས་དབུས་སུ་འབྱོར། ཆུ་ལུག་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་བཀུར་བཟོས་ཀྱིས་ཆོས་སྲིད་གཉིས་ལྡན་དགའ་ལྡན་ཕོ་བྲང་གསར་དུ་བཙུགས།

སྔར་ལྟར་གནས་དགོས་པའི་ཤེ་བམ་གནང་།  སྐད་རིགས་མི་གཅིག་པའི་སྡེ་མང་པོ་མངའ་འོག་ཏུ་བསྡུས། ཆོས་སྲིད་ནམ་མཁའ་དང་མཉམ།   འདི་ལྟར་གསུངས་ཏེ།    སྔར་དྲུང་པ་སི་ཏུ་རིན་པོ་ཆེས། དཔོན་འདི་ལ་ཧུར་པོ་ཧུར་པོ་ཡོང་བའི་རིགས་འདུག་ཅེས་གསུངས་མྱོང་བ།  བདག་གིས་དེང་སང་སྡིག་པ་འདི་ལྟ་བུ་བྱེད་པ་དེ་དགོངས་པ་རེད་ཅེས་གསུངས།     ཐུགས་དམ་ལ་མདོ་སྐལ་གཉིས་བཞེངས།  ལུགས་གཉིས་ཀྱི་མཛད་པར་ནང་ཆེན་པའི་རྒྱལ་རབས་ནང་འདི་སྟོབས་ཆེ་བར་གྲགས།   དེ་ནས་གུ་ཤྲཱི་ཀརྨ་རབ་བརྟན་དེ་ཉིད་ཆོས་སྲིད་ཀྱི་མཛད་པ་ནམ་མཁའ་ལྟར་རྒྱས་ཤིང་དགུང་གྲངས་བཞི་བཅུ་བཞེས་པ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ༡༦༤༢ལོར་གཤེགས།

ཚང་གསར་བློ་གྲོས་རིན་ཆེན་དང་། ལྡན་མ་འཇམ་ཚུལ་སོགས་ཀྱིས་དགུང་གྲགས་བཞི་བཅུ་ཞེ་ལྔ་བཞེས་ནས་སྤྱི་ལོ༡༦༤༧མེ་ཕག་ལོར་འདས་པར་བཤད་པ་ནི་ནོར་བ་ཡིན་སྟེ། ཡིག་རྙིང་ཁག་དུ་མ་ལས་དགུང་གྲངས་བཞི་བཅུ་བཞེས་ནས་སྤྱི་ལོ༡༦༤༢ལོར་འདས་པར་བཤད་པ་ལྟར་ཡིན། ལྷོ་བསྟན་མིང་པས་ཀྱང་དགུང་གྲགས་ཞེ་ལྔ་བཞེས་ནས༡༦༤༨ས་བྱི་ལོར་སྐུ་གཤེགས་ཅེས་བྲིས་འདུག་པ་ནི་རེ་རེ་བཞིན་རྩིས་ན་དགུང་གྲངས་དང་ལོ་ཚིགས་ལོ་ཁམས་སོགས་ལྷུ་གཏན་ནས་འགྲིག་ཐམས་མེད་པ་ཞིག་སྟེ། ཕོ་ཚོད་ཀྱིས་སྨྱུག་ཁ་གང་བྱུང་དུ་བཀོལ་བ་ཙམ་ལས་གཞི་འཛིན་ས་གང་ཡང་མེད་པ་ཤེས་དགོས། དེ་དག་གི་སྐབས་སུ་བོད་རྒྱའི་བར་གྱི་འབྲེལ་བ་ནི་སྔོན་མ་སོག་པོ་དང་བོད་ཀྱི་མཆོད་ཡོན་འབྲེལ་བ་དེ་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ལ་སོག་རྒྱལ་གྱིས་ཏཱ་ལའི་མཚན་སྙན་བསྩལ་ཞིང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་ཏཱ་ལའི་བླ་མའམ་རྒྱ་མཚོའི་བླ་མ་ཞེས་བཀུར་བཟོ་མཐོ་བར་སྔགས་ཤིང་། སོག་པོ་དང་དགེ་ལུགས་པའི་བར་མཆོད་ཡོན་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གྱུར། ལྷག་པར་དུ། སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་རྒྱབ་སྐྱོར་འོག་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་མགོ་རྟིང་སློག་སྟེ། གནམ་སྐོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་ནས། རྒྱལ་དབང་ལྔ་པ་ཆེན་པོ་བོད་གཅིག་གྱུར་གྱི་རྗེ་བོར་བསྐོས་པ་ནས་བཟུང་། རྒྱ་བོད་བར་གྱི་འབྲེལ་བ་ཆད་པར་གྱུར། མདོ་ཁམས་སྟོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་ཡོད་ཚད་ཀྱང་ཐད་ཀར་གོང་ནས་དགའ་ལྡན་ཕོ་བྲང་གི་བཀའ་བཀོད་ལྟར་ལམ་ལུགས་སྐྱོང་བཞིན་ཡོད་པ་ལས་ཕྱི་འབྲེལ་གྱི་མི་རིགས་གཞན་དག་ལ་འབྲེལ་བ་དེ་ཙམ་མེད་དོ། ། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་སྐུ་འབུམ་གྱི་ནང་སོ་ཆེན་མོའི་སྲིད་ཁྲིར་ཕེབས་ནས་རིམ་བཞིན་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་མི་ལོ་སུམ་བརྒྱ་སུམ་ཅུ་སོ་བཞི་ལ་རྒྱལ་སྲིད་བསྐྱངས་པ་སྟེ། འདི་དག་ནི་སྐུ་འབུམ་སྐབས་ཀྱི་ནང་ཆེན་པའི་རྒྱལ་རབས་ཏེ་བར་དར་ནང་ཆེན་རྒྱལ་རབས་ཀྱི་སྐབས་སོ། །

  སྨྲས་པ། 

ཀ་རཎ་ཌ་ཡི་དབྱངས་རྟ་ལ་འགྲན་སྙན་པའི་གྲཊ་དཀར་གཡོ་བ་ཅན། ། ཁ་བའི་ལྗོངས་ཀྱི་ཞིང་གི་བྱེ་བྲག་མདོ་སྟོད་སྒོམ་སྡེའི་རྒྱལ་སྲིད་ཆེ། ། ག་ཕྱི་ལོག་པའི་གནོད་པ་ངན་པས་རེ་ཞིག་ཉམས་པར་གྱུར་ནའང། ། ང་རྒྱལ་ཅན་གྱི་དཔུང་གྱི་སྤྲིན་ཚོཊ་གནས་སྐབས་ཙམ་ལས་བརྟན་མ་གྱུར། ། ཞེས་བར་སྐབས་ཀྱི་ཚིགས་བཅད་དོ། །

ལྔ། གསང་རྫོང་རྩེར་རྒྱལ་སྲིད་བསྐྱངས་ཚུལ་བཤད་པ།

༡ རྒྱལ་དབང་ལྔ་པ་ཆེན་པོས་ནང་ཆེན་ཨ་ཉོག་རྒྱལ་པོར་བྱང་ཕྱོགས་དབང་བསྐུར་རྒྱལ་པོ་ ཞེས་པའི་ཆོ་ལོ་བསྩལ་ཤིང་། གུ་ཤྲཱི་ཧན་གྱིས་ནང་ཆེན་དཔོན་མགོ་ཉེར་ལྔར་དེམ་ཆིའི་ གོ་གནས་བསྩལ་ཚུལ། གོང་ནས་གདན་ས་སྐུ་འབུམ་གྱི་རྒྱལ་ས་འཕོས་རྗེས་ནང་ཆེན་རྒྱལ་ས་གཉིས་པ་གསང་རྒྱལ་ནོར་བུ་ལྷ་རྩེར། གསང་རྫོང་ཞེས་པའི་བཙན་རྫོང་ཕོ་བྲང་རྔམ་རྗིད་ལྡན་ཞིང་། ལྟ་ན་སྡུག་པ་བཞེངས། གོང་གི་གུ་ཤྲཱི་ཀརྨ་རབ་བརྟན་གྱི་སྲས་བཀྲ་ཤིས་དར་མ་བསྟན་སྲུང་སྟེ། རབ་བྱུང་བཅུ་གཅིག་པའི་ཆུ་བྱ་སྤྱི་ལོ༡༦༣༣ལོར་སྐྱེས། འཇིག་རྟེན་གྱི་བྱ་བ་ཆེད་དུ་མི་སྒྲུབ་དགེ་བའི་ཐུགས་དང་ལྡན། ནང་ཆེན་རྒྱལ་རབས་ང་དགུ་པ་སྲས་ནོར་བུའམ་ཨ་ཉོག་རྒྱལ་པོ། མིང་གཞན་མི་དབང་རིན་ཆེན་རྣམ་རྒྱལ་མཆོག་ནི་བློ་གྲོས་རྒྱལ་པོའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ ༡༦༣༤ལོར་འཁྲུངས། དགུང་གྲངས་དགུར་སོན་དུས་གུ་ཤྲཱི་ཀརྨ་རབ་བརྟན་འདས་ནས་རྒྱལ་སྲིད་ཀྱི་ཁྲིར་འཁོད་པས་ནང་ཆེན་ཨ་ཉོག་རྒྱལ་པོར་གྲགས། ཀརྨ་ཕྲིན་ལས་ཀྱིས་བཀྲ་ཤིས་དར་མ་བསྟན་སྲུང་དང་། ཨ་ཉོག་རྒྱལ་པོ་གཉིས་མི་གཅིག་མིང་གི་རྣམ་གྲངས་དུ་བཀྲལ་འདུག་པ་ལྟར་འབྲོང་པ་རྒྱལ་པོ་དང་། ལྷོ་བསྟན་འཛིན་ཉི་མ་གཉིས་ཀྱིས་ཀྱང་ཐུགས་ཉམས་མ་བཞག་པར་དེའི་རྗེས་སུ་འབྲང་འདུག་པ་ནི་ནོར་བ་ཡིན་ལ། དོན་དུ་བཀྲ་ཤིས་དར་མ་བསྟན་སྲུང་ནི་གུ་ཤྲཱི་ཀརྨ་པ་རབ་བསྟན་གྱི་སྲས་ཡིན་ལ། ཨ་ཉོག་རྒྱལ་པོའམ་མི་དབང་རིན་ཆེན་རྣམ་རྒྱལ་ནི་བློ་གྲོས་རྒྱལ་པོའི་སྲས་ཡིན་ཞིང་། ཁོང་ལ་གོང་ས་ལྔ་པ་ཆེན་པོས་བློ་བཟང་དབང་གྲགས་ཅེས་པའི་མཚན་གནང་བ་སོགས་ཡིག་རྙིང་ཁག་ལས་གསལ། རྒྱལ་དབང་ལྔ་པ་ཆེན་པོས བོད་ལ་དབང་སྒྱུར་སྐབས། དབུས་སུ་མཇལ་བཅར་ཞུས་པས་བདག་རྐྱེན་ལེགས་པོ་གནང་ཞིང་། ནང་ཆེན་རྒྱལ་པོ་བློ་བཟང་དབང་གྲགས་ཞེས་པའི་མཚན་དང་བྱང་ཕྱོགས་དབང་བསྐུར་རྒྱལ་པོ་ཞེས་པའི་ཆོ་ལོ་བསྩལ། ཕོ་བྲང་པོ་ཏ་ལ་གསར་བཞེངས་སྐབས་ཞབས་ཞུ་དང་། གདན་སར་སྒོམ་སྡེ་ཁག་ཚན་གསར་གཏོད་གནང་། རིས་མེད་ཀྱི་བསྟན་འཛིན་སྐྱེས་མཆོག་རྣམས་དང་། གོང་ས་ཆེན་པོ་ལས་ཆོས་ཀྱི་བདུད་རྩི་བཞེས། དུད་བརྒྱ་དགོན་སོགས་ཞྭ་སེར་བའི་རིང་ལུགས་གསར་འཛུགས་དང་དར་ཞིང་རྒྱས་པར་མཛད། འདིའི་སྐབས་ཡས་མས་སུ་གུ་ཤྲཱིས་ཧན་གྱིས་ནང་ཆེན་དཔོན་མགོ་ཉེར་ལྔར་དེམ་ཆིའི་གོ་ས་དང་། ལས་ཐོབ་བསྩལ་བས་དེ་ནས་བཟུང་ནང་ཆེན་ཉེར་ལྔའི་ཁུལ་ཞེས་གྲགས། ______________________ རྒྱལ་དབང་ལྔ་པ་སྤྱི་ལོ༡༦༡༧ལོར་འཁྲུངས། དགུང་ལོ་ཉེར་ལྔ་བར་གུ་ཤྲཱི་ཧན་གྱིས་ཁོང་ཉིད་གཞིས་ཀ་རྩེར་གདན་དྲངས། གཙང་བ་རྒྱལ་བོའི་ཕོ་བྲང་གཞིས་ཀ་བསམ་གྲུབ་རྩེས་ཐོག་དྲངས་པའི་བོད་ཆོལ་ཁ་ གསུམ་གྱི་དབང་ཆ་ཡོངས་རྫོགས་ཕུལ་བ་ཡིན་ཞེས་ཁྱབ་བསྒྲགས་མཛད་དེ་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་བཙུགས། དགུང་ལོ་སོ་དྲུག་པར་མན་ཇུ་གོང་མ་ཤུན་ཙིས顺治གདན་ཞུས་ལྟར་པེ་ཅིན་དུ་ཕེབས། གོང་མ་ཤུན་ཙིས་ཆེ་བསྟོད་དང་གསེར་གྱི་ཐམ་ག་བཅས་ཀྱི་ལེགས་སྐྱེས་བསྩལ། ཁོང་གི་ཆོས་སྲིད་ཀྱི་མཛད་བཟང་ཀུན་ཏུ་ཁྱབ་པའི་མཐུ་ལ་བརྟེན་ནས་བོད་ཁམས་གཅིག་གྱུར་གྱིས་ཆོས་སྲིད་ལུགས་གཉིས་ལ་མངའ་དབང་བསྒྱུར། ༡༦༨༢ལོར་སྐུ་གཤེགས། ཁྱད་པར་འབྲི་གུང་ལྷོ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་སྤྱན་དྲངས། མཚན་མི་དབང་རིན་ཆེན་རྣམ་རྒྱལ་དུ་གསོལ། ལྷོ་མི་གཡེལ་ཕུག་གི་གདན་ས་བཞེངས། གནམ་ཆོས་མི་འགྱུར་རྡོ་རྗེ་དང་། ཀརྨ་ཆགས་མེད་གཉིས་གསང་རྫོང་ནོར་བུ་ལྷ་རྩེར་གདན་དྲངས་ནས་གཙུག་ཏུ་བཀུར། རིས་མེད་ཀྱི་བསྟན་དགོན་འཛིན་སྐྱོང་སྤེལ་བ་དང་། མངའ་འབངས་བྱམས་བརྩེས་བསྐྱངས་པ་སོགས་མདོར་ན་ཆོས་རྒྱལ་འདིས་ལུགས་གཉིས་ཀྱི་མཛད་ཁྱབ་གཞན་ལས་ཅུང་ཟད་ཆེ་བར་མངོན། མཐར་དགུང་གྲངས་ཞེ་བདུན་བཞེས་པ་རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་སྤྱི་ལོ༡༦༧༠ལོར་རྐྱེན་ལམ་དུ་གཤེགས། ལོ་རྒྱུས་འགའ་རེར་རྒྱལ་པོ་འདི་ཉིད་ཀྱིས་རྒྱལ་དབང་ལྔ་པ་ཆེན་པོ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཀའ་ལྟར་ཕྱག་ལས་གནང་ཞིང་། ནང་ཆེན་གྱི་བླ་གྲྭ་གང་མང་སེ་འབྲས་དགའ་གསུམ་གྱི་གྲྭ་སར་གཏོང་བ་སོགས་བྱེད་ཅིང་། ཐོབ་དང་གོ་ས་སོགས་དགའ་ལྡན་ཕོ་བྲང་ནས་རྒྱབ་སྐྱོར་གནང་བས་རྒྱལ་པོའི་དེའི་ཕྱོགས་ལ་གལ་ཆེན་མཛད་པར་བརྟེན་གྲུབ་མཐའི་ཕྱོགས་རིས་ལྟ་བུ་ཞིག་གམ་ཡང་ན་དམིགས་ཡུལ་གཞན་ཡང་ཡོད་ངེས་མོད། གང་ལྟར་རྒྱལ་པོ་ཉིད་སྐུ་ཚེ་མཐར་མ་ཕྱིན་པར་ནང་ཁུལ་གྱིས་བཀྲོངས་པ་རེད་ཅེས་ཟེར་སྲོལ་འདུག་པ་དག་དོན་ལ་གནས་པར་སེམས། ལྷག་པར་དེ་དག་གི་སྐབས་སུ་དགེ་རྒྱལ་དཔོན་ཚང་གིས་ནང་ཆེན་རྒྱལ་པོའི་ཕྱོགས་ལ་ངོ་ལོག་ནས་ནང་ཁུལ་གཡུལ་འཁྲུགས་བྱུང་བའི་ལོ་རྒྱུས་ཀྱང་ཡིག་ཚང་ཁ་ཤས་ལ་འདུག་པར་མ་ཟད། ནང་ཆེན་རྒྱལ་པོ་འདི་ཉིད་ལ་གཅེན་པོ་ཞིག་ཡོད་པའང་ནང་ཁུལ་དགེ་རྒྱལ་ཕྱོགས་ཀྱི་འཁོར་གཡོགས་འགའི་བྱ་ངན་ལ་བརྟེན་ནས་དམག་ཐོག་ཏུ་བཀྲོངས་པར་བཤད། གཞན་དེ་སྔོན་གུ་ཤྲཱི་ཀརྨ་རབ་བརྟན་གྱི་སྐབས་སུ་དགེ་རྒྱལ་ཀརྨ་གཡུལ་རྒྱལ་ཟེར་བས་རྒྱལ་པོ་མགོ་སྐོར་བཏང་ནས་མིང་རྗེས་ཚུལ་སོགས་ཀྱི་ལོ་རྒྱུས་འདུག་ཀྱང་དེ་དག་ཁུངས་མེད་བཤད་སྒྲོས་ཙམ་ལས་ལོ་རྒྱུས་ཡིག་ཚང་ཆེ་ཁག་རྣམས་སུ་མི་གསལ། གཅུང་ཨོ་རྒྱན་གུ་རུས་ཚྭ་རྒྱལ་གྱི་མདུན་དུ་གནས་གཞི་བཟུང་སྟེ་བཞུགས་པས་ནང་ཆེན་སྒར་ཆུང་དུ་གྲགས་ལ། རྟེན་སྐལ་དང་། འབངས་སྡེ་ཡང་མང་ཙམ་བཞུགས། ཕྱིས་སུ་ལྷ་མོ་དཔལ་འཛོམས་བྱ་བའི་གྲྭའུ་བཟའ་གཏུམ་དྲག་ཅན་གྱི་སྐབས་གཞི་གཅིག་དགོས་ཚུལ་བཤད་པས་མ་ཉན་པས་ཁྲོས་ཏེ། རྟེན་དང་བཅས་པ་གཞུང་བཞེས་བྱས་ནས་འབངས་སྡེ་ཕལ་པར་གྱུར། འདིའི་མི་རྒྱུད་ད་ལྟའང་ཡོད་དོ། ། ལོ་རྒྱུས་སྤྱིའི་ཆ་ནས་མན་ཇུ་རིགས་ཀྱིས་རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་སྤྱི་ལོ༡༦༤༤ ལོར་དམག་དྲངས་ཏེ་པེ་ཅིན་ལ་དཔུང་འཇུག་བྱས་པས། མང་རྒྱལ་རབས་ཀྱི་གོང་མ་ཁྲུང་ཀྲུའུ་ཏེས་རང་སྲོག་བཅད། རྒྱ་ནག་མང་རྒྱལ་རབས་མཇུག་རྫོགས་རྗེས་མན་ཇུ་རིགས་ཀྱི་ཆིན་ཁྲོའམ་ཆིན་རྒྱལ་རབས་མགོ་ཚུགས། རྒྱ་ནག་མི་རིགས་ལ་མཚོན་ན་དེ་དུས་སྲིད་དབང་དང་། མི་རིགས་ཀྱི་བདག་དབང་གང་ཡང་མེད་པར་མན་ཇུ་རིགས་ཀྱི་མངའ་འོག་གི་མི་སེར་ཡིན། བོད་རྒྱལ་ཁབ་དང་ཆིང་ཁྲོ་རྒྱལ་རབས་བར་གྱི་འབྲེལ་བའང་ཞི་འགྲིག་མཛའ་མཐུན་གྱི་འབྲེལ་བ་དང་། གོར་ཥའི་བཙན་འཛུལ་འགོག་པའི་དཔུང་རོགས་སོགས་ཀྱི་ལོ་རྒྱུས་ཙམ་ཞིག་ཡིན། དུས་སྐབས་དེ་དག་ཏུའང་། མདོ་ཁམས་སྟོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་ཡོད་ཚད་བོད་སྡེ་པ་གཞུང་ནས་ཐད་ཀར་གཟིགས་རྟོག་དང་རྒྱབ་བསྐྱོར་བྱེད་བཞིན་ཡོད། ༢ དཀོན་མཆོག་རྒྱལ་པོའི་རྒྱལ་སྲིད་བསྐྱངས་ཚུལ། ནང་ཆེན་རྒྱལ་རབས་ཁྲི་འཛིན་དྲུག་ཅུ་པ། དཀོན་མཆོག་རྒྱལ་པོ་ཡིན་སྟེ། བློ་གྲོས་རྒྱལ་པོའི་སྲས་ནོར་བུའམ་བློ་བཟང་དབང་གྲགས་ཀྱིས་བེར་བཟའ་ཁབ་ཏུ་བཞེས་པས། སྲས་དཀོན་མཆོག་རྒྱལ་པོ་རབ་བྱུང་བཅུ་གཅིག་པའི་ལྕགས་ཡོས་སྤྱི་ལོ༡༦༥༡ལོར་འཁྲུངས། ཆུང་ནས་ཐུགས་སྒམ་ཞིང་། ལུགས་གཉིས་ཀྱི་སྤྱོད་བཟང་ཡ་རབས་རྒྱན་གྱི་ཐུགས་རྒྱུད་ཕྱུག། ལང་ཚོ་དར་ལ་བབ་ནས་དཔའ་རྩལ་སྟོབས་ཤུགས་འགྲན་ཟླ་བྲལ་བར་གྱུར། སོག་ཡུལ་དུ་ཕེབས་ཏེ་འཇའ་ས་བླངས་ནས་རྒྱལ་སྲིད་ལུགས་བཞིན་བསྐྱངས། འོན་ཀྱང་རྒྱལ་ས་གསང་རྗོང་དུ་མེ་དགྲའི་གནོད་པ་བྱུང་བར་བརྟེན། སྐུ་དངོས་རྣམས་དང་། ལས་ཟོག་རྟེན་གསུམ། ཤེལ་ཐམ་སོགས་འགང་ཆེན་རིགས་ཁ་ཤས་ལས། རྫོང་དང་རྒྱུ་ནོར་ཐམས་ཅད་མེ་ལ་ཤོར། ད་ལྟ་ཤུལ་རྔམ་མཐོ་བ་མཐོང་རྒྱུ་ཡོད། ཤུལ་དུ་ལུས་པའི་རྒྱུ་ནོར་འགངས་ཆེན་རིགས། མེ་ཡིས་མ་གོས་པའི་ཐུབ་པ་མེ་ཐུབ་མ། ཏྲེ་བོའི་ཁྲི་མར། ཕྱག་རྔ་གསང་བ་ལྷ་འབོད། ཚོགས་བདག་གསུང་བྱོན་མ། ཚོགས་བདག་བེའུ་བུམ། བླ་རྡོ་དགོས་འདོད་ཀུན་འབྱུང། ནོར་བུ་འཇའ་ཚོན་ཕོན་པོ། ལས་ཐམ་ཧུམ་པར། རྗེ་བཙུན་མི་ལའི་མགུར་འབུམ། གསེར་བཟའི་ཇོ་འཁོར་རྣམས་ལོ་རབས་ལྔ་བཅུ་པའི་སྐབས་སུའང་དངོས་སུ་མཇལ་རྒྱུ་ཡོད་འདུག དེ་ནས་རེ་ཞིག་སྦྲ་གུར་ལ་བརྟེན་ནས་གཡེར་ཆེན་སྒར་དུ་རྒྱལ་སྲིད་བཟུང་ཤིང་། གནས་སྐབས་དེར་བཞུགས་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཕྲིན་ལས་རྒྱུན་བསྐྱངས། རང་བྱུང་བཅུ་གཉིས་པའི་མེ་གླང་སྤྱི་ལོ༡༦༩༧ལོར་གཤེགས། སྨྲས་པ། ལྷ་གཅིག་གངས་རིའི་མགོན་པོའི་སྒྱུ་འཕྲུལ་འབྲུ་རྗེ་མངའ་བདག་ཆོས་ཀྱི་རྒྱལ། ། ལུགས་གཉིས་སྐྱོང་བར་གཅིག་ལས་གཅིག་མཁས་རྒྱལ་རབས་རྒྱུ་སྐར་ཕྲེང་བ་ཡིས། ། ཆོལ་གསུམ་བྱེ་བྲག་གླིང་ཁྲི་བར་མའི་མཁའ་དབྱིངས་གསལ་བར་བྱས་པ་འདིས། ། མཐའ་བཞི་དབང་སྡུད་ཆེན་པོའི་ཞིང་གི་ས་སྐྱོང་རྗེ་བོར་ཅོ་འདྲི་རྩོམ། ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་དོ། །

དྲུག གཡེར་ཆེན་སྒར་དུ་སྦྲ་གུར་ལ་བརྟེན་ནས་སྲིད་བཟུང་ཚུལ་བཤད་པ།

༡ རྒྱལ་པོ་ཚེ་དབང་ཕྲིན་ལས་མཐར་ཕྱིན་གྱིས་རྒྱལ་སྲིད་བསྐྱངས་ཚུལ། ནང་ཆེན་རྒྱལ་རབས་དྲུག་ཅུ་རེ་གཅིག་པ་ནི་ཚེ་དབང་ཕྲིན་ལས་མཐར་ཕྱིན་ཡིན། དཀོན་ མཆོག་རྒྱལ་པོས་བཙུན་མོ་གཉིས་བླངས་པའི་ཆེན་མ་གསེར་བཟའ་ལ་སྲས་ཚེ་དབང་ཕྲིན་ལས་མཐར་ཕྱིན་དང་། དཔའ་ལྡེའུ་བཙན་གཉིས་འཁྲུངས། ཆུན་མ་ཚང་གསར་ཀརྨ་ངང་དར་གྱི་སྲས་མོ་བསམ་ལུ་ཁབ་ཏུ་བཞེས་པས་སྲས་རྡོ་རྗེ་ཚེ་དབང་དང། སྲས་མོ་གཅིག་འཁྲུངས། དཀོན་མཆོག་རྒྱལ་པོའི་སྲས་ཚེ་དབང་ཕྲིན་ལས་མཐར་ཕྱིན་ནི། རང་བྱུང་བཅུ་གཉིས་པའི་ས་སྟག་སྤྱི་ལོ༡༦༩༨ལོ་སྟེ། ཇུན་གར་ཚེ་དབང་རབ་བརྟན་གྱིས་སོག་པོ་ཇུན་གར准噶尔གྱི་སྲིད་དབང་བཟུང་བའི་ལོ་དེར་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཕག་སྤྱི་ལོ༡༧༡༩ལོར་གོང་མ་ཁང་ཤི་རྒྱལ་པོས康熙སྲས་ཙང་ཇུན་ཝང་ཡུན་ཏི་ཨོ་རོད་ཇུན་གར་དུ་དཔུང་རྒྱབ་ཏུ་འགྲོ་ཞོར་ཟི་ལིང་ནས་སྐུ་འབུམ་དུ་རྒྱལ་བ་རིན་པ་ཡང་སྲིད་སྐུ་མདུན་དུ་འཇལ་བཅར་ཞུས། ཨོ་རོད་རྒྱལ་པོའི སྲས་བསྟན་འཛིན་དའི་ཆིང་ གི་མདུན་སར་ཕེབས། ཨུ་ཇིང་ཐའི་ཇིའི་ཆོ་ལོ་དང་འཇའ་ས་ཤེ་བམ་བསྩལ་ནས་མདོ་སྟོད་ཡུལ་ཁམས་སྤྱིའི་རྗེ་བོར་ལུང་བབས། ལོ་འདིར་སྦྱིན་བདག་གི་གཙོ་བོ་བསྟན་འཛིན་ཆིང་ཝང་དང་། དགའ་ལྡན་ཇུ་ནག་གིས་གཙོས་སོག་ཡུལ་དང་། མཚོ་སྔོན་ཕྱོགས་སུ་ཡོད་པའི་དཔོན་ཁག་ཐམས་ཅད་འཚོགས་ཏེ། སྐུ་འབུམ་དུ་ཡོད་པའི་གོང་ས་ལྔ་པ་ཆེན་པོའི་ཡང་སྲིད་ལ་སྔོན་མ་ལྟར་གུས་འདུས་ཞུ་རྒྱུ་དང་། དབུས་ལྷ་ལྡན་དུ་གདན་འདྲེན་ཞུས་ཏེ་གསེར་ཁྲིར་མངའ་གསོལ་ཞུ་རྒྱུ་གཅིག་མཐུན་དུ་གྲོས་ཆོད་བྱུང་། དེའི་ཕྱི་ལོ་ཟླ༤པའི་ཚེས་༢༢ཉིན་རྒྱལ་བའི་ཡང་སྲིད་རིན་པོ་ཆེ་སྐུ་འབུམ་ནས་ཕེབས་སྐྱེལ་ཞུས་ཏེ་དབུས་ལྷ་ལྡན་དུ་ཆིབས་བསྒྱུར་གནང་། མན་ཇུ་གོང་མའི་རྒྱལ་པོ་སྲས་དང་། སོག་པོའི་རྒྱལ་པོ། དེ་བཞིན་མཚོ་སྔོན་ཕྱོགས་ཀྱི་དཔོན་རིགས་མང་པོས་འབྲི་ཆུའི་ཁ་བར་ཕེབས་སྐྱེལ་ཞུས། དེ་རྗེས་ནང་ཆེན་རྒྱལ་པོ་ཚེ་དབང་ཕྲིན་ལས་མཐར་ཕྱིན་ལྷ་ལྡན་གཙོའི་དབུས་ཕྱོགས་ཀྱི་རྟེན་མཇལ་བར་ ______________________ ཨོ་རོད་དམ་ཨོས་ལོད厄鲁特蒙古ནི་སོག་པོས་ཧོ་ཤོད和硕特དང་། ཇུན་གར།准噶尔 ཐོར་གོད།社尔伯特 ཐུ་མེད土尔扈特བཅས་ཚོ་བ་བཞིའི་སྤྱི་མིང་སྟེ། ད་ལྟ་མཚོ་སྔོན་དང་ཞིན་ཅང་ཕྱོགས་ཀྱི་འབྲོག་པ་སྟོད་ཕྱོགས་ཟེར་བ་དེའོ། ། ཨོ་རོད་རྒྱལ་པོ་ནི་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་ལ་ཟེར། བསྟན་འཛིན་རྡོ་རྗེའམ་བསྟན་འཛིན་དཱ་ཡང་ཡན་ཡང་ཟེར། བྱོན། བོད་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་སྤྱི་ལོ༡༧༤༠ལོའི་ཡས་མས་སུ་སྐྱབས་མགོན་རྒྱལ་བ་བདུན་པ་སྐལ་བཟང་རྒྱ་མཚོ་དང་། མི་དབང་བསོད་ནམས་སྟོབས་རྒྱལ། བཀའ་མང་རྩིས་དྲུང་སོགས་མཇལ། དངོས་པོའི་འབུལ་ནོད་གྱ་ནོམས་པ་བགྱིས། བློ་བཟང་དཔལ་འབར་གྱི་ཆོ་ལོ་དང་བཅས། ཤེ་བམ་སྔ་ཕྱིས་རྒྱབ་གནོན་གནང་ནས་མདོ་སྟོད་ནང་ཆེན་གྱི་རྗེ་བོར་མངའ་གསོལ། སྐུ་ཚེའི་སྨད་ལ་ནང་ཆེན་སྒར་དུ་ཕོ་བྲང་བཏབ་པ་སོགས་མཛད་རྗེས་ཆེ། ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་རྗེས་སུ་བཟུང་ཞིང་། ཡང་ཟབ་ཚེས་བཅུའི་སྒྲུབ་ཆེན་གྱི་ཡོན་བདག་དང་། གཡེར་ཆེན་སྒར། རྫ་བ་རུ་སྒར་སོགས་འཛུགས་པའི་མཐུན་སྦྱོར་མཛད་ཅིང་། གཡེར་ཆེན་སྒར་ཆགས་པའི་གནས་དེར་ད་ལྟའང་གཡེར་ཆེན་སྒར་ཕུ་མདའ་བར་གསུམ་དུ་འབོད་དོ། ། དེའི་དུས་སུ་སོག་རྒྱལ་པོ་ཧན་གྱི་སྲས་བ་དུར་ཐའི་ཇི གཙོས་དམག་དཔུང་བཅས་དགྲ་དམག་འདུལ་དུ་ཆས་སྐབས། དགྲ་བོ་ངོ་མ་ནང་ཆེན་དམག་གིས་བཏུལ་བའི་བདག་རྐྱེན་དུ་གཞུང་ས་རྩེ་ཤོད་བྱང་ཕྱོགས་རྒྱལ་པོར་བཅས་པས་བཀའ་རྟེན་འཇའ་ས་སྔར་ལས་ཁྱད་འཕགས་གནང་བ་བཅས་སྙན་གྲགས་ཤིན་ཏུ་རྒྱས་སོ། ། སྨྲས་པ། ཕྱི་ཡི་དུས་ཀྱིས་རྒུད་པས་བཙེས་ཀྱང་རྒྱལ་འབངས་བློ་སྟོབས་གཅིག་སྦྲེལ་གྱིས། ། ______________________ ཐའི་ཇི་ནི་སྔར་སོག་པོའི་གོ་སའི་མིང་ཞིག སྲིད་པའི་མེས་པོའི་རིག་འཕྲུལ་ལས་བྱུང་སྦྲ་ནག་གྲུ་བཞིའི་གཞིས་ཁྱིམ་ནས། ། ཡ་རབས་སྲོལ་རྒྱུན་རྒྱུད་པ་འཛིན་དང་དར་སྤེལ་གཏོང་བའི་ངང་ཚུལ་སོགས། ། མི་ཆོས་གཙང་མའི་ལུཊ་བཟང་སྐྱོང་ལ་སྟོབས་རྩལ་སྔར་ལས་འཕཊ་པར་གྱུར། །

ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་དོ།  །

བདུན། ནང་ཆེན་སྒར་དུ་རྒྱལ་སྲིད་དར་ཞིང་རྒྱས་ཚུལ་བཤད་པ།

༡ རྒྱལ་པོ་རྡོ་རྗེ་ཚེ་དབང་གི་མཛད་ཕྲིན་དང་ཨ་ཤག་བརྒྱ་གྲངས་དཔོན་གྱི་ བྱས་རྗེས་ཇི་ལྟར་བཞག་ཚུལ། རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་སྤྱི་ལོ༡༦༢༥ལོར་ཆིང་རྒྱལ་རབས་ནས་བོད་དུ་ཨམ་བན་གཏོང་འགོ་ཚུགས་ཤིང་། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་གཞུང་ཚབ་དོན་གཅོད་ཙམ་ཞིག་ཡིན་ལ། དོན་དུ་བོད་ཆིང་གཉིས་ཀྱི་བར་མཆོད་ཡོན་གྱི་འབྲེལ་བ་ལས་གཞན་རྒྱལ་ཁབ་ཀྱི་བདག་དབང་རང་རང་སོ་སོར་གནས་ཡོད། གོར་ཥའི་བཙན་འཛུལ་དམག་དཔུང་མང་ཙམ་སླེབ་ཤིང་། བོད་དུ་དབང་ཤུགས་ཆེ་ཙམ་བྱུང་བ་དང་བསྟུན་ནས། བོད་ནང་དུ་བོད་ནང་གི་དཔོན་རིགས་ལྐོག་གསོད་བྱེད་པ་དང་། མི་སེར་ལ་རྡབ་བསེག་གཏོང་བ་སོགས་ཀྱི་ཟིང་ཆ་བསླང་པ་ལ་བརྟེན་ནས་རིམ་བཞིན། བོད་དང་མན་ཇུ་གོང་མའི་སྐུ་ཚབ་ཨམ་བན་བར་འགལ་བ་ཇེ་སྡུག་ཏུ་གྱུར་ཏེ། རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་སྤྱི་ལོ༡༩༡༡ལོར་རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེ་བྱུང་བ་དང་བསྟུན་ནས་བོད་སྡོད་ཨམ་བན་མན་ཇུ་མི་རིགས་རྣམས་བོད་ནས་མཐར་སྤྲོད་བཏང་ཡོད་ལ། རྒྱ་ནག་མི་དམངས་ཀྱི་འོས་ལངས་འོག་ནས། ཆིང་རྒྱལ་རབས་རྩ་གཏོར་བཏང་། གོ་མན་ཏང་སྲིད་གཞུང་དང་བོད་བར་གྱི་འབྲེལ་བ་ནི། ཕྱོགས་སོ་སོའི་མངའ་ཁོངས་དང་། ཕྱི་འབྲེལ། དམག་དོན་སོགས་ཆ་རྐྱེན་ཡོངས་སུ་ཚང་བའི་ཐ་དད་ཀྱི་ཚུལ་དུ་གནས་ཡོད་ལ། མདོ་ཁམས་སྟོད་ཀྱི་སྲིད་དོན་གྱི་ལམ་ལུགས་ཡང་གཙོ་བོ་བོད་སྡེ་པ་གཞུང་གི་ལམ་ལུགས་ལྟར་བྱེད་བཞིན་ཡོད། ནང་ཆེན་རྒྱལ་རབས་དྲུག་ཅུ་རེ་གཉིས་པ་ནི་རྡོ་རྗེ་ཚེ་དབང་ཡིན་ཏེ། དཀོན་མཆོག་རྒྱལ་པོས་ཆུང་མ་ཚང་གསར་ཀརྨ་ངང་དར་གྱི་སྲས་མོ་བསམ་ལུ་བཙུན་མོར་བཞེས་པའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་སྤྱི་ལོ༡༦༨༠ལོར་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ལུག་སྤྱི་ལོ༡༧༣༩ལོར་གཡེར་ཆེན་སྒར་ནས་ནང་ཆེན་པའི་རྒྱལ་ས་འཆིལ་སྐེ་ཉག་ལ་གཏན་ཆགས་ཤིང་ཕྱིས་སུ་ནང་ཆེན་སྒར་དུ་གྲགས། ནང་ཆེན་སྒར་གྱི་རྣམ་རྒྱལ་ཕོ་བྲང་གི་ཆགས་ཚུལ་ནི་འོག་ཁང་དང་ལྕགས་རིའི་རིམ་པ་རྣམས་བཟོ་བཀོད་ལེགས་ཤིང་རྒྱ་ཆེ་བ། སྐུ་སྲུང་དམག་མིའི་འདུན་ས། བར་གྱི་ཆ་ལ་བང་མཛོད་ཁང་དང་། ལས་སྒྲུབ་ཁང་སོགས་ཡོད་པ། ཐོག་ཁང་དུ་མགོན་ཁང་དང་། ཡང་ཐོག་ཏུ་རྒྱལ་རབས་རིམ་བྱོན་གྱིས་བཞེངས་པའི་བཀའ་བསྟན་སོགས་བཞུགས་པའི་དཔེ་མཛོད་ཁང་། རྟེན་རྙིང་རྩ་ཆེའི་རིགས་བརྗོད་ཀྱིས་མི་ལངས་ཤིང་། སྣང་གསལ་གྱི་འོད་མདངས་འཕྲོ་བའི་གནྡྷོ་ལ། དབུ་རྩེར་གསེེར་ཏོག་དང། རྒྱལ་མཚན། ལྷབ་ལྷུབ་ཏུ་གཡོ་བའི་དར་སྣ་སོགས་ཚར་དུ་དངར་བ་དང། མཐའ་འཁོར་དུ་འབངས་ཁྱིམ་དུ་མས་ཁོ་ར་ཁོར་ཡུག་ཏུ་བསྐོར་བ། བློ་གསལ་གཞོན་ནུ་རྣམས་རང་དབང་རྩེད་འཇོ་བག་གཡེང་དུ་སྐྱོད་པའི་སྐྱེད་མོའི་ཚལ་དང་སྤང་ཐང་། སློབ་ཁང་བཅས་ཡོད་ཅེས《 འབྲོང་པའི་དེབ་ཐེར》 དུ་བཤད། གོང་གིི་དཀོན་མཆོག་རྒྱལ་གྱི་སྲས་མཆེད་ཟླ་ཆུང་བ་རྡོ་རྗེ་ཚེ་དབང་རྒྱལ་སྲིད་ཀྱི་ཁྲི་ལ་འཁོད། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་སྤྱི་ལོ༡༧༢༣ལོར་རྒྱལ་དབང་སྐལ་བཟང་རྒྱ་མཚོ་མཇལ། ལོ་འདིར་གོང་མ་གཡུང་ཊིང་ཁྲིར་འཁོད། རྒྱལ་བའི་དབང་པོས་འཇའ་ས་ཤེ་བམ་གྱི་རྒྱབ་སྐྱོར་བསྩལ་བ་འདི་ལྟར། ༈ གསེར་གྱི་རྒྱལ་པོའི་ལུང་གིས་ཆེན་པོ་ཧོར་གྱི་རྒྱལ་ཁམས་ཏཱ་ལའི་བླ་མ་བཛྲ་དྷ་རར་འབོད་པའི་གཏམ། འཛམ་བུ་དཔག་བསམ་གྱི་ལྗོན་པ་གསེར་གྱི་འབྲས་བུ་ཅན་གྱི་དབུས་མ་འདིའི་སྐྱེ་དགུ་སྤྱི་དང་། བྱེ་བྲག་རྒྱ་བོད་ཧོར་གསུམ། ཁྱད་པར་བྱང་ཕྱོགས་ནོར་འཛིན་གྱི་ཁྱོན་ཆོས་བཞིན་སྐྱོང་བའི་རྒྱལ་ཁག་ཆེ་ཆུང་། མདོ་ཁམས་སྒང་དྲུག་གི་ལྷ་སྡེ་མི་སྡེ། བསྟན་དགོན་ཞི་དྲག་གི་སྣེ་མོར་མངགས་སླེབས། གཞི་བྱེས་སྤྱིར་བཏང་དམིགས་གསལ། དམག་ཇག་གི་འགྲུལ་འགྲིམ། ཡུལ་སྡེ་བོད་འབྲོག་གི་གཙོ་རྒན་མི་དམངས་སོགས། མདོར་ན་བྱ་བ་ཞི་དྲག་གི་སྣེ་མོར་མངགས་སླེབས་སྐྱ་སེར་དྲགས་ཞན་མཐའ་དག་ལ་སྤྲིངས་པ། གཞུང་བསྟན་སྲིད་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱི་ཏོག་ཏུ་མངོན་པར་མཐོ་བ་འདི་ལ། བསོད་ནམས་ཆེན་པོའི་དཔལ་གྱིས་གུས་པས་མཆོད་ཅིང་། སྟོབས་ཀྱི་དཔུང་པས་ཕས་རྒོལ་རྣམ་པར་གནོན་པ་ལ་སྙིང་སྟོབས་མཚུངས་པ་མེད་པ་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་དམར(སྨར)ཁམས་སུ་བེ་རི་སོགས་རྣམས་ཚར་གཅོད་པའི་སྐབས་སུ། ནང་ཆེན་ཨ་ཉོག་གིས་ཁ་ཕྱོགས་མ་ལོག་པའི་གུས་པ་ཆེ་བར་བརྟེན། སྡེ་བདག་རང་དབང་རང་འདུས་ཀྱི་གཏན་ཚིགས། ཡབ་སྲས་ཚང་མ་ལ་རིམ་ཅན་དུ་འདུག་ཅིང་། བར་སྐབས་མི་ངོ་ནང་འཁྲུགས་དང་། གླེང་གཞི་མང་བར་བརྟེན། ངོ་གཡོག་ནས་དབུས་སུ་གྲྭ་རྒྱུན་དང་། དགའ་ལྡན་ཐེག་མཆོག་གླིང་སོགས་ཞྭ་སེར་འཆང་བའི་རིང་ལུགས་དྲི་མ་མེད་པའི་དགོན་མ་ལག་དང་བཅས། དར་རྒྱས་སུ་འཛིན་སྐྱོང་དགོས་པ་སོགས། སྡེ་པ་སངས་རྒྱས་རྒྱ་མཚོས་ནང་ཆེན་པ་ཕ་བུར་ཁྱབ་འདོམས་རིམ་པར་མཛད་འདུག་ཀྱང་། སླད་ཀྱི་ཆར་ཡང་དཀོན་མཆོག་རྒྱལ་པོའི་བུ་རྡོ་རྗེ་ཚེ་དབང་འདི་པས་བསྟན་སྲིད་ལ་རྒྱལ་ཁ་ཕྱོགས་མ་ལོག་ཅིང་། རྒྱལ་ཁག་གི་ཐུགས་མཐུན་སོགས་གཞུང་བསྟན་གྱི་ཞབས་འདེགས་སུ་འགྱུར་བ་ཚུལ་ལྡན་བྱུང་ཕྱིན། ནང་ཆེན་ཁུལ་གྱི་ལ་རྒྱ། ཁྲིམས་ལུགས། ས་མཚམས་བདག་ཐོབ་སོགས། ཆུ་ཁྱི་ལོ་ཕན་གྱི་གཏན་ཚིགས་ལ་ད་ལྟ་བར་བསྒྱུར་བཀོད་མ་སོང་བའི་རྒྱུན་བསྙོན་མེད་གནས་བཞིན་པ་ལ་རྒྱབ་གནོན་སྦྱིན་པ་ཡིན་པས། ཁྱོད་གོང་འཁོད་སུས་ཀྱང་འདི་དོན་སོར་གནས་ལས། མི་འོས་པའི་ཉེ་རིགས་ལ་བསྙད་པའི་འོས་མིན་གྱི་འཐེན་རྩོད་བསྙད་གཅོར་སོགས་གནོད་འགལ། བྱུས་མི་བདེར་འགྲོ་བ་མ་བྱེད་པར། བདེ་བར་རྒྱུད་བཅས་ཡི་གེ་འཛིན་ཆུག ཚུལ་བཞིན་བྱེད་པ་རྣམས་ལ་ཏིང་ངེ་འཛིན་གྱི་འཇུག་པ་བགྱིད་པ་ཡིན། གོ་བའི་ཡི་གེ་འཕགས་ཡུལ་དུ་ཤོ་དྷ་ན་སྟེ་ཆུ་ཡོས་ཀྱི་ལོ་ཧོར་ཟླ་བརྒྱད་པའི་ཡར་ཚེས་ལ། རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཞལ་མེད་ཁང་དམར་པོ་རི་ནས་བྲིས། ཞེས་པའི་ཤེ་བམ་གྱི་རྒྱབ་གནོན་གནང་བ་སོགས་མདོར་ན་བོད་གཞུང་ནས་ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་ཡོད་ཚད་ལ་ཐད་ཀར་གཟིགས་རྟོགས་དང་བདག་སྐྱོང་གནང་བཞིན་ཡོད་དོ། །

 དེ་དུས་སྔ་མ་སོག་པོས་བོད་ཀྱི་བདག་པོ་བྱས་པ་དང་།   ཧོར་དང་སོག་པོ་དོན་མཚུངས་ལ།  ཡང་མན་ཇུ  རིགས་ཀྱི་རྒྱལ་པོ་ཤུན་ཙིས  རྒྱ་ནག་དང་སོག་པོའི་ཁ་ཇུ་ར།  དུ་དཀར་སོགས་ཧོར་ཁ།     ཐོར་གོད་གྱིས་མཚོན་སོག་པོའི་ཡུལ་གླིང་ཐམས་ཅད་མངའ་འོག་ཏུ་བཙུད་ནས་དབང་དུ་བསྒྱུར་རྗེས།     གོང་མ་ཁང་ཤིས  རྒྱལ་ས་ལོ་དྲུག་ཅུ་རེ་གཅིག་བཟུང་ནས་འདས།     དེ་ནས།    ཤུན་ཙིའི་སྲས་གཡུང་ཊིང  སྲིད་ཁྲིར་མངའ་གསོལ།     སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་མན་ཇུ་གོང་མར་ངོ་ལོག་པས་མན་ཇུ་དམག་དང་འཁྲུག་

རྩོད་བྱུང་། མདོ་སྟོད་དམ་ཁམས་སྟོད་དཔོན་མགོ་དོན་དགུའི་ནང་གསེས། ཚོ་བ་སོ་དགུ་བོད་གཞུང་ནས་གཟིགས་སྐྱོང་གནང་རྒྱུ་དང་། དེམ་ཆི་ཉེར་ལྔ་གནས་སྐབས་མཚོ་སྔོན་ཕྱོགས་ནས་ལྟ་རྒྱུ་བྱས་ཤིང་། མཚོ་སྔོན་ཕྱོགས་སུ་ཡོད་པའི་བོད་སྡོད་ཨམ་བན་དང་། རྒྱ་དཔོན་དག་གནས་སྐབས་ཕྱིར་འཐེན་བྱས། ༢ མན་ཇུ་གོང་མ་གཡུང་ཊིང་གི་སྐབས་སུ་ཆིང་ཧུ་དང་། བེ་ཧུ། བེ་ཅང་སོགས་ཀྱི་ ལམ་ལུགས་བྱུང་ཚུལ། གཡུང་ཊིང་ཁྲི་ལོ་གཉིས་ཐོག་ཏུ་ཡུན་ནན་ཐི་ཐུའི་དམག་དང་མི་སྡེ་སྤྱི་ཁྱབ་ཀྱི་དཔོན་པོ་ཧོ་ཏཱ་ ______________________ མན་ཇུའམ་མན་ཇུ་ནི་ཨེ་ཤ་ཡའི་ཤར་མའི་མཚོ་འགྲམ་དུ་གནས་པའི་གྲངས་ཉུང་མི་རིགས་ཤིག་སྟེ། རྒྱ་སྐད་ལ满族 ཟེར། ཤུན་ཙི། 顺治མན་ཇུ་གོང་མའི་རྒྱལ་པོ་ཞིག། ཡི་གེ་གཞན་དུ་ཧྲུན་ཀྲིས་ཞེས་བྲིས་པའང་འདུག བོད་སྐད་དུ་ཐབས་སྐྱོང་རྒྱལ་པོའང་ཟེར། ཁང་ཤིས康照ཏེ་མན་ཇུ་གོང་མའི་རྒྱལ་པོ་ཞིག བོད་སྐད་དུ་བདེ་སྐྱིད་རྒྱལ་པོའང་ཟེར། གཡུང་ཊིང་ངམ་ཡུང་ཀྲེང་ནི་མན་ཇུ་གོང་མའི་རྒྱལ་ཐོག་ལྔ་པ་ཡིན། རྒྱ་སྐད་ལ雍正ཟེར། ལོ་ཡན་དམག་ཁྲི་ཕྲག་བཅས་བཏང་ནས། སོག་པོའི་སྡེ་བོད་ཁམས་ཀྱི་སྐྱེ་བོ་གཉོམ་ཆུང་ལ་བསམ་པ་བཟང་བ་ཐམས་ཅད་མངའ་ཞབས་སུ་བསྡུས། སྙིང་དགྲ་ལ་ཞེ་ངན་པ་རྣམས་ཁྲིམས་ལ་སྦྱོར་གསུངས་པའི་ལུང་བབས་པས། ཏཱ་ལོ་ཡན་དུ་གྲགས་པ་དང་། ཟི་ལིང་རྡོ་རྒན་ཨཾ་བན་བཅས་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་སྤྱི་ལོ་༡༧༢༤ལོར་ཆབ་མདོར་བབ་ནས། མདོ་ཁམས་སྒང་དྲུག་གི་དགོན་ཚང་སྒེར་བཙན་ཐམས་ཅད་དབང་དུ་བསྡུས། ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་ཤོག་ཅེས་པའི་ཀི་ཀོ་སླེབས་ཀྱང་ཟླ་བ་གསུམ་རིང་མ་སོང་། དེ་ནས་ཨ་ཤག་རྡོར་མགོན་དྲུང་འཁོར་མང་པོ་བཏང་ནས་ལོ་རྒྱུས་ཀྱི་སྙན་ཞུ་ཕུལ་བས། རྒྱལ་པོ་ལ་བརྒྱ་དཔོན་གཞན་དང་མི་འདྲ་བའི་གཟིགས་སྐྱོང་ཀྱིས་རྒྱལ་པོར་ཆིན་ཧུ་ཝང་གི མཚན་གསོལ། སྔོན་ཆོད་ལྟར་ས་སྡེ་སོ་སོར་གནས་ཆོག་རྒྱུ་དང་། བཀའ་རྟེན་ཤེ་བམ། དྭངས་ཤེལ་གྱི་ཏོག་བཅས་གནང་། དེ་དུས་ཀྱི་མངའ་འོག་ཤོག་ཆེན་བཅོ་བརྒྱད་དང་། ཤོག་ཕྲན་བཅོ་ལྔར་གྲགས་པའི་དཔོན་པོ་རྣམས་ལ་བེ་ཧུ དང་། བེ་ཅང སོགས་ཀྱི་ཆོ་ལོ་དང་། ཏོག་དཀར་སེར། ཁེར་སྒམ།(ཁེལ་གོམ་དང་ཁེལ་གམ་སོགས་ཀྱང་བྲིས་པར་སྣང་། གང་ལྟར་རྒྱ་སྐད་གོ་གནས་ཀྱི་ཐ་སྙད་གང་རུང་ཞིག་ཡིན་ནམ་སྙམ།) སོ་སོའིི་འཆང་རྒྱུ་ཁྲིམས་ཡིག་རེ་བསྩལ། དཔྱ་ཁྲལ་སྔར་སོག་པོ་ལ་དགོས་པའི་རྟ་ནོར་ལུག་གསུམ་དང་ ______________________ ཆིན་ཧུ་ཝང། གོ་གནས་ཤིག་གི་མིང་། རྒྱ་སྐད་དུ千户王ཟེར། བེ་ཧུ། གོ་གནས་ཤིག་གི་མིང་། རྒྱ་སྐད་དུ百户ཟེར། བེ་ཅང་། གོ་གནས་ཤིག་གི་མིང་། རྒྱ་སྐད་དུ百长ཟེར། མི་གྲངས་བཅས་མཚོ་སྔོན་པོའི་ཁ་ནས་འོང་བའི་སོག་སྡེ། ཆོས་འཁོར། རྡོ་རག ཇུ་མུར། བ་ཡན་སོགས་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཏེ་མགོ་བཏགས་ཤིང་བཀུར། སོག་རུ་མའང་ (སོག་རུ་མ་ནི་དེང་སང་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གི་སོག་རུ་མ་ཞེས་པ་དེ་ཡིན་པར་སྣང)སྔར་བཞིན་གནས་དགོས་པའི་རྒྱབ་གནོན་བསྩལ། དེར་མ་ཟད་དེམ་ཆི(དེམ་ཆུས)ཉེར་ལྔ། ཨ་ཁྲོ་ཚོ་བདུན། རྒྱ་སྡེ་ཁག་གསུམ། ཨ་རིག་བཅས་ཀྱི་སྤྱི་དཔོན་ལ་གང་བསྐོ་ཁྱོད་ཀྱི་དཔོན་པོ་རྣམས་གྲོས་གྱིས་གསུངས་པར། དཔོན་ཆེན་རྣམས་སོ་སོ་ནས་འདུག་མོས་ཆེ་ཡང་། ཨ་ཤག་རྡོར་མགོན་གྱིས་སྤྱི་རྗེ་ཉི་མའི་གོང་ཁེབས་ཀྱི་ཤེ་བམ་འཇའ་ས་དྲིལ་བསྒྲགས་བྱས་པས་སུས་ཀྱང་བྱ་ཐབས་བྲལ་ཞིང་མངའ་འོག་ཏུ་ཆུད། བློན་ཆེན་ཨ་ཤག་རྡོར་མགོན་ཉིད་ནང་ཆེན་རྒྱལ་པོའི་གྱད་བློན་གྱི་ནང་ནས་བྱས་རྗེས་ཆེ་ཤོས་ཡིན། སྤྱིར་མི་དབང་རྡོ་རྗེ་ཚེ་དབང་འདི་ཉིད་སྨྲ་བ་ཉུང་ཞིང་གཟི་བརྗིད་ཆེ་བ། ཐུགས་ཟབ་རྒྱ་ཆེ་གཏིང་མི་དཔོག་པར་ལུགས་གཉིས་ལ་མཁྱེན་རྒྱ་ཅན་ཞིག་བཞུགས། མཛད་རྗེས་ལ་ཆམ་གཤིས་བྲིས་མཁན་བརྒྱ་ནས་བཀའ་འགྱུར་དངུལ་བྲིས་དང་བསྟན་འགྱུར། མཁས་གྲུབ་བླ་མ་མང་པོའི་གསུངས་སོགས་པོ་ཏི་སྟོང་ཕྲག་ལྷག་ཙམ་བཞེངས། ཕོ་བྲང་རྣམ་རྒྱལ་མཁར་སྔོན་བཏབ་ནས་ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་སྔར་བཞིན་བསྐྱངས། གཅེན་པོ་ཐའི་ཇིའི་གསེར་སྡོང་དང་། ཙནྡན་གྱི་གུ་རུ་མཚན་བརྒྱད། རྩ་བའི་བླ་མ་ལྷོ་རིན་པོ་ཆེའི་འཁྲུངས་རབས། གསེར་ཟངས་གནས་བརྟེན་བཅུ་དྲུག ཚེ་དཔག་སྣང་བརྙན་བརྒྱ་ཕྲག བདེ་གཤེགས་སོ་ལྔ་སོགས་རྟེན་བཞེངས་མཐའ་ཡས། གོང་མའི་ཕྲིན་ལས་པ་ཟི་ལིང་ ཨཾ་བན གྱིས་ཡང་བསྐྱར་དུ་ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་ཞེས་བོད་སྐྱོང་མདོ་ཁམས་ཆོལ་ཁའི་རྗེ་བོར་དྲིལ་བསྒྲགས་མཛད་པས་སྟོབས་དཔལ་ཆེས་ཆེར་རྒྱས་ཤིང་། མདོ་ཁམས་སྟོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་སྔར་དང་མི་འདྲ་བའི་འཕེལ་རྒྱས་ཆེན་པོ་བྱུང་། ཡིན་ནའང་སྤྱིའི་ཆ་ནས་ནང་ཆེན་རྒྱལ་རབས་རིམ་བྱོན་རྣམས་ལ་སྔ་ཕྱིར་གོང་ནས་བོད་མདོ་སྟོད་ཆོལ་ཁའི་རྗེ་བོར་བསྐོས་ཤིང་འཇའ་ས་ཤེ་བམ་ཐེངས་མང་ཐོབ་ཀྱང་། རྒྱལ་པོ་རྣམས་ཀྱིས་ཆོས་ཀྱི་བྱ་བ་གཙོ་བོར་མཛད་པ་ལས་སྲིད་ཀྱི་ཕྱོགས་ནས་མདོ་སྟོད་མི་ཡི་ཆོལ་ཁ་གཅིག་གྱུར་གྱིས་དབང་བསྒྱུར་ཐུབ་པའི་རྒྱལ་པོ་འཇོན་ནུས་ཅན་དེ་འདྲ་ནི་མ་བྱུང་བར་སྣང་ངོ་། ། རབ་བྱུང་བཅུ་གཉིས་པའི་ཤིང་སྟག་སྤྱི་ལོ༡༧༣༤ལོར་དགུང་གྲགས་ལྔ་བཅུ་ང་ལྔ་བཞེས་ནས་གཤེགས་སོ། ། ༢ རྒྱལ་པོ་དཀོན་མཆོག་དཔལ་འབྱོར་ཚེ་བརྟན་སོགས་ཀྱི་སྐབས་རྒྱལ་སྲིད་བསྐྱངས་ཚུལ། ནང་ཆེན་རྒྱལ་རབས་དྲུག་ཅུ་རེ་གསུམ་པ་དཀོན་མཆོག་དཔལ་འབྱོར་ཚེ་བརྟན་ནི། ཡབ་རྡོ་རྗེ་ཚེ་དབང་དང་ཡུམ་གདོང་རུ་བཟའ་ཆེ་ཆུང་གཉིས་བསུས་པར་སྲས་གསུམ་བྱུང་བའི་ཆེ་བ་ཡིན་ཞིང་། རབ་བྱུང་བཅུ་གཉིས་པའི་ས་ཁྱི་སྤྱི་ལོ༡༧༡༨ལོར་འཁྲུངས། སྲས་ཆེ་བ་དཀོན་མཆོག་དཔལ་འབྱོར་ཚེ་བརྟན་ཞེས་དགུང་ལོ་བཅུ་དྲུག་ནས་ཁྲིམས་སྲིད་འཛིན། མན་ཇུ་གོང་མས་ཆིན་ཧུ་དཀོན་མཆོག་དཔལ་འབྱོར་ཞེས་པའི་མཚན་དང་། ཤེལ་འཕྲུ་བཅས་གནང་ཞིང་བཀུར་བཟོ་མཐོ་བར་བསྔགས། སྒམ་པོ་པ་བཟང་པོ་རྡོ་རྗེ། འབྲུག་པ་མི་ཕམ་ཕྲིན་ལས་ཤིང་རྟ་རྣམས་སྤྱན་ ______________________ ཨཾ་བན་ནི་མན་ཇུ་གོང་མས་བོད་ལ་མངགས་པའི་སྐུ་ཚབ་ལ་ཟེར། དྲངས་ཤིང་བསྙེན་བཀུར་དཔེ་མེད་མཛད། ཡུལ་སྡེ་བྱམས་པས་སྐྱོང་བ་སོགས་ལུགས་གཉིས་དགེ་བར་བསྐྱངས། སྐུ་ཚེའི་སྨད་ལ་རབ་ཏུ་བྱུང་ནས་ཆོས་ལ་གཞོལ་བས་ཡང་དབེན་རྒྱལ་བླ་ཞེས་གྲགས་ཤིང་། ཡང་དབེན་ཁང་ཞེས་པའི་ཕོ་བྲང་ཞིག་ཀྱང་བཞེངས་ནས་དེ་བཞུགས། དགུང་གྲངས་བཞི་བཅུ་ཞེ་དྲུག་བཞེས་ནས་རབ་བྱུང་བཅུ་གསུམ་པའི་ཆུ་ལུག་སྤྱི་ལོ༡༧༦༣ལོར་སྐུ་གཤེགས་སོ། ། ༤ རྒྱལ་པོ་དོན་གྲུབ་ཚེ་བརྟན་གྱི་སྐོར་དང་། གོར་བོད་དམག་འཁྲུག་སྐབས་རྒྱབ་གནོན་ མཐུན་རྐྱེན་ཇི་ལྟར་བསྐྲུན་ཚུལ། ནང་ཆེན་རྒྱལ་རབས་དྲུག་ཅུ་རེ་བཞི་པ་དོན་གྲུབ་ཚེ་བརྟན་ནི་དཀོན་མཆོག་དཔལ་འབྱོར་གྱིས་རག་བཟའ་ཁབ་ཏུ་བསུས་པར་སྲས་གསུམ་བྱུང་བའི་ཆེ་བ་ཡིན། རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་སྤྱི་ལོ༡༧༥༢ལོར་སྐུ་འཁྲུངས། དགུང་གྲངས་བཅུ་གསུམ་ལ་ཟི་ལིང་ཨཾ་བན་མཇལ་དུ་བྱོན། རྒྱལ་པོ་དོན་གྲུབ་ཚེ་བརྟན་ཞེས་ཏོག་ཁེར་སྒམ་བསྩལ་ཞིང་སྣེ་ལེན་བཟང་པོ་མཛད། རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་སྤྱི་ལོ༡༧༩༡ལོར་གོར་ཥའི བཙན་འཛུལ་དམག་གིས་གཉའ་ནང་ནས་རིམ་བཞིན་སྐྱིད་གྲོང་། དེང་རི། ས་སྐྱ་སོགས་ལ་བཙན་བཟུང་བྱས་ཏེ་གཞིས་རྩེའི་བཀྲ་ཤིས་ལྷུན་པོ་སོགས་ལ་བཙན་འཛུལ་བྱས། དུས་དེར་བོད་སྡོད་ཨམ་བན་གྱི་གོང་མ་ཆན་ལུང་ལ་ཞུས་པས། དམག་དཔོན་ཧྥུ་ཁང་ཨེན་ཞེས་པར་དམག་ཁྲི་གཅིག་སྦྲག་ཏེ་ཟི་ལིང་ནས་བོད་དུ་གོར་ཥའི་བཙན་འཛུལ་དམག་ཕྱིར་ཟློག་བྱེད་པར་མངགས། ཁམས་ཕྱོགས་ནས་སྐྱོད་སྐབས་ ———————— བལ་ཡུལ་གྱི་མི་རིགས་ཤིག ༡༧༦༩བལ་ཡུལ་ལ་དབང་བསྒྱུར་ཤིང་གོར་ཥའི་རྒྱལ་རབས་བཙུགས། ནང་ཆེན་རྒྱལ་པོས་བསུ་སྐྱེལ་དང་རྒྱབ་གནོན་མཛད་ཅིང་། ལྷ་ལྡན་དུ་ཐེངས་གཉིས་ལ་ཕེབས་པ་སོགས་གཞུང་སར་ཞབས་ཞུའི་ལས་དོན་རྒྱ་ཆེན་སྒྲུབ། གོང་ས་མཆོག་ནས་བརྩེ་བའི་གཟིགས་སྐྱོང་དང་། ཆེ་བསྟོད་གནང་། སྐུ་མཆེད་བསོད་ནམས་དར་རྒྱས་ཞེས་པ་ཡོད་ཀྱང་། ནང་མ་མཐུན་པར་ཟུར་དུ་གཞིས་བཟུང་ནས་བཞུགས། རྒྱལ་པོ་ཉིད་རབ་བྱུང་བཅུ་བཞི་པའི་མེ་ཕག་སྤྱི་ལོ༡༨༢༧ལོར་སྐུ་གཤེགས། ནང་ཆེན་རྒྱལ་རབས་དྲུག་ཅུ་རེ་ལྔ་པ་བསོད་ནམས་ཆོས་འཕེལ་ནི། ཡབ་རྒྱལ་པོ་དོན་གྲུབ་ཚེ་བརྟན་དང་། ཡུམ་དགེ་རྒྱལ་བེ་རིའི་དཔོན་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་བྱ་སྤྱི་ལོ༡༧༨༩ལོར་འཁྲུངས། ཆུང་དུས་ནས་ཆོས་ལ་ཐུགས་གཞོལ། དགུང་ལོ་བཅུ་བདུན་དུས་དབུས་སུ་ཕེབས་ནས་རྒྱལ་བ་ལུང་རྟོག་རྒྱ་མཚོ་མཇལ། འཇའ་ས་ཤེ་བམ་བསྩལ་ཞིང་སྣེ་ལེན་བཟང་པོ་མཛད། གསེར་ཟང་ཚེ་དཔག་མེད་སྤྱན་རས་གཟིགས་ཐོག་ཚད། སེམས་དཔའ་རྣམ་གཉིས་མདའ་ཚད་བཞེངས། རྩ་སྒོ་ཆེན་གཡང་འཁྱིལ་དུ་ཆེད་ཕེབས་གནང་། ཆོ་ལོ་ཁེལ་སྒམ་ཕུལ། མདོ་སྟོད་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཞེས་ཆེ་ཐང་དུ་བསྔགས། བཙུན་མོ་གྲའུ་བུ་ར་ད་བཟའ་བསུས་པས་སྲས་མི་དབང་དཀོན་མཆོག་ལྷ་རྒྱལ། ཨ་ལྡེའུ་དཔལ་ལྡན་འགྱུར་མེད། སྲས་མོ་ཚེ་རིང་དཔལ་མཚོ་སོགས་འཁྲུངས། མངའ་འབངས་དགེ་བཅུའི་ཁྲིམས་ལ་བཀོད། རྒྱལ་སྲིད་ཀྱི་མཛད་པ་སྔར་བཞིན་རྒྱུན་བསྐྱངས། དགུང་གྲངས་སོ་བདུན་བཞེས་ནས་གཤེགས། ར་ད་བཟས་སྲིད་བསྐྱངས་པས་བཀའ་བཙན་ཆེ་བས་སྔར་གྱི་མངའ་འབངས་འགའ་རེ་ས་ཐག་རིང་བའི་རྐྱེན་གྱིས་བདག་བཟུང་མ་ཐུབ་པ་རྣམས་སླར་མངའ་འོག་ཏུ་བསྡུས། དབུལ་ཕྱུག་སྙོམ་པའི་མཛད་རྗེས་རླབས་ཆེན་བཞག པད་སྤུངས་མཐོང་གྲོལ་ཆེན་མོ་ཞེས་པའི་ལྷ་ཁང་བཞེངས། ཆད་པ་བཅད་པའི་རྒྱུ་ནོར་དང་གྱོད་ཞུ་རྟེན་ཚང་མ་རྡོ་ཡོན་དུ་བཏང་བ་སོགས་བསྟན་སྲིད་ལ་མཛད་རྗེས་ཀྱང་མི་དམན་པའི་ཞབས་ཞུ་གནང་ངོ་། ། ནང་ཆེན་རྒྱལ་རབས་དྲུག་ཅུ་རེ་དྲུག་པ་དཀོན་མཆོག་ལྷ་རྒྱལ་མཆོག་བསོད་ནམས་ཆོས་འཕེལ་དང་གྲའུ་ར་ད་བཟའ་དཔོན་མོ་ལྷ་མོ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྟག་སྤྱི་ལོ༡༨༣༠ལོར་འཁྲུངས། རིས་མེད་ཀྱི་སྐྱེས་ཆེན་གང་མང་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱང་བརྩོན་གནང། ལྷག་པར་དུ་གསོ་བ་རིག་པའི་ཐད་ལ་མཁྱེན་རྒྱ་ཆེ་བས། སྨན་ཡིག《 རྒྱལ་རྒན་གཅེས་བཏུས》 ཞེས་པ་ཞིག་ཀྱང་བརྩམས། རྒྱལ་ཁམས་རི་རྒྱ་ཀླུང་རྒྱ་བསྡམས། ཞི་དྲག་གཉིས་ཀྱི་ཐབས་གང་དྲག་གིས་སྤྱི་ཚོགས་བདེ་འཇགས་མཛད། ཁོང་གི་གཅེན་པོ་འཁྲུལ་ཞིག་མཆོག་སྤྲུལ་དང་། གཅུང་ཨ་ལྡེའི་སྤྲུལ་པ་ཆོས་རྒྱལ་དོན་གྲུབ་ལྷ་རྒྱལ་བཅས་བྱོན་ཞིང་ཚེས་བཅུ་དགོན་དབུ་ཡི་མཆོད་གནས་སུ་གྱུར། རྒྱལ་རབས་གོང་མ་རྣམས་ཀྱི་དུས་དབུ་བླ་ཁག་བཞི་ཞེས་པ་བྱུང་བའང་ལྷོ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། མགར་བསྟན་འཛིན་ཕུན་ཚོགས། འཁྲུལ་ཞིག་ཕྲིན་ལས་རྒྱ་མཚོ། བྱམས་མེ་ཀརྨ་བསམ་གཏན་བཅས་ལ་དགོན་སྡེ་རེ་བྱུང་ཞིང་དེ་དག་གི་སྐྱེ་ཕྲེང་རིམས་བྱོན་དབུ་བླར་ཕེབས། སླར་འདི་ཉིད་ཀྱི་དབུ་བླར་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་བྱོན། མི་རྗེ་དཀོན་མཆོག་ལྷ་རྒྱལ་འདི་ཉིད་ཀྱི་སྐུ་ཚེའི་སྟོད་ཆར་རྫ་དཀར་མོ་སྙིང་ཐང་དུ་ཆིང་ཇར་གོ་ཆེ་ཏཱ་ལོ་ཡན། ཙང་ཡན། ཚོ་ཏཱ་ཡན། སྲི་ཀོ་ཡན། བློ་བཟང་ལོ་ཙཱ་བཅས་བབས་ནས། དེམ་ཆི་ཉེར་ལྔ། ཨ་ཁྲོ་ཚོ་བདུན། རྒྱ་སྡེ་ཁག་གསུམ་བཅས་ཚོ་བ་སུམ་ཅུ་སོ་ལྔ་དང། ནང་ཆེན་ཆིན་ཧུ། བེ་ཧུ་བཅས་བསྡུས་ནས་ཚོགས་འདུ་ཞིབ་རྒྱས་དང་བཀོད་སྒྲིག་ལེགས་པར་བྱས་སོ། ། ༥ ཁྱུང་པོ་མི་རིང་མ་དང་། སྦྲ་ཆེན་བརྒྱ་གྲངས་དཔོན། སྤས་འབྲུག་རྒྱལ་སོགས་ཀྱིས་ཉག་སྟག་གཉིས་ཀྱི་དམག་དཔུང་ཚར་བཅད་ཚུལ། ཁམས་ཕྱོགས་རི་ནང་དཔལ་མགོན་གྱི་བུ་རྒྱུད་མགོན་པོ་རྣམ་རྒྱལ་དང་། མགོན་པོ་ཚེ་བརྟན་ཕ་བུ་ནས་དཔུང་ཤེད་ཀྱིས་ཉག་རོང་སྡེ་ཁག་དྲུག་དང་། ཧོར་མ་ཟུ། བྲག་མགོ ཁང་གསར། ཧྲེ་ཧོར། སྟོང་འཁོར། བེ་རི་གླིང་ཚང་བཅས་ཀྱི་མི་སྡེ་མང་པོ་རིམ་པས་བཙན་འཕྲོག་དང་། སྡེ་དགེ ལྕགས་ལ། དགེ་བཤེས་རྩ་ཟ། གྲོ་སྐྱབས་ལི་ཐང་། འབའ། མགར་ཐང་སོགས་ལ་དགྲ་རྒྱག་ཚོད་མེད་བྱས་རྐྱེན་ཡུལ་ནས་ཐོན་ཏེ་བོད་གཞུང་ལ་སྐྱབས་ཞུར་འབྱོར། སླར་ཡང་ཉག་དགྲས། འབའ། ལི་ཐང་། ཆ་ཕྲེང། རྫ་ཁོག མི་ཉག རྒྱལ་ཐང་ཁུལ་སོགས་ལའང་བཅོམ་འཕྲོག་མི་ཟད་པ་བྱས་པས། བོད་གཞུང་གི་མདོ་སྒར་དཔོན་ཁོང་རྩེ་ཇ་དང་། གདན་ས་གསུམ་གྱི་མང་ཇའི་མཐུན་རྐྱེན་མཛོད་ཇ་སོགས་འཕྲོག་ནས་རྒྱ་བོད་ཚོང་ལམ་བཀག་འགོག་བྱས། སྡེ་དགེ་དགོན་ཆེན་བཟུང་ཞིང་། སྡེ་དགེའི་གཞིས་འབྲོག་ཁག་ལ་དབང་བསྒྱུར། ལྷག་པར་སྡེ་དགེ་རྒྱལ་པོའི་ཡུམ་སྲས་དང་། ཀཿཐོག་དབོན་སྤྲུལ་སོགས་བཙན་འཁྲིད་བྱས་པས། བོད་གཞུང་ནས་ཉག་རོག་གི་དམག་མཐར་སྐྲོད་བྱེད་མཁན། དམག་དོན་སྤྱི་ཁྱབ་ཞབས་པད་ཕུ་ལུང་པ་ཚེ་དབང་རྡོ་རྗེ་བསྐོ་བཞག་ཐོག་དབུས་མདའ་དཔོན་ཁྲི་སྨོན་པ་སོགས་དང་དམག་དཔུང་བཅས་ལྷ་ལྡན་ནས་རྡོག་ཐོན་བྱས། བོད་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་སྤྱི་ལོ༡༨༦༢ལོར་སྒེར་བཙན་ཉག་རོང་མགོན་པོ་རྣམ་རྒྱལ་གྱི་ཁམས་ཁུལ་ཡོངས་རྫོགས་དབང་བསྒྱུར་བྱེད་པའི་ཧམ་སེམས་ཀྱིས་མདོ་སྟོད་ནང་ཆེན་དུ་དཔུང་དམག་དྲངས་ནས་རག་ཤུལ་དཔོན་གྱི་མཁར་རྫོང་གཏོར་ཞིང་། ཀླུང་ཤོད་དགོན་པ་མེར་བསྲེགས་བཏང་ནས་རིམ་བཞིན་ནང་ཆེན་རྒྱལ་སར་སླེབས། ནང་ཆེན་རྒྱལ་པོ་ལ་བང་ཆེན་བཏང་ནས་མགོ་འདོགས་དགོས་པའི་འཇིགས་བསྐུལ་གྱི་ཕྲིན་ཡིག་བསྐུར། ནང་ཆེན་རྒྱལ་པོས་བོད་གཞུང་ལ་དཔུང་རོགས་ཞུས་པ་ལྟར། དེའི་ཕྱིར་ལོ་སྟེ་བོད་རབ་བྱུང་བཅུ་བཞི་པའི་ཆུ་ཕག་སྤྱི་ལོ༡༨༦༣ལོར་བོད་གཞུང་གི་དམག་སྤྱི་ཞབས་པད་ཕུ་ལུང་པ་ཚེ་དབང་རྡོ་རྗེའི་དཔུང་དམག་སླེབས་པ་དང་། ནང་ཆེན་རྒྱལ་པོའི་གྱད་བློན་འབྲོང་པ་སྦྲ་ཆེན་བརྒྱ་གྲངས་དཔོན་དང་། བདུད་འདུལ། སྤས་འབྲུག་རྒྱལ་སོགས་རང་ཡུལ་གྱི་དམག་མང་པོ་དང་ལྷན་དུ་སྡོང་ནས་ཉག་རོང་མགོན་པོའི་སྟེང་དུ་དམག་དྲངས། རྡོ་རྫོང་དང་། བྱ་རྒོད་དགྲ་རྫོང་། ཉག་ཆུ་ཁའི་དགྲ་རྫོང་སོགས་རིམ་པར་བླངས་ཏེ། རབ་བྱུང་བཅུ་བཞི་པའི་ཤིང་གླང་སྤྱི་ལོ༡༨༦༥ལོའི་ཟླ༧པའི་ནང་ནས་རི་ནང་རྫོང་ལ་མཐའ་སྐོར་གྱིས་ཟླ༨པའི་ཚེས་༡ཉིན་མགོན་པོ་རྣམ་རྒྱལ་ཕ་བུ་གཉིས། ཚ་རིགས་སུམ་ཅུ་སྐོར་དང་། བློན་ པོ་དྲག་གྲས་བཞི་བཅུ་སྐོར་བཅས་དུས་གཅིག་ལ་གསོན་བསྲེགས་བྱས་པའི་རྗེས་ལ། ལྷག་འཕྲོས་འགོ་དམག་ཚང་མས་ལུགས་མཐུན་མགོ་འབུལ་ཞུས་ཏེ་གཡུལ་ལས་རྣམ་པར་རྒྱལ། ཉག་དགྲས་བཙན་འཕྲོག་བྱ་ཡུལ་ཁམས་ཕྱོགས་ཀྱི་རྒྱལ་ཕྲན་སོ་སོའི་དཔོན་མགོ་ངོ་མ་འགུག་འབོད་བྱས་ཏེ། ས་སྡེ་དང་། རྒྱུ་དངོས། རྟ་ཟོག་བཅོམ་འཕྲོག་བྱས་པ་རྣམས་སོ་སོར་ངོས་འཛིན་བྱེད་དུ་བཅུག་ནས་ཕྱིར་རང་རྒྱུ་རང་ལག་ཏུ་སྤྲད། དཔོན་རྒན་གཙོ་དྲག་སོགས་བཙན་འཁྲིད་བཙོན་འཇུག་བྱས་པ་རྣམས་ཀྱང་ཕྱིར་སློག་ཐོག སྔར་གྱི་དཔོན་གནས་ལས་འཁུར་ཇི་ཡོད་རང་འཇགས་གནང་སྟེ་ཁྲལ་འབུལ། ཁྲིམས་ཁུར་བྱེད་སྒོ་ཅི་མཆིས༧རྒྱལ་མཆོག་ལྔ་པའི་སྐུ་དུས་ཀྱི་དཔྱད་མཚམས་ཇི་ལྟར་སྨོས་མེད་ཐོག་རྣམ་ཀུན་རང་རང་ས་སྲུང་ཡུལ་དམག་བཙུགས་ཏེ། དུས་སྐབས་བདེ་མིན་སོགས་ལ་གཞུང་ནས་བསྐུལ་བརྡ་ནང་སྩལ་ཀ་ཀོར་མེད་པར་ཞབས་བཅར་ཞུ་རྒྱུ་བཅས་བཀོད་བསྒྲིགས་བྱས། འབྲོང་པ་སྦྲ་ཆེན་དཔོན་སོགས་ཕྱིར་ནང་ཆེན་སྒར་དུ་འབྱོར་རྗེས་རྒྱལ་པོས་དཔའ་སྟོབས་ཀྱི་རྟིང་མ་བླངས་པའི་བཀའ་ཡི་གྱད་བློན་དག་ལ་གཟེངས་བསྟོད་དང་འཇའ་ས་གནང་། དེ་རྗེས་ཨ་མདོ་སྟག་ཚང་ལྷ་མོས་ནང་ཆེན་གྱི་ཕྱོགས་ལ་དམག་དྲངས་སྐབས། རབ་བྱུང་བཅོ་ལྔ་པའི་ས་འབྲུག་སྤྱི་ལོ༡༨༦༨ལོར་རྒྱལ་ས་ནང་ཆེན་སྒར་དུ། ནང་ཆེན་གྲྭ་ནང་གི་དམག་བསྡུས། དམག་དཔོན་དུ། རྒྱལ་ཚབ་བརྒྱ་གྲངས་དཔོན་བསྐོས་ཤིང་། དེའི་རུ་གནོན་དཔུང་རོགས་སུ་ཁྱུང་པོ་མི་རིང་མ་དང་། སྦྲ་ཆེན་བཙན་གྲགས། སྤས་འབྲུག་རྒྱལ། ཨ་དྷི་བུ་དཀར་སོགས་རུ་འདྲེན་གྱི་དམག་དཔོན་དུ་བསྐོས་ཏེ་ལས་དམག་མང་པོ་དྲངས་ནས་སྟག་ཚང་ལྷ་མོའི་དམག་དང་འཐབ་འཛིང་བྱས་པས། དམག་དཔོན་རྒྱལ་ཚབ་བརྒྱ་གྲངས་དཔོན་དང་། སྦྲ་ཆེན་བཙན་གྲགས། ཨ་དྷི་བུ་དཀར། དེ་མིན་དམག་མི་མང་པོ་ཚེ་སྲོག་དགྲ་བོའི་མཚོན་འོག་ཏུ་ཤོར། སླར་ཡང་ཁྱུང་པོ་མི་རིང་མ་ན་རེ། རང་རེའི་དམག་དཔོན་རྒྱལ་ཚབ་བརྒྱ་གྲངས་དཔོན་སྐུ་སྲོག་དགྲ་ལག་ཏུ་ཤོར་བ་མ་ཟད། ད་དུང་ཕྱིར་ལོག་ན་གོང་ཕ་རྗེ་ནང་ཆེན་རྒྱལ་པོ་ལ་སྙན་ཞུ་ཇི་ལྟར་འབུལ། ད་འདི་ལྟར་ཝ་རྔ་མ་ཤ་ལེ་བྲོས་པ་བས། སྟག་འཛོམ་དྲུག་ཉི་ལེ་ཤི་ན་དགའ། ངེས་ཅག་ཤི་གསོན་གྱི་ཁོ་ཐག་མ་ཆོད་བར་ཝ་བྲོས་རྒྱག་མཁན་ཡོད་ན། ཕྱི་དགྲ་ལས་ཀྱང་ནང་གནད་ཆེ་བ་ཞིག་མི་འོང་རེ་ཟེར་ནས་གནའ་བོར། ཧྲག་དམག་ཉུང་ཤས་ཁྲིད་དེ་དཔའ་ཁེར་རྒྱུག་གིས་སྟག་ཚང་ལྷ་མོའི་དམག་ཐོག་ཏུ་ཆས། དཔུང་རོགས་ལས་དམག་ཐམས་ཅད་མཚོན་འོག་ཏུ་ཤོར། ཁྱུང་པོ་མི་རིང་མས་སྲོག་བསྡོས་ཀྱིས་འཐབས་པས་དམག་མི་མང་པོ་ཞིག་བསད་རྨས་བཏང་ཞིང་། མཐར་སྟག་ཚང་ལྷ་མོའི་དམག་དཔོན་བསད་དེ་མགོ་བོ་བཅད་རྗེས་ཁྲག་དམར་ཉིལ་ལེར་སྐྲ་ནས་བཟུང་ཏེ་ཁྱེར། ལག་གཡས་པ་ཁྲག་གིས་རལ་གྲི་དང་འབྱར། ལུས་པོར་མཚོན་གྱིས་གཤག་པའི་རྨ་ཤུལ་ཧྲལ་ཧྲུལ་དུ་ཆགས་ནས་འཁྱལ་འཁྱོལ་གྱིས་དམག་སྒར་དུ་ཕྱིར་འབྱོར་མ་ཐག་ཉིན་མང་པོ་བཟའ་བཏུང་མ་རག་པ་དང་ངལ་དུབ་ཀྱིས་ཐང་ཆད་ཆེ་བས། དྲན་མེད་དུ་བརྒྱལ། རྒྱལ་བ་ལས་སངས་པ་དང་། རལ་གྲི་ཁྲག་གིས་ལག་པར་འབྱར་བ་ཆུས་སྦངས་ཏེ་ཕྲལ་དགོས་བྱུང་། ཕྱིར་ནང་ཆེན་རྒྱལ་སར་ལོག་ནས་ཁྱུང་པོ་མི་རིང་མ་དང་། སྤས་འབྲུག་རྒྱལ་སོགས་ཀྱིས་སྟག་ཚང་ལྷ་མོའི་དམག་དཔོན་བསད་དེ་མགོ་བོ་བཅད་པ་རྒྱལ་པོར་ཕུལ་ནས། རྟིང་མ་བླངས་ཚུལ་སྙན་གསན་ཞུས། གཡུལ་འཁྲུགས་སྐབས་སུ་ཐོབ་པའི་སྦྲ་གུར། རོལ་ཆ། རྟ་སྒ་ཆས། སྟག་གཟིགས་ལྤགས་པ་སོགས་ཡོད། གཡུལ་ངོར་ཤི་བའི་དམག་མའི་ཁྱིམ་ཚང་རྣམས་ལ་རྒྱབ་སྐྱོར་གང་ལ་གང་འཚམས་གནང་བ་སོགས་གཟིགས་སྐྱོང་མི་དམན་པ་མཛད། དཔེར་མཚོན་ཙམ་ཞིག་སྨོས་ན་སྦྲ་ཆེན་བརྒྱ་གྲངས་དཔོན་ལ་བསྩལ་བའི་བཀའ་ཤོག་འདི་ལྟ་སྟེ། ༈ ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པས་ས་གསུམ་ཏུ་ཁྱབ་ཅིང་སྐྱེ་དགུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་གྱུར་ཅིག དེའང་མདོ་དབུས་ཁམས་གསུམ་ལས་བར་ཆ་རྔུལ་ཟླ་འབྲི་གསུམ་གྱི་སྒང་རྒྱུད་དུ་གནས་པའི་སྐྱེ་འགྲོ་ཡོངས་ཀྱི་མངའ་བདག་གམ་ནང་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་ཡོངས་སུ་གྲགས་པ་དེའི་ནང་བློན་ཆེན་ཁག་བཞིའི་ཡ་གྱལ་འབྲོང་པ་སྦྲ་ཆེན་བེ་ཧུ་བཙན་གྲགས་དང་བདུད་འདུལ་གྲགས་པ་སྤུན་གཉིས་ནི། ཁོ་བོ་ནང་ཆེན་རྒྱལ་མིང་ལྷ་རྒྱལ་གྱི་བསྟན་སྲིད་ལ་བློ་སེམས་སླད་མེད་དཀར་བ་དང་། བློ་གྲོས་དང་དཔའ་རྩལ་འགྲན་བྲལ་གྱིས་འདི་ལོར་ཉག་རོང་བུ་ཞར་གྱི་དམག་ཇུས་ལ་གོད་ཆག་ཐུབ་པ་དང་། ཨ་མདོའི་དམག་ཆེན་དཔུང་འགོག་ཆེད་ནང་ཆེན་རྒྱལ་འབངས་སྤྱིའི་དོན་དུ་སྦྲ་ཆེན་བཙན་གྲགས་ཀྱི་སྐུ་སྲོག་བློས་བཏང་བར་རྒྱལ་འབངས་ཚང་མས(ཡི་གེ་མི་གསལ) ཞེས་པ་ལྟར་རྒྱལ་པོ་དགོང་གི་དཀྱིལ་འཁོར་གྱིས་ཕྱོགས་ཀྱི་རྒྱལ་འབངས་ཀུ་མུད་བརྒྱ་ཕྲག་རྣམས་ལ་རིས་སུ་མ་ཆད་པར་ཐུགས་བརྩེའི་འཛུམ་ཟེར་ཟབ་མོས་སྐྱོང་བའི་མཛད་པ་བཟང་པོའི་རྟག་ཏུ་བསྐྱངས་སོ། ། རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་སྤྱི་ལོ༡༨༩༠ལོར་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ནང་ཆེན་སྒར་དུ་གདན་དྲངས། དངོས་པོས་བསྙེན་བཀུར་རྒྱ་ཆེན་ཞུས། རྒྱལ་པོ་ཉིད་ཀྱིས་མངའ་འབངས་ཡོངས་ལ་དགེ་བཅུའི་ཁྲིམས་བསྡམས། མུ་རྒོད་གཉའ་ནས་མནན་ཅིང་ཉམས་ཆུང་བྱམས་པས་བསྐྱངས། རྒྱལ་ཁམས་རྒན་མོ་གསེར་ཁུར་ཡང་ཞི་འཇམ་བྱུང་བའི་ལོ་རྒྱུས་བྱུང་ངོ་། །དགུང་གྲང་དྲུག་ཅུ་རེ་གཅིག་བཞེས་ནས་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་སྤྱི་ལོ༡༨༩༡ལོར་སྐུ་གཤེགས། གཅུང་རྒྱལ་སྲས་ཨ་ལྡེའུ་དོན་གྲུབ་ལྷ་རྒྱལ་ནི། རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ༡༨༥༢ ______________________ བཀའ་ཤོག་ཡིག་རྙིང་པར་བཤུས་བརྒྱབ་པ་ལས་བཤུས། ལོར་འཁྲུངས། དབུ་ཏོག་ནམ་མཁའི་མདངས་ལྡན། ཐམ་ག་གཞན་སྣང་ཟིལ་གནོན། ཁེལ་སྒམ་ མཐོང་བ་དབང་བསྡུད་བཅས་ཕྱག་ཏུ་སོན། ལུགས་གཉིས་ཀྱི་མཛད་བཟང་རྒྱས། འགའ་ཞིག་གིས་འདི་ཉིད་རྒྱལ་རབས་གཅིག་ཏུ་བགྲངས་བའང་ཡོད། རྗེ་དྲུང་གྲགས་པ་རྒྱ་མཚོ་ནི་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་སྤྱི་ལོ་༡༨༢༠ལོར་འཁྲུངས། རྗེ་དྲུང་སྤྲུལ་སྐུར་སྔགས་ཤིང་། རི་བོ་ཆེའི་ཡང་དགོན་དུ་གསེར་ཁྲིར་ཕེབས། ཕྱིས་ནང་ཆེན་དང་རི་བོ་ཆེའི་བར་ས་ཆའི་ཐད་མ་འཁྱམ་པར་འགལ་རྩོད་བྱུང་ནས་གྱོད་གཞི་ཞུ་གཏུགས་ཆེད་ལྷ་སར་ཕེབས་པས་འབྲི་གུང་དུ་གཤེགས། ༦ རྒྱ་དཔོན་ཀྲང་ལོས་དམག་དང༌། ཀྲོའུ་ཨར་ཧྥང་། མཱ་ཕུ་ཧྥང་གི་མཱ་ཇག་དམག་བཅས་ཀྱིས་སྔ་ཕྱིར་བཙན་འཛུལ་བྱས་ཏེ་མི་སེར་རྣམས་ལ་རྡུག་རྡེགས་མནར་གཅོད་ཚད་མེད་བཏང་ཚུལ།

རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་སྤྱི་ལོ༡༨༩༦ལོའི་ཡས་མས་སུ་བོད་ཤར་ཕྱོགས་ཀྱི་ས་ཁུལ་ནས་རྒྱ་དཔོན་ཀྲང་ལོས་དམག་དང༌།   ཀྲོའུ་ཨར་ཧྥང་།    དེ་རྗེས་མཱ་ཕུ་ཧྥང马步芳གི་མཱ་ཇག་དམག་བཅས་ཀྱིས་སྔ་ཕྱིར་མི་སེར་རྣམས་རྡུག་རྡེགས་མནར་གཅོད་ཚད་མེད་བཏང་ནས་བཙན་འཛུལ་བྱས།    རྒྱལ་དབང་བཅུ་གསུམ་པ་མཆོག་ཆེན་པོ་ཡང་བཞུགས་བཟོད་མི་བདེ་བ་བྱུང༌།    འཁོན་འཛིན་ཡོད་པའི་གཞུང་ཞབས་ཁག་གཅིག་གིས་མི་ཁོག་འདྲེ་ཞུགས་ཀྱིས་དཀྲུགས་ཤིང་བྱས་ཏེ་རྒྱལ་ཟུར་དེ་མོ་གློ་བུར་གཤེགས་པ་དང༌།  བསྟན་གླིང་བླ་བྲང་ལ་གོད་ཆག་ཚད་མེད་བྱུང་བ་མ་ཟད།  རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ༡༩༡༢ལོར་བླ་བྲང་འདིའི་མགོན་ཁང་ཙམ་མ་གཏོགས་རྩ་མེད་ཤུལ་བརླགས་བཏང༌།  རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་སྤྱི་ལོ༡༩༢༢ལོར་གཞུང་ཞབས་ཁག་གཅིག་གི་བྱེད་བབ་ལ་བརྟེན་ནས།  བཀྲས་ལྷུན་བླ་བྲང་གི་ཆོས་གཞིས་ཞིང་འབྲོག་དམག་ཕོགས་དང་།   ལམ་ཐོག་འཁྲི་སྒྲུབ་སྐོར་བཀའ་འཁྲུན་མ་ཆོད་པས་པཎ་ཆེན་སྟོན་འཁོར་འུ་ཐུག་ནས་ལོ་དེའི་ཟླ༡༡པའི་ཚེས༡༥མཚན་མོར་རྒྱ་ཕྱོགས་སུ་བྲོས་བྱོལ་དུ་ཕེབས་དགོས་བྱུང༌།       རྗེས་སུ་ཕྱིར་ཕེབས་སྐབས་གཞུང་གི་བཀག་འགོག་འོག་སྤྱི་ལོ

༡༩༣༧ལོར་སྐྱེ་རྒུ་མདོར་དགོངས་པ་ཞི་བར་གཤེགས། རབ་བྱུང་བཅུ་དྲུག་པའི་མེ་ཡོས་སྤྱི་ལོ༡༩༢༧བོད་དམག་སྤོ་བོར་དཔུང་འཇུག་གིས་ཆོས་རྒྱལ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད། ཀ་གནམ་སྡེ་པས་སྤོ་བོ་ཁུལ་གྱི་མི་དམངས་གནས་བབ་སྐྱོ་དྲགས་པས། དེ་ལོར་ལོ་ཁྲལ་གུ་ཡངས་དགོས་པའི་སྙན་ཞུ་ཕུལ་བར་གཞུང་ལ་གྱེན་ལོག་རྩིས་ཏེ། རྒྱ་གར་ཨ་སམ་ཕྱོགས་སུ་མཐར་སྐྲོད་བཏང་། སྤོ་བོ་སྟོད་སྨད་གཉིས་ལ་སྤྱི་ཁྱབ་རྫོང་དཔོན་དང་ས་སྲུང་བཅས་བཞག རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་སྤྱི་ལོ༡༩༣༡ལོར་ནང་ཆེན་ཟུར་མང་བདུད་རྩི་འཐིལ་དང་། རྣམ་རྒྱལ་རྩེའི་དགོན་པའི་བླ་མ་བཀྲོངས་ནས་སྐུ་གསུང་ཐུགས་རྟེན་ཡོངས་རྫོགས་བོད་དམག་གིས་བཅོམ། མདའ་དཔོན་ཁྱུང་རམ་པ་སོགས་ཀྱིས་སྣེ་ཁྲིད་པའི་བོད་དམག་གིས་བེ་རི་དང་། རྫ་ཁོག དཀར་མཛེས། རྟའུ། བྲག་མགོ་སོགས་སུ། མེར་བསྲེགས་རྒྱུ་འཕྲོག་དང་བཙན་གཡེམ་བརྡུང་བརྡེགས་ཚབ་ཆེན་བྱས། སྨར་ཁམས་ཁུལ་གྱི་ཡུལ་དམག་སྒེར་ལངས་ལ་དྲག་གནོན་བྱས་ཏེ་འགོ་གཙོ་སྤོམ་མདའ་སྟོབས་རྒྱལ་འབའ་ཕྱོགས་སུ་མཐར་སྐྲོད་བཏང་། རབ་བྱུང་བཅུ་དྲུག་པའི་ཤིང་བྱ་སྤྱི་ལོ༡༩༤༥ལོར་མདོ་ཁམས་བྱང་ཁུལ་ཧོར་ཚོ་ཁག་སོ་དགུའི་མི་གཡང་དུ་གྲགས་ཤིང། ཟི་ལིང་རྒྱ་ཡི་གཉེན་པོར་གྲགས་པའི་ཕོ་རྒོད་ག་རྒྱ་འགྲམ་ནག་གནའ་བཞག་གྲོགས་སྒྲིག་གིས་མགོ་སྐོར་བཏང་ནས་བསད། དེ་ནས་བཟུང་འབྲི་ཆུའི་ནུབ་བརྒྱུད་དུའང་ཟི་ལིང་མཱ་ཇག་གཅིག་མཇུག་གཉིས་འཐུད་ཀྱིས་འཛུལ་ནས་ཡུལ་མི་ཚོར་བརྡུང་བརྡེགས་བཙན་གཡེམ་དང་། རྒྱུ་འཕྲོག་མེར་བསྲེགས་ཚད་ལས་བརྒལ་བར་བྱས། ནང་ཆེན་རྒྱལ་རབས་དྲུག་ཅུ་རེ་བདུན་པ་དབང་གྲགས་ཚེ་རིང་ནི་རྒྱལ་པོ་དོན་གྲུབ་ལྷ་རྒྱལ་དང་། གུ་བཟའ་དཔོན་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་བྱ་སྤྱི་ལོ༡༨༨༥ལོར་འཁྲུངས། ནང་ཆེན་ཆིན་ཧུ་དབང་གྲགས་ཚེ་རིང་དུ་འབོད། འདི་པའི་སྐུ་ཚེ་ཧྲིལ་པོར་ཆོས་ལ་ནན་ཏན་དུ་མཛད་པར་གྲགས། རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་སྤྱི་ལོ༡༩༡༡ལོར་སུན་ཀྲུང་ཧྲན孙中山གྱིས་སྣེ་ཁྲིད་པའི་གསར་རྗེའི་ལས་འགུལ་ལ་རྒྱལ་ཁ་ཐོབ་ཏེ། མན་ཆིང་སྒེར་གཅོད་ལམ་ལུགས་མགོ་བརྟིང་བསློགས་ནས་ཆིང་རྒྱལ་རབས་མཇུག་རྫོགས། ལས་འགུལ་དེར《 ལྕགས་ཕག་ལོའི་གསར་རྗེ》 ཡང་ཟེར། ལོ་འདིར་བོད་དུ་ཤོག་དངུལ་དང་སྲང་ལྔ་དང་། སྲང་བདུན་ཞོ་ལྔ། སྲང་བདུན། སྲང་ཉི་ཤུ་རྩ་ ལྔ། སྲང་བརྒྱ་ཐམ་པ་ཅན་བཅས་དང་། ཟངས་ཊམ་བཅུ་སྒོར་སོགས་བཀྲམ། རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་སྤྱི་ལོ༡༩༠༠ལོར་ཟི་ལིང་རྒྱ་སྒར་འབྱོར་བ་དང་། ཟླ་རྒྱུད་དུ་ཨུ་རུ་སུའི་གསང་ཉུལ་བ་སླེབས། དཔའ་ཤོད་དང་ནང་ཆེན་གཉིས་མ་མཐུན་པས། དཔའ་ཤོད་པས་ཆབ་མདོའི་ཞིབ་དཔྱོད་སྐུ་ཚབ་མང་ཞལ་ལྕེ་བ་ཕབ་པར། དྲིལ་བསྒྲགས་པ་ཨ་དྲུང་རྟ་ཤད་དང་རྩེ་དྲུང་ངག་དབང་དཔལ་ལྡན་བཅས་རིམ་པར་འབྱོར་ནས། ལོ་རྗེས་མར་དབུས་བཞུང་ནས་འབབ་པའི་དྲིལ་བསྒྲགས་བྱས། དེའི་ཕྱི་ལོར་སྡེ་པ་གཞུང་གི་ཁྲིམས་པ་མཁན་ཆེན་ངག་དབང་འཇམ་དཔལ་དང་རྩིས་དཔོན་རྡོ་རིང་སྲས། རྩེ་དྲུང་ངག་དབང་དཔལ་ལྡན་གཙོས་དབུས་པ་མང་པོ་བབ། ཟི་ལིང་ནས་རྒྱ་དཔོན་ཙལ་གོ་ཆེ་ཏ་ད་ཡན། གཙང་ཡན་དམག་གི་དཔོན་པོ་ཁྲིན་ད་རིང་སོགས་ལྷན་འཛོམས་ཀྱིས་བཀའ་བགྲོས་བགྱིས་ནས་དཔའ་ཤོད་དང་ནང་ཆེན་གཉིས་ཀྱི་གྱོད་འདུམ་བྱས།

རབ་བྱུང་བཅོ་ལྔ་པའི་མེ་རྟ༡༩༠༦ལོར་སི་ཁྲོན་དུ་ཡོད་པའི་རྒྱ་དཔོན་ཀྲོ་ཨེར་ཧྥེང་赵尔丰ཁམས་ཀྱི་ཤར་ཕྱོགས་སུ་ཕྱིན་ནས་ལོ་གཉིས་ཀྱི་རིང་ལ་ཁྲིམས་མེད་ལུགས་མེད་ཀྱིས་འབའ་བསྟན་ཉི་དགོན་ནང་གི་བླ་གྲྭ་ལྔ་བརྒྱ་ཙམ་དུས་གཅིག་ལ་འདུ་ཁང་ནང་དུ་མེར་བསྲེགས་བཏང་ནས།  རིམ་བཞིན་འབའ་ལི་སྡེ་གསུམ་དང་།  ཕྱག་ཕྲེང་།  སྨར་ཁམས།   བྲག་གཡབ།   ཆབ་མདོ་སོགས་ཁམས་ཀྱི་ས་གནས་ཁག་ཏུ་བཙན་ཤེད་ཀྱིས་བོད་མི་རྣམས་ལ་རྒྱ་མིང་འདོགས་པ་དང་།     རྒྱ་ཡིག་སྦྱོང་དུ་བཅུགས་པ་སོགས་སྡུག་བརྩུབས་ཀྱིས་དབང་བསྒྱུར་མགོ་གནོན་ཤུགས་ཆེན་པོ་བྱས་ཏེ་མནར་གཅོད་བཏང་ཞིང་།   རྒྱ་ཡིག་སྦྱོང་མཁན་དང་རྒྱ་མིང་བེད་སྤྱོད་བྱེད་མཁན་དག་ལས་ཁྲལ་མི་བསྡུ་བ་དང་།   ས་གནས་སོ་སོའི་མགོ་དཔོན་བསད་དེ་རྒྱ་དཔོན་བསྐོས་ནས་མི་རིགས་གཞན་བསྒྱུར་གྱི་ལས་འགུལ་ཡ་ང་བ་སྤེལ་ཞིང་།    ངག་ལ་མི་ཉན་ཞིང་བཀའ་མི་བརྩི་བ་དག་ལ་སྲོག་ཁྲིམས་བཅད་པ་སོགས་བྱས་པས་བོད་མི་ཁྲི་ཚོ་ལྔ་ལྷག་ཙམ་བསད་པར་གྲགས།   ལོ་རྒྱུས་ཐོག་དེ་ལ《  ཡུལ་དཔོན་རྒྱ་བསྒྱུར་གྱི་ལས་འགུལ》  ཞེས་གྲགས།  

༧ རྒྱལ་པོ་དབང་གྲགས་ཚེ་རིང་ལྷ་རྒྱལ་གྱི་སྐབས་བོད་གཞུང་དམག་གིས་དྲག་པོའི་དཔུང་འཇུག་བྱས་ཏེ། སྒོམ་སྡེ་ཉམས་སད་ཚོད་དཔག་གིས་དེམ་ཆི་ཉེར་ལྔའི་ས་ཁུལ་ཚུལ་ལེན་ རྩིས་ཀྱིས་རྒྱ་དམག་དང་འཐབ་ཚུལ། རྒྱལ་པོ་དབང་གྲགས་ཚེ་རིང་གི་སྐུ་ཚེའི་སྨད་ལ་ཟི་ལིང་མཱ་ཕུ་ཧྥང马步芳གི་དམག་མི་དང་བོད་གཞུང་དམག་སྒར་རྣམས་ནང་ཆེན་ཟུར་མང་རྣམ་རྒྱལ་རྩེའི་མཆོད་རྒྱུན་སྐོར་ནས་འཁྲུགས་རྩོད་ལངས། སྐྱེ་རྒུར་རྒྱ་དམག་མང་པོ་སླེབ་ནས་ཕྱོགས་འདི་དག་གི་ཡུལ་སྡེ་དང་དགོན་གནས་མང་པོར་གཏོར་སྐྱོན་བཏང་ཞིང་། མི་གྲངས་མང་པོ་བསད། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་སྤྱི་ལོ༡༩༣༢ལོར་བོད་གཞུང་གི་དམག་སྒར་རྣམས་ནང་ཆེན་ནས་དྲག་པོའི་དཔུང་འཇུག་བྱས་ཏེ་སྒོམ་སྡེ་ཉམས་སད་ཚོད་དཔག་གིས་དེམ་ཆི་ཉེར་ལྔའི་ས་ཁུལ་ཚུལ་ལེན་རྩིས་ཀྱིས་རྒྱ་དམག་སྐྱེ་རྒུ་མདོ་བར་བཀག་ཀྱང་། སླར་ཟི་ལིང་གི་རྒྱ་དམག་མང་པོའི་རུ་གནོན་འབྱོར་བས་བོད་དམག་རྣམས་སྔར་གྱི་ས་གནས་ལ་ཕྱིར་འཐེན་བྱས། ནང་ཆེན་རྒྱལ་པོ་འདི་ཉིད་བཞུགས་ཚུལ་མཁས་པས་གནོད་སྐྱོན་མ་བྱུང་ཞེས་ཐུགས་སྒམ་པའི་ཚད་དུ་སོན། ཟླ༣པའི་ནང་ལྡན་ཁོག་ཁུལ་ཟི་བོད་དམག་འཁྲུག་བྱུང་བ་དེར་ཁ་དང་གྲ་བཞི་དམག་སྒར་དང་། ཆ་དང་མར་སྒྱོགས་དམག་སྒར། ཐ་དད་མདའ་དཔོན་མཚོ་སྒོ་བའི་འགོ་དམག་བཅས་ཡོད་ཀྱང་། རྒྱང་སོ་རྣམས་ནས་གོ་མ་ཆོད་པར་ཆོས་འཁོར་དགོན་དུ་ཟི་རྒྱས་གློ་བུར་ཕྱོགས་གསུམ་ནས་མཚན་འགེབས་བྱས་པས་མེ་སྒྱོགས་དང་རྫས་མདེལ་གལ་ཆེའི་རིགས་དང་། དག་བྱིངས་ཕྱིར་འཐེན་བྱེད་བཅུགས་ཏེ་འགོ་དམག་ཁ་ཤས་ནས་གདོང་ལེན་དུ་བསྡད་ཀྱང་ས་མ་བསྟན་པར་གྲ་བཞིའི་རུ་དཔོན་གཉིས་པ་ནང་རག་འགྱུར་མེད་ཚེ་བརྟན་དང་། ཆ་དང་མེ་སྒྱོགས་དམག་སྒར་རུ་དཔོན་བློ་བཟང་ཡོན་ཏན། དམག་མི་བརྒྱ་སྐོར་བཅས་གསོན་བཟུང་དང་། གོ་ལག་རྫས་མདེལ་ཕྲན་བུ་བཅས་དགྲ་ཤོར་སྐབས། མདའ་དཔོན་མཚོ་སྒོ་བས་ཨབ་ཕྲུག་ཁ་ཤས་ཉར་ཏེ་དཔའ་ངར་ཆེན་པོས་འཐབས་འཛིངས་བྱས་པའི་འབྲས་བུར་དམག་སྒར་བྱིངས་དང་། མེ་སྒྱོགས་སོགས་དགྲ་ལག་ཏུ་མ་ཤོར་ཙམ་བྱུང་། སྐབས་དེའི་དུས་ཟི་རྒྱའི་གདོང་ལེན་དུ་ཆབ་སྤེལ་བ་དང་། ཤན་ཁ་བ་སོགས་མདའ་དཔོན་ཁ་ཤས་ཡུལ་དམག་བཅས་དག་འབོར་གང་ལ་གང་འཚམས་ཡོད་འདུག་ཀྱང་། ལྡན་ཁོག་ཏུ་རྣམ་ཀུན་དགྲ་ཤུགས་ཆེ་ཤོས་ཀྱི་དམག་སྒར་གསུམ་ལ་ཕམ་ཉེས་བྱུང་བའི་གནས་ཚུལ་དེས་དམག་སྒར་གོང་གསལ་རྣམས་ལའང་དཔའ་འཁུམ་འདར་སྐད་ཀྱི་དྲིལ་བུ་དཀྲོལ་ཏེ། ཟི་རྒྱའི་དམག་མིས་ས་མཚམས་བརྒལ་ཏེ་མ་ཡོང་པ་སྟབས་ལེགས་མ་གཏོགས། མདོ་སྟོད་ནང་ཆེན་གྱི་ས་ཆ་ལས་རྒལ་ཏེ་རི་བོ་ཆེ་དང་། མདོ་ཤོད། སྟེང་ཆེན་སོགས་ལ་རྒྱབ་ཤིག་རྒྱག་རྒྱུའི་སྟ་གོན་ཚུགས། ཡིན་ནའང་དུས་སྐབས་དེར་བོད་གཞུང་གི་མདོ་སྤྱི་ཐོག་མར་ལྷོང་རྫོང་ལ་བཞུགས་ཏེ། ཁྱུང་པོ་དཀར་ནག་སེར་གསུམ་དང་། རོང་པོ། རྒྱལ་རབས་ཐང་སོགས་ལ་ཡོད་པའི་རྒྱ་དམག་རྣམས་རིམ་བཞིན་ཕྱིར་འདེད་བྱས། རྒྱ་དམག་གི་ལས་ཁུངས་ལྟེ་བ་ཆབ་མདོར་བྱས་ཏེ་རྒྱ་མིའི་དམག་སྤྱི་ཕིན་ཐུང་ལིང་དང་། དེ་འོག་རི་བོ་ཆེ། ལྕགས་ཟམ་ཁ། ནང་ཆེན་སྒར། བྲག་གཡབ། ཆབ་མདོ། སྡེ་དགེ འཇོ་མདའ་བཅས་ལ་རྒྱ་དམག་ཁག་བསྡད་ཡོད།

ཡང་རང་བྱུང་བཅུ་དྲུག་པའི་ལྕགས་ལུག་སྤྱི་ལོ༡༩༣༡ལོར་གཙང་མདའ་ཁྱུང་རམ་པ་དང་།   བདེ་སྨོན་པ་བཅས་ཏྲེ་ཧོར་བྲག་མགོ་ཁུལ་དང་།  ཉག་རོང་ཁུལ་དུ་དབུས་མདའ་ཤེལ་གླིང་སྲས་དང་།  ཁེ་སྨད་སྲས་བཅས་ཀྱི་འགོ་དམག་རྒྱ་དང་ཐུག་འཕྲད་རྒྱབ་བཤིག་རྒྱབ་དགོས་བྱུང་བ་དང་།   དར་རྒྱས་དགོན་པ་རྩ་གཏོར་བཏང་སྟེ་དགེ་འདུན་ཚང་མ་ཁ་འཐོར་ནས་འབྲི་ཆུའི་ནུབ་རྒྱུད་ཁྲ་བོ་མདོར།   དར་དགོན་དམག་སྒར་ཆགས་སྐབས་མདོ་སྤྱི་བཀའ་བློན་ང་ཕོད་བཅས་ཀྱིས་འཕྲལ་སེེལ་རྒྱ་བོད་བར་གྲོས་ཆོད་བྱས་པ་དང་།   དུས་མཚུངས་ལྟ་བུར་ཟི་ལིང་རྨ་ཕུ་ཝང་གིས་དམག་མི་དང་།     བོད་དམག་ཕོན་ཆེན་འབྱོར་བཞིན་པའི་སྦིར་སྒྲས་རྒྱ་ཕྱོགས་ནས་ཞི་ཆིང་འཕྲོས་སྣེ་བླང་པས་རྩེ་སྐེའི་མཆོག་གླིང་དང་རི་ཆེའི་ཕྱག་ཟུར་ཚེ་གྲགས་གཉིས་བརྒྱུད་བཀའ་མོལ་སྣེ་འཕྲོད་པར་བརྟེན་རབ་བྱུང་བཅུ་དྲུག་པའི་ཆུ་བྱ༡༩༣༣ཟླ༢པའི་ཚེས༩ཤར་ལ་མདོ་སྨད་ཞི་དྲག་སྤྱི་འདོམ་གསར་པ་བཀའ་ཚབ་བཀྲས་མཐོང་པ་འགྱུར་མེད་རྒྱ་མཚོར་བསྐོ་བཞག་གནང་།   ཟླ༢པའི་ཟླ་དཀྱིལ་རི་བོ་ཆེ་ནས་ཐོན།  ངོམ་ཆུ་ཟིན་མདའ་གྲུ་ཁ་རྒྱུད་ཆིངས་དོན་སྐུ་ཚབ་ཟུར་ཁང་ཟུར་པ་དང་།   རྩེ་དྲུང་ལས་ཚན་རྡོ་རྗེ་གཡུལ་རྒྱལ་བཅས་ནང་ཆེན་སྒར་དུ་རྩེ་སྐེ་མཆོག་གླིང་མཇལ་ཞིང་།    དེ་ནས་ཞི་ཆིངས་གནང་ཡུལ་སྤྲེལ་ཚ་དགོན་དུ་ཕེབས་སྐབས།    ཟི་རྒྱའི་ཞི་དྲག་དཔོན་རིགས་དང་རྟ་དམག

༣༠སྐོར་ནང་ཆེན་ཁུལ་གྱི་བླ་གྲྭ་དཔོན་རིགས་འགའ་ཤས་བཅས་ཚྭ་ཁང་གཅིག་གི་སར་ཕེབས་བསུར་བཅར། ཟི་ལིང་དམག་དཔོན་རྨ་ཤོན་ཅི། རྨ་ཤོན་ཧྲི་ཁྲི། སླེས་ཚ་རྨུ་བཅས་ཕན་ཚུན་མཇལ་འཕྲད་གནང་། ཟི་རྒྱས་གསོལ་ཚིག་ཕུལ། ཟླ༤པའི་ཚེས༡༦ཉིན་རྒྱ་བོད་སྐད་བསྒྱུར་ཆིངས་ཡིག་སྒྲོགས་སྦྱང་བྱས་རྗེས། བོད་ཕྱོགས་ནས་ཀྱང་སྤྱིའི་ལས་ཐམ་སྐུ་ཚབ་དམག་དཔོན་རྨ་ཤོན་ཅི་ནས་ཕབ་རྒྱག་བྱས་རྗེས་ལྷན་ཚོགས་ཁང་གི་མདོར་ཞྭ་སྒབ་པས་དཔར་རྒྱབ། ཅེས་གསལ་བ་ལྟར་དུས་སྐབས་དེར་ཁམས་ཕྱོགས་སུ་རྒྱ་དམག་མང་པོ་འབྱོར་ཞིང་རྒྱ་བོད་བར་འགལ་བརྩོད་དང་། འཁྲུགས་ཟིང་གི་འགོ་རྩོམ་བཞིན་ཡོད།

______________________

ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པའི《 བོད་ཀྱི་སྲིད་དོན་རྒྱལ་རབས》 སུ་གསལ། སྤྱིར་ནང་ཆེན་རྒྱལ་པོ་འདི་ཉིད་ལ་རྗེ་བོར་འོས་པའི་མཚན་ཉིད་བདུན་དང་ལྡན་པ་སྟེ། ཐུགས་སྒམ་པ། བཀའ་བཙན་པ། ཁོག་ཡངས་པ། ཟུང་ཐུབ་པ། ཞེ་བཅད་ཆེ་བ། ཐུགས་ སྟོབས་ལྡན་པ། གཞན་ལ་བརྩེ་བའོ། །ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་སྔར་བཞིན་བསྐྱངས་ནས་མཐར་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་སྤྱི་ལོ༡༩༥༠ལོར་དགུང་གྲངས་དྲུག་ཅུ་རེ་དགུ་བཞེས་ནས་གཤེགས། སྐུ་མཆེད་གྲུབ་དབང་ཚོགས་གཉིས་ཀྱིས་མཁས་གྲུབ་བཟང་པོའི་རྣམ་ཐར་འཛིན་བཞིན་ཚེས་བཅུ་དགོན་དུ་གཙུག་ལག་གསར་སྐྲུན་མཛད། ས་སྤྲེལ་ལོར་རྐྱེན་དབང་གིས་གཤེགས། ༣ རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་མཆོག་གི་སྐུ་དུས་སུ་དར་རྒུད་ཇི་ལྟར་བྱུང་ཚུལ། ནང་ཆེན་རྒྱལ་རབས་དྲུག་ཅུ་རེ་བརྒྱད་པ་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ(ཡིག་ཆ་འགའ་རེར་བཀྲ་ཤིས་ཚེ་དབང་རྡོ་རྗེ་ཞེས་འབྱུང་བ་ནི་ནོར་བ་ཡིན)མཆོག་ནི་ཡབ་རྒྱལ་པོ་དབང་གྲགས་ཚེ་རིང་དང་། ཡུམ་རག་ཟླ་གཟའ་བདེ་ཆེན་དཔལ་སྒྲོན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་སྤྱི་ལོ༡༩༡༡ ལོར་ཕོ་བྲང་མཁར་སྔོན་པོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་ལུགས་གཉིས་ཀྱི་མཁྱེན་སྤྱོད་མཁའ་ལྟར་ཡངས་ཤིང་། ཡབ་མེས་ཀྱི་སྲིད་ཁྲིར་འཁོད་རྗེས་རྒྱལ་སྲིད་སྔར་བཞིན་བསྐྱངས། ཤེས་བྱའི་གནས་ལ་མཁྱེན་པ་རྒྱས། མཆེད་ཚངས་དབྱངས་མཆོག་སྤྲུལ་དང། ལྷོ་ཆགས་མེད། ལྕམ་སྲིང་རྣམ་སྲས་འཇམ་དབྱངས(ཕྱིས་འཇམ་དབྱངས་དཔོན་མོར་གྲགས)དབང་མོ་རྣམས་འཁྲུངས། རྒྱལ་པོ་ཉིད་ཀྱིས་ཆུང་ངུ་དུས་ནས་འཇམ་དབྱངས་བསྙེན་པ་དུང་ཕྱུར་གསུམ་འགྲུབ། དེ་ཉིད་ཀྱི་བཙུན་མོར་སྡེ་དགེ་རྒྱལ་པོ་རྡོ་རྗེ་སེང་གེའི་སྲས་མོ་གཡུ་སྒྲོན་ཁབ་ཏུ་བཞེས། རྒྱལ་ཡུམ་འདི་ཉིད་རིག་གནས་ལ་སྦྱང་པ་ཆེ་ཞིང་སྒྲོལ་མ་ཉེར་གཅིག་གི་རྟེན་བརྟེན་པ་བཞེངས། ནང་སྡེ་དང་ཕྱི་སྡེ་ཉེར་ལྔའི་དཔོན་ཁག་རྣམས་འཚོགས་འདུ་སྐབས་ནང་ཆེན་སྒར་ལ་འཚོགས་དགོས་ཀྱང་། རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ༡༩༢༨ལོ་ཡས་མས་ནས་བཟུང་དབང་བསྒྱུར་བའི་གཞུང་ལས་གཙོ་བོ་སྐྱེ་རྒུ་མདོར་ཡོད་པས་དེར་འཚོགས་འདུར་འགྲོ་དགོས་པ་དང་། ཞོར་དུ་ཟི་ལིང་དང་། ལན་གྲུ། པེ་ཅིན་སོགས་ལ་ཕེབས། རང་བྱུང་དྲུག་པའི་ས་གླང་སྤྱི་ལོ༡༩༤༩ལོའི་ཟླ༡༠པར་རྒྱ་དམག་གུང་བྲན་་གྱིས་རྒྱ་ནག་ཡོངས་རྫོགས་བླངས་ཤིང་ཀྲུང་ཧྭ་མི་དམངས་རྒྱལ་ཁབ་དངོས་སུ་བཙུགས། པེ་ཅིང་དང་། མཚོ་སྔོན་ཁུལ་ཟི་ལིང་ནས་ཡོངས་གྲགས་རླུང་འཕྲིན་ཐོག་ནས་བོད་ཀྱི་ས་ཁུལ་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཚུལ་སོགས་ཁྱབ་བསྒྲགས་བྱས། བོད་གཞུང་སོགས་བོད་ཡུལ་སྟོད་སྨད་བར་གསུམ་ནས་ངོ་རྒོལ་བྱས་ཤིང་བོད་ཀྱི་ས་ཁུལ་སོ་སོ་ནས་རྒྱ་རིགས་རྣམས་ཕྱིར་འབུད་བཏང་། རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་སྤྱི་ལོ༡༩༥༠ལོར་རྒྱལ་དབང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོས་སྲིད་འགན་བཞེས། མོའོ་ཡིས་དམག་སྡེ་བརྒྱད་པ་བོད་བསྐྱོད་ལས་འགན་འཁུར་རྒྱུ་གཏན་ཁེལ་བྱས་པ་ཡེ་ཀྲང་ཅུན་གཉིས་པས་སྙན་སེང་ཞུས། ཟླ༥པའི་ཚེས༡༧ཉིན་བོད་ཕྱོགས་དང་ཞི་གྲོས་བྱ་རྒྱུའི་གྲོས་དོན་ཁག་ལྷོ་ནུབ་ཅུད་དང་ནུབ་བྱང་ཅུད་ནས་འཆར་ཟིན་འགོད་དགོས་ཞེས་ཀྲུང་དབྱངས་ནས་སྦྲག་ཏར་འབྱོར། དམག་སྡེ་བརྒྱད་པའི་ལྷོ་ལམ་སྣེ་ཁྲིད་ཀྱི་སྔོན་འགྲོའི་དཔུང་དམག་ཤིས་ཁམས་ཞིང་ཆེན་གྱི་ཐན་ཆའི西康省天全 ནས་ཐོན་ཏེ་འབའ་ཐང་དུ་འབྱོར། མཚོ་སྔོན་གྱི་རྟ་དམག་རུ་ཁག་གི་དཔུང་དམག་དྲུག་བརྒྱ་ལྷག་ཙམ་ཟི་ལིང་ནས་ཐོན་ཏེ་ཟླ༧པའི་ཚེས༢༤ཉིན་སྐྱེ་རྒུ་མདོར་འབྱོར་ཞིང་། ནང་ཆེན་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་མཆོག་དགུང་གྲངས་སུམ་ཅུ་སོ་དགུ་བཞེས་དུས་རྒྱ་བོད་མཐུན་ཆིང་ཐུན་མོང་མཉམ་འབྲེལ་གྲོས་བཞི་ཐོག འཕྲལ་ཡུལ་གྱི་བྱུས་བདེ་ལ་དམིགས་ནས་སྐྱེ་རྒུ་མདོར་ཕེབས། ༩ ནང་ཆེན་རྒྱལ་པོར་སྐྱེ་རྒུ་མདོ་ནས། མི་དམངས་ཚོགས་ཆེན་གྱི་ཚོགས་གཙོ་དང་། རང་སྐྱོང་ཁུལ་གྱི་ཁུལ་གཙོར་འདེམས་བསྐོ་གསལ་བསྒྲགས་བྱས་ཤིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འགོ་ཚུགས་ཚུལ། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་སྤྱི་ལོ༡༩༥༡ལོར་ནང་ཆེན་རྒྱལ་པོར་སྐྱེ་རྒུ་མདོ་ནས། མི་དམངས་ཚོགས་ཆེན་གྱི་ཚོགས་གཙོ་དང་། རང་སྐྱོང་ཁུལ་གྱི་ཁུལ་གཙོར་འདེམས་བསྐོ་གསལ་བསྒྲགས་བྱས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས། རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྤྱི་ལོ༡༩༥༨ལོའི་ཡས་མས་སུ་མོའོ་ཡིས་མགོ་ཁྲིད་དེ་བོད་ལ་བཙན་འཛུལ་གྱིས་དབང་བསྒྱུར་གཉའ་གནོན་ཚད་མེད་བྱས་པའི་སྐབས་དེར། བོད་ཀྱི་སྐུ་དྲག་དང་། མི་ཆེན། དཔོན་པོ་ཆེ་ཁག་རྣམས་རྒྱ་དམག་གི་དྲག་པོའི་བཙན་འཛུལ་ལ་སྟོབས་ཤུགས་ཆིག་སྒྲིལ་དང་ནུས་པ་མཉམ་འདོན་གྱིས་ངོ་རྒོལ་གདོང་ལེན་བྱེད་མཁན་མེད་པར་མདོ་དབུས་ཁམས་གསུམ་གྱི་དཔོན་མགོ་སོ་སོ་རང་ས་རང་ཡུལ་དང་། རང་གི་འབངས་མིའི་སྐྱིད་སྡུག་ལེགས་ཉེས་ལ་མི་ལྟ་བར་རང་མགོ་གང་ཐོན་དང་། ལམ་ཁ་གང་རྙེད་ཀྱིས་གཞན་དུ་བྲོས་བྱོལ་བྱེད་པར་བྲེལ་ནའང་། ཁོང་ནི་དེ་ལས་ལྡོག་ཏེ་རང་ཉིད་ཀྱི་བདེ་སྡུག་ཁོ་ན་བསམ་ནས་བྲོས་པའི་ལམ་ཁར་མ་ཞུགས་པར་དུས་རབས་ཀྱི་འགྱུར་འགྲོས་ཇི་ལྟར་བྱུང་ཡང་རང་ས་རང་ཡུལ་མི་དོར་བ་དང་། སྐྱིད་སྡུག་ལེགས་ཉེས་ཇི་ལྟར་བྱུང་ཡང་རང་གི་འཁོར་འབངས་ལ་གཟིགས་རྟོགས་བྱེད་པའི་བརྩེ་སེམས་མ་དོར་བར་བཞུགས། རབ་བྱུང་བཅོ་ལྔ་པའི་ལྕགས་གླང་སྤྱི་ལོ༡༩༦༡ལོར་མ་ཉེས་ཁ་གཡོགས་ཀྱིས་བཙོན་འཇུག་དང་། རྡུང་རྡེག་དྲག་གནོན་འོག་སྐུ་གཤེགས། མཆེད་ཆོས་གྲགས་རྒྱ་མཚོ་དང་དཀོན་མཆོག་ཐུབ་བསྟན་བཀྲ་ཤིས་ལྕམ་སྲིང་རྣམ་སྲས་དབང་མོ་གསུམ་བྱོན་པ་ལས། ཆོས་གྲགས་རྒྱ་མཚོ་ནི་ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུར་བསྔགས་ཤིང་། ཚོགས་གཉིས་པདྨ་དྲི་མེད་དང་། ཨ་ལྡེའུ་ཆོས་ཀྱི་རྒྱ་མཚོ་སོགས་ལས་རིག་གནས་ཀུན་ལ་སྦྱང་བརྩོན་མཛད། སྙན་ངག་དང་སྒྲ་མདོ་སོགས་ལ་མཁས། ཀེས་ཐེག་ ཆེན་བྱང་ཆུབ་ཆོས་གླིང་དུ་བཞུགས། ནང་ཆེན་རྫོང་སྲིད་གྲོས་སུ་ཕྱག་ལས་གནང། དགུང་གྲངས་རེ་བརྒྱད་ལ་གཤེགས། གཅུང་དཀོན་མཆོག་ཐུབ་བསྟན་བཀྲ་ཤིས་ནི། རབ་བྱུང་བཅོ་ལྔ་པའི་ཆུ་གླང་སྤྱི་ལོ༡༩༡༣ལོར་འཁྲུངས། ལྷོ་ཆགས་མེད་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། མི་གཡེལ་དགོན་དུ་བཞུགས། དགུང་གྲངས་ཞེ་ལྔ་ལ་གཤེགས། ལྕམ་སྲིང་རྣམ་སྲས་དབང་མོ་ནི་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་སྤྱི་ལོ༡༩༡༦ལོར་འཁྲུངས། སྡེ་དགེ་རྒྱལ་པོ་འཇིག་མེད་ཚེ་དབང་བདུད་འདུལ་གྱི་བཙུན་མོར་ཕེབས། སྲས་ཨོ་རྒྱན་རིག་འཛིན་གྱིས་ནང་ཆེན་གྱི་སྐུ་ཚབ་སྤས་ཨོ་རྒྱན་ཉི་མ་དཔུང་རོགས་དང་བཅས་ཕེབས་ནས་སྡེ་དགེ་དང་བྱ་རྒོད་སྟོབས་ལྡན་གྱི་བར་འཁྲུག་རྩོད་བྱུང་བ་འདུམ་འགྲིག་མཛད། རྒྱལ་སྲས་ཕྲིན་ལས་ཀུན་ཁྱབ་ནི་ཡབ་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་དང་། ཡུམ་སྡེ་དགེའི་སྲས་མོ་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་སྤྱི་ལོ༡༩༣༨ལོར་འཁྲུངས། ངོར་མཁན་ཆེན་ངག་དབང་ཡོན་ཏན་རྒྱ་མཚོ་དང་། འཇིག་བྲལ་ནམ་མཁའི་རྡོ་རྗེ། ཚང་གསར་འཇམ་དབྱངས་བློ་གྲོས་རིན་ཆེན། རྫོང་གསར་མཁྱེན་བརྩེ་སོགས་དམ་པའི་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས། རིག་པའི་གནས་ཀུན་ལ་སྦྱང་པ་ཕུལ་དུ་བྱུང་། དགུང་གྲངས་བཅོ་བརྒྱད་ཐོག་ཡུམ་དང་མཉམ་དུ་ལྷ་སར་ཕེབས། བསྟན་འགྲོའི་དོན་དུ་ལྷ་སའི་ཇོ་ཁང་ནང་གུ་རུ་མཚན་བརྒྱད་གསར་བཞེངས་གནང་། རིག་གསར་གྱི་དུས་རླུང་ནག་པོའི་ཁྲོད་བཟོད་མེད་ཀྱི་བཀའ་སྡུག་མང་པོ་མྱང་། ཕྱིས་ཁོང་ཉིད་རིག་པའི་གནས་ཀུན་ལ་མཁས་ཤིང་། རྒྱ་བོད་ཀྱི་སྐད་ཡིག་ལའང་ བྱང་ཆུབ་པས། ཡུལ་ཤུལ་ཁུལ་སྲིད་གྲོས་སླར་གསོ་བྱུང་རྗེས། སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། ཁུལ་ལོ་རྒྱུས་རྩོམ་སྒྲིག་གཞུང་ལས་ཁང་གི་དབུ་ཁྲིད། ཞིང་ཆེན་དང་ཁུལ་རིམ་པའི་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཚོགས་མི། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་གཞོན་པ་བཅས་ཀྱི་འགན་བཞེས་ཤིང་། ཕྱག་ལས་མང་པོ་གནང་། རབ་བྱུང་བཅུ་བདུན་པའི་ལྕགས་རྟ་སྤྱི་ལོ༡༩༩༠ལོར་ཚང་གསར་འཇམ་དབྱངས་བློ་གྲོས་རིན་ཆེན་སྐུ་གཤེགས་ནས་ཚང་གསར་དགོན་དུ་བྱོན། ཕྱིར་ཕེབས་ལམ་དུ་བླ་ཁྱབ་དགོན་དུ་བཞུགས། ལོ་དེའི་ཟླ༦པའི་ཚེས༣ཉིན་གློ་བུར་དུ་རྐྱེན་དབང་གིས་སྐུ་གཤེགས། གཅུང་པོ་ཀུན་དགའ་དང་། ཨ་ཁྱུང་། སྲས་མོ་མོ་དགའ། གཡུ་ལྡེར། གཡུ་ཆུང་། གཞན་ཡང་ཟུང་སྲས་ཕུན་ཚོགས་དགྲ་འདུལ་བཅས་ཡུམ་སྲས་རྣམས་ཀྱིས་ང་བརྒྱད་ལོའི་དྲག་གནོན་འོག་འོ་རྒྱལ་གཟོད་མེད་ཀྱི་དཀའ་སྡུག་མྱང་བ་སོགས་ནི་འདིར་མ་བརྗོད་དོ། ། དེས་རྒྱལ་ས་སྐུ་འབུམ་མཇུག་རྫོགས་ནས་གསང་རྗོང་དང་ནང་ཆེན་སྒར་སོགས་ལ་རྒྱལ་ས་མཛད་ནས་མི་ལོ་སུམ་བརྒྱ་ལྷག་ལ་རྒྱལ་སྲིད་བསྐྱངས་དུས་ཏེ། ཕྱི་དར་ནང་ཆེན་རྒྱལ་རབས་ཀྱི་སྐབས་སུ་བྱུང་བའི་ལོ་རྒྱུས་མདོར་བསྡུས་སུ་བསྟན་པའོ། ། དེ་ལྟར་འབྲུ་སྟག་རྒོད་ནས་བཟུང་འབྲུ་རྗེའི་གདུང་རབས་རྣམས་ཀྱིས་བཙན་པོའི་དུས་སྐབས་ཡས་མས་སུ་ཏྲེ་རབ་ཁར་རྒྱས་སྲིད་བསྐྱངས་ཤིང་རྒྱལ་རབས་བཞི་བཅུ་ཞེ་བདུན་འདས་པའི་བར་སྲིད་ཀྱི་བྱ་བ་གཙོ་བོར་བྱས་པ་དང་། བོད་བཙན་པོའི་བཀའ་ཡི་ཕྲིན་ལས་སྐྱོང་བའི་བློན་འབངས་ཡིན་ལ། དེ་རྗེས་ཐུ་བྷོད་བཙན་རྒྱལ་ཆེན་མོ་སིལ་བུར་འཐོར་ནས་བོད་སིལ་བུའི་དུས་སྐབས་དང་ཆོས་སྲིད་ཟུང་འབྲེལ་གྱི་མུན་ནག་གི་དུས་རབས་མགོ་བཟུང་བའི་སྐབས་ཡས་མས་ཙམ་ལ་ཁམས་ཀྱི་ཕྱོགས་ནས་སྡེ་དགེ་རྒྱལ་པོ་དང་། བེ་རི་རྒྱལ་པོ། ལྕགས་ལ་རྒྱལ་པོ་སོགས་རྒྱལ་ཕྲན་སིལ་མ་མང་པོས་ཀྱང་སོ་སོའི་འདྲ་མཉམ་དུ་སྲིད་ཆོས་སྐྱོང་བཞིན་གནས། དུས་དེར་རས་དཀར་དང་གུང་སྒོམ་ཨའུ་སོགས་ཀྱིས་རས་ཚང་སྒོམ་སྡེའི་རྒྱལ་སྲིད་བཟུང་བས་རིམ་བཞིན་ཁམས་ཕྱོགས་ནས་ཅུང་སྙན་གྲགས་དང་། ཆོས་སྲིད་ཀྱི་མཛད་པ་རྒྱས་པས། དེའི་དུས་མདོ་ཁམས་སྒང་འདིར་ཆོས་སྲིད་གྱི་ཡོ་ལང་རབ་ཏུ་རྒྱས་པ་འདི་ལས་ལྷག་པ་མ་བྱུང་ལ། དུས་སྐབས་དེ་ནས་བཟུང་ཧོར་སེ་ཆེན་རྒྱལ་པོའི་བོད་ཁམས་ལ་དབང་བསྒྱུར་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་གོང་མ་ཧོར་གྱིས་མངའ་འོག་ནས་སྐྱོང་བའི་ལམ་ལུགས་བྱུང་བ་དང་། ལྷག་པར་དུ་དེ་རྗེས་ཧོར་གྱི་རྒྱལ་པོའི་བོད་ཁམས་ཡོངས་ཀྱི་ཆོས་སྲིད་ཀྱི་ལས་ཀ་ཡོད་ཚད་ཀྱི་འགན་འགྲོ་མགོ་འཕགས་པ་བློ་གྲོས་རྒྱལ་མཚན་ལ་སྤྲད་ཅིང་། འཕགས་པ་ཡར་བོད་དུ་ཕེབས་ནས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དངོས་སུ་མགོ་ཚུགས། དེ་རྗེས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་སོ་ཆེན་མོའི་ཁྲི་ལ་མངའ་གསོལ་ནས་མདོ་སྟོད་མི་ཡི་ཆོལ་ཁར་དབང་བསྒྱུར་རྗེས། རས་ཚང་སྒོམ་སྡེའི་རྒྱལ་སྲིད་བཟུང་ནས། གནས་དྲུག་ཁྲི་སྐོར་མངའ་ཞབས་སུ་བསྡུས་པ་དང་། རིམ་པར་ནང་ཆེན་པའི་རྒྱལ་རྒྱུད་དག་གིས་ས་སྐྱ་པ་དང་། ཕག་གྲུ། དགའ་ལྡན་ཁྲི་རབས་སྐབས་སུ་གོང་ནས་ཐད་ཀར་གཟིགས་སྐྱོང་འོག་ལུགས་གཉིས་ཀྱི་བྱ་བར་མཛད་ཕྲིན་བསྐྱངས། ཁམས་སྟོད་ནས་གཞན་ལས་ཁྱད་དུ་འཕགས་པའི་སྟོབས་འབྱོར་མངའ་ཐང་སོགས་ཀྱང་རྒྱས་པ་སྟེ་ལུགས་གཉིས་ཀྱི་མཛད་པར་ཅུང་མཐུས་སྒོ་ཚང་བའི་ལོ་རྒྱུས་ལྡན་པའོ། ། ནང་ཆེན་རྒྱལ་རབས་ཕྱི་མ་རྣམས་ཀྱིས་གཙོ་བོ་ཆོས་ཕྱོགས་ཀྱི་བྱ་བ་གཙོ་བོར་བྱེད་ཅིང་ཆོས་ཉམས་ལེན་བྱས་པ་ལས། འཇིག་རྟེན་སྲིད་ཕྱོགས་ཀྱི་དམིགས་བསལ་མཛད་རྗེས་ཅན་ནི་མི་སྣང་ལ། འདས་པའི་དངོས་ཡོད་ལོ་རྒྱུས་ལྟར་ཆོས་ཕྱོགས་ཀྱི་བྱ་བ་དང་སྒྲུབ་པ་ཉམས་ལེན་བྱས་པའི་སྐོར་ཉུང་ཤས་དག་ལོ་རྒྱུས་སྤྱི་འགྲོས་ལྟར་སོར་བཞག་བྱས་པ་ཡིན། ཕྱིས་ཀྱི་ལོ་རྒྱུས《ནང་ཆེན་རྒྱལ་རབས་གསེར་ཕྲེང》ཞེས་པ་སོགས་འགའ་ཤས་ལས་གོང་གི་ཏྲེ་བོ་ཨ་ཀླུ་དང་གུང་སྒོམ་ཨའུ་གཉིས་མི་གཅིག་ཏུ་བཤད་ནས་ནང་ཆེན་སྐུ་འབུམ་གྱི་རྒྱལ་རབས་ཐོག་མའང་ཏྲེ་བོ་ཨ་ཀླུ་ནས་བྱུང་བར་བཀྲལ་འདུག་པ་དེ་དག་གི་རྗེས་སུ་འབྲང་ནས། ལྷོ་བསྟན་འཛིན་ཉི་མས་ཀྱང་མ་ཤེས་ཤེས་ཁུལ་གྱིས་བདེན་པའི་ལོ་རྒྱུས་དངོས་ལ་འཁྱོགས་བཤད་བྱས་འདུག་པ་དག་གོང་ནས་མི་ལོ་བཞི་བརྒྱ་ལྷག་གི་སྔོན་གྱི་ལོ་རྒྱུས་ཡིག་རྙིང་ཁག་ལ་གཏུགས་ནས་བདེན་རྫུན་གསལ་པོར་མཛུབ་སྟོན་བྱས་ཡོད་པས་ཀློག་པོ་རྣམས་ཀྱིས་འཁྱོག་ལམ་གྱི་འོ་རྒྱལ་མཛད་མི་དགོས་ལ། གཞན་ད་དུང་ནང་ཆེན་རྒྱལ་རབས་དངོས་ཀྱི་ལོ་རྒྱུས་ལ་རང་ཚོད་ཀྱིས་དགག་སྒྲུབ་ཅུང་ཟད་རེ་བྱས་ཏེ་ནོར་བཅོས་ཡོ་སྲང་བགྱིས་ཡོད་སྙམ། བོད་སིལ་བུའི་དུས་སྐབས་ནས་བཟུང་ཆོས་སྲིད་ཟུང་འབྲེལ་ཞེས་ཕལ་པའི་གནས་སུ་འདེད་དེ་མགོ་འདོགས་རིང་ལུགས་དང་། གྲུབ་མཐའ་འཐེན་ཁྱེར་གྱི་ལོ་རྒྱུས་དངོས་དང་བསྟུན་ནས་རྒྱལ་པོ་དག་གི་གོ་གནས་ཀྱི་མིང་ཁ་ཤས་རྒྱ་སྐད་དང་། ཆོས་སྲིད་ཀྱི་བྱེད་ཕྱོགས་འགའ་རེ་དབང་སྒྱུར་བའི་ལམ་ལུགས་ལྟར་སོར་གཞག་བྱས་ཡོད་པ་དེ་དག་ཀྱང་དངོས་ཡོད་ལོ་རྒྱུས་སྙོན་པར་མི་འགྱུར་ཕྱིར། རང་སོར་བཞག་པ་ཙམ་ལས། དོན་དུ་འདས་མ་ད་གསུམ་ཀུན་ཏུ་ནམ་ཡང་འབྲལ་ཐབས་མེད་པའི་བོད་རང་གི་ཐུན་མིན་ཆ་ཤས་ཤིག་ཡིན་པར་མ་ཟད། ཆོས་སྲིད་ཀྱི་བྱ་བའི་ཐད་བོད་གཞུང་ནས་ཐད་ཀར་གཟིགས་རྟོགས་བྱེད་བཞིན་ཡོད། ཡང་ལོ་རྒྱུས་ཁག་འགའ་རེ་ནས་གདུང་རབས་དང་། གདན་རབས། རྒྱལ་རབས་སོགས་ཉ་དང་ཉུང་མ་མཉམ་བསྲེས་ཀྱིས་རང་འདོད་ཅི་རིགས་བགྲངས་བཞིན་འདུག་ཀྱང་འདི་ནས་རྒྱལ་རབས་སྲིད་ཁྲི་འཛིན་པ་རིམ་བྱོན་རྣམས་གཙོ་བོར་བགྲངས་བ་ཡིན། སྤྱིར་བླ་རབས་དང་། གདན་རབས། རྒྱལ་རབས་སོགས་ལ་གནས་དང། གང་ཟག ཆོས། བྱེད་ལས་སོགས་དང་འབྲེལ་བའི་དབྱེ་བའམ་གཙོ་བོའི་ཁ་ཕྱོགས་མི་འདྲ་བ་ཡོད་ཀྱང་། འདི་ནས་ལུགས་གཉིས་ཟུང་འབྲེལ་ལམ་ལུགས་ཀྱི་འོག་ནས་བླ་དཔོན་མི་གཅིག་གིས་བྱེད་པའི་བོད་ཀྱི་ལོ་རྒྱུས་ཕྱི་མ་རྣམས་དབང་བཙན་དུ་བྱས་ནས་བྱེ་བྲག་ལ་མ་ལྟོས་པར་ཁ་བྱང་དངོས་དང་འབྲེལ་བའི་རྒྱལ་རབས་ལོ་རྒྱུས་གཙོ་བོར་བརྗོད་པ་སྟེ། འབྲུ་སྟག་རྒོད་ནས་ཏྲེ་བོ་ཨ་ཀླུའི་བར་རྒྱལ་རབས་བཞི་བཅུ་ཞེ་བདུན་དང་། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནས་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་བར་རྒྱལ་རབས་ཉི་ཤུ་རྩ་གཅིག་དང་། སྡོམས་རྒྱལ་རབས་དྲུག་ཅུ་རེ་བརྒྱད་སོང་ཞིང་། རྒྱལ་ས་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་འཛིན་དང་པོ་རས་པ་དཀར་པོ་དང་། གུང་སྒོམ་ཨའུ་ནས་ཡོན་ཏན་དཔལ་གྱི་བར་རྒྱལ་རབས་ལྔ་དང་། དེ་ནས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནས་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་བར་རྒྱལ་རབས་ཉི་ཤུ་གཅིག་སྟེ། བསྡོམས་རས་ཚང་སྒོམ་སྡེའི་རྒྱལ་རབས་ཉི་ཤུ་རྩ་དྲུག་འདས་པ་ཡིན་ལ། དེ་དག་གི་ལོ་རྒྱུས་རག་རིམ་ཙམ་ཞིག་སྨྲས་ཟིན་ཏོ། ། སྨྲས་པ། ཕྱོགས་ལྷུང་སྐྱོན་གྱི་དྲི་མ་ནག་པོའི་བདེན་པའི་བཞིན་རས་མ་སྒྲིབ་ཤིང། ། ཟེར་སྒྲོས་བསགས་པའི་དུས་ཀྱི་རྒུད་པས་ལོ་ཚིག་རྒན་པར་མ་གྱུར་པའི། ། བཅུ་དྲུག་ལང་ཚོའི་ཁོ་ལག་རྫོགས་པའི་རྒྱལ་རབས་ལོ་རྒྱུས་མཛེས་མ་འདི། ། གཟུར་གནས་བློ་ཡི་དཔའ་སྟོབས་རྫོགས་པའི་བློ་གསར་བུ་ཡི་དགའ་མར་སྦྱིན། ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ༤ ནང་ཆེན་རྒྱལ་རབས་ཕྱོགས་བསྡོམས་དང་བཅིངས་འགྲོལ་སྐབས་ཀྱི་ གནས་ཚུལ།

 ཐུ་བྷོད་བཙན་རྒྱལ་ཆེན་མོ་སིལ་བུར་འཐོར་རྗེས་འབངས་གྱེན་ལོག་དང་།     ནང་ཁུལ་འཁྲུག་རྩོད་ཀྱིས་མི་ལོ༤༠༠ལྷག་འདས་ཤིང་།   བཙན་པོའི་སྐབས་ཀྱི་འགྲན་ཟླ་བྲལ་བའི་སྟོབས་འབྱོར་མངའ་ཐང་དང་།   སྲིད་འབྱོར་རིག་གསུམ།  དེ་བཞིན་འོད་སྟོང་རྣམ་པར་བཀྲ་བའི་སྲོལ་རྒྱུན་མི་ཆོས་རིག་གནས་དང་བཅས་པ་མར་ངོས་ཟླ་བའི་འགྲོས་བཞིན་རྒུད་པ་ནས་ཉམས་པའི་མཐའ་རུ་འཕྱན་པར་གྱུར།   སླར་ཡང་བོད་རབ་བྱུང་གསུམ་པའི་མེ་སྟག་སྤྱི་ལོ༡༢༠༦ལོར་ཇིང་གེར་ཧོར་ཡོངས་ཀྱི་རྒྱལ་པོར་བསྐོས་ནས་མོང་གོལ་རྒྱལ་ཁབ་གསར་དུ་ཚུགས།    དེ་ནས་རིམ་བཞིན་ཧོར་སེ་ཆེན་རྒྱལ་པོའི་སྐབས་རྒྱ་ནག་དང་།  མི་ཉག་ལ་སོགས་པའི་རྒྱལ་ཁབ་མང་པོ་དབང་དུ་བསྡུས་ནས་གོང་མ་ཧོར་གྱིས་ཡ་གླིང་སུམ་གཉིས་ཀྱི་བདག་པོ་བྱས་པའི་དུས་སྐབས་དེར།   བོད་ཀྱི་བླ་ཆེན་ཁག་དང་།   ཧོར་སོགས་བར་མཆོད་ཡོན་འབྲེལ་བ་ཐོག་མར་བྱུང་ཞིང་།   དེ་ནས་བཟུང་ཧོར་རྒྱལ་པོའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཡུལ་ཕལ་མོ་ཆེ་ཆོས་བདག་བླ་ཆེན་ཁག་གིས་དབང་དུ་བྱས་ཤིང་།    ཆོས་སྲིད་ཟུང་འབྲེལ་ཞེས་པའི་ལམ་ལུགས་ཡ་མ་ཟུང་གི་འོག་ནས།    སྲིད་དབང་འཕྲོག་རིས་དང་།  གྲུབ་མཐའི་འགལ་རྩོད་ཁོ་ནས་མི་ལོ་བརྒྱ་ཕྲག་གི་རིང་ལ་བོད་ཀྱི་མུན་ནག་ལྟ་བུའི་དུས་རབས་ཤིག་རྒྱུད་པ་རེད།  

དུས་སྐབས་དེ་དག་ཏུ་རྒྱ་གར་གྱི་ཡུལ་གྱལ་རིག་གནས་ཁོ་ན་དཀར་པོ་ཆིག་ཐུབ་ཏུ་བཟུང་ནས། དེ་ཉིད་ལ་སྟོབས་ཤུགས་ཡོད་ཚད་ཕུལ་ཏེ་དུས་འདས་པས། བཙན་པོའི་སྐབས་ཀྱི་འོད་སྟོང་རྣམ་པར་བཀྲ་བའི་མི་ཆོས་རིག་གནས་རྩ་བརླག་ཏུ་གྱུར་པར་མ་ཟད། སྲིད་འབྱོར་རིག་གསུམ་མུ་མཐུད་རྒུད་པའི་ལམ་དུ་སོང་ངོ་། ། མདོ་སྟོད་མི་ཡི་ཆོལ་ཁ་ཁམས་སྒོམ་སྡེ་ནང་ཆེན་རྒྱལ་ཁམས་འདིར་ཡང་། ས་སྐྱའི་སྲིད་དབང་མ་བྱུང་སྔོན་སྟེ་རབ་བྱུང་བཞི་པའི་མེ་སྤྲེལ་སྤྱི་ལོ༡༢༣༦ལོར་འགྲོ་མགོན་ཏི་ཤྲཱི་རས་པའི་སློབ་མ་རས་པ་དཀར་པོས་སྐུ་འབུམ་རྩ་བ་བཞེངས། མདོ་སྟོད་སྐུ་འབུམ་གྱི་མཚན་དོན་ཐོག་མ་དེ་ནས་བྱུང་། ཧོར་སེ་ཆེན་རྒྱལ་པོའམ་རྒྱལ་བུ་གོ་བེ་ལར་གྲགས་པས་མདོ་སྨད་ནས་དམག་དྲངས་ཏེ་སླེབས། རས་པ་དཀར་པོ་དང་གུང་སྒོམ་ཨའུ་དཔོན་སློབ་མཇལ་དུ་བྱོན། རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་གུང་སྒོམ་ཨའུ་མི་ཆོས་ཀྱི་དཔོན་པོར་བསྐོས། དེ་ནས་སྐུ་འབུམ་ཀྱི་ཕོ་བྲང་ནང་སོ་ཆེན་མོའི་རྒྱལ་རབས་དབུ་བརྙེས་ཤིང་། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་ཕེབས་ནས་གཅིག་གྱུར་གྱི་ནང་ཆེན་རྒྱལ་རབས་དངོས་སུ་མགོ་མ་ཚུགས་བར་རྒྱལ་རབས་ལྔ་འདས། དེ་རྗེས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་འོག་ནས་ས་སྐྱ་ཆོས་རྒྱལ་འཕགས་པས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན(ཏྲེ་བོའི་རྒྱལ་རབས༤༨པ)ལ་ཆེན་པོ་ལ་འོས་པའི་ཚན་བཅུ་གསུམ་ཕུལ་ཏེ། མདོ་སྟོད་མི་ཡི་ཆོལ་ཁ་ཁམས་སྒོམ་སྡེ་ནང་ཆེན་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་བཞུགས་དགོས་པའི་འཇའ་ས་གནང་། རབ་བྱུང་ལྔ་པའི་ལྕགས་བྱི་སྤྱི་ལོ༡༣༠༠ལོར་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་བཀོད། དེ་ནས་བཟུང་གཅིག་གྱུར་གྱི་ནང་ཆེན་རྒྱལ་རབས་དངོས་སུ་འགོ་ཚུགས་ཤིང་། གནས་དྲུག་ཁྲི་སྐོར་བཅུ་གཉིས་ལ་དབང་བསྒྱུར་བ་ནས་བཟུང་རིམ་བཞིན་ཡུལ་ཁམས་འདིར། བོད་ཡུལ་སྤྱི་འགྲོས་ལྟར་གཙོ་བོ་དམ་པའི་ཆོས་ཕྱོགས་ལ་བརྩོན་ཞིང་། གྲུབ་མཐའ་རྒྱ་བསྐྱེད་དང་། དགོན་པ་འདེབས་འཛུགས་ཀྱིས་དུས་འདས་པ་དང་། རང་གི་མངའ་ཁོངས་རྒྱ་བསྐྱེད་བྱས་པ་ཙམ་ལས། སྒང་པ་བོད་མའི་སྤྱི་བྱུས་ལ་དེ་ཙམ་ཐེ་གཏོགས་བྱེད་མཁན་མ་བྱུང་ངོ་། ། རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ༡༣༥༤ལོར་ཕག་གྲུའི་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱར་དམག་དྲངས་ནས། བོད་སྤྱི་ལ་ལོ་ངོ་བརྒྱ་ལྷག་ལ་དབང་བསྒྱུར་བའི་ས་སྐྱའི་སྲིད་དབང་མགོ་རྟིང་སློག ཧོར་གོང་མ་ཐོ་ཀན་ཐེ་མུར་གྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱང་ཆུབ་རྒྱལ་མཚན་གྱིས་བོད་ལ་དབང་བསྒྱུར་ཞིང་། ཕག་གྲུའི་སྲིད་དབང་དངོས་སུ་འགོ་ཚུགས་ནས་བོད་དུ་ཕག་གྲུའི་སྡེ་སྲིད་རྣམས་ཀྱིས་དབང་བསྒྱུར་བྱས། རབ་བྱུང་དྲུག་པའི་ས་སྤྲེལ་སྤྱི་ལོ༡༣༦༨ལོར་ཡོན་སོག་པོའི་གཅིག་གྱུར་གྱི་རྒྱལ་རབས་མཇུག་རྫོགས། ཀྲུའུ་ཡོན་ཀྲང་གིས་ནན་ཅིན་དུ་རྒྱལ་ས་བཟུང་ནས་མང་རྒྱལ་རབས་མགོ་ཚུགས། རབ་བྱུང་བདུན་པའི་ལྕགས་སྟག་སྤྱི་ལོ༡༤༡༠ལོར་ཀརྨ་པ་དེ་བཞིན་གཤེགས་པ་རྒྱ་ནག་ནས་ཡར་བོད་ལ་ཕེབས། མདོ་སྟོད་སྐུ་འབུམ་དུ་སྤྱན་དྲངས། འཇིག་རྟེན་གྱི་དངོས་པོ་བགྲང་ལས་འདས་པ་ཕུལ། ནང་ཆེན་རྒྱལ་རབས༥༠པ་བསམ་གྲུབ་རྒྱ་མཚོར་ཀུན་དགའ་དཔལ་བཟང་པོའི་མཚན་དང་། གསེར་གྱི་ཐམ་ག་ཆེན་པོ། ཐམ་གའི་ཁ་རིས་ལ། རྒྱ་ནག་སྐད་དུ། ཀྭན་ཏིང་ཙིང་ཀྱའི་ཤིན་ཧུའི་ཤེ་གོ་ཝེ་ཤྲཱི བོད་སྐད་དུ། སྤྱི་བོ་ནས་དབང་སྐུར་བའི་ཆེན་པོ་རྒྱལ་ཁམས་ཀྱི་བླ་མ་ཆོས་ཁྲིམས་བཅའ་བའི་རྒྱལ་པོ་ཞེས་པ་གནང་ནས་ནང་སོ་ཆེན་མོའི་ཁྲིར་བསྐོ་བཞག་མཛད། དེ་རྗེས་རྒྱལ་སྲས་སངས་རྒྱས་གྲགས་པ་སྟག་ལུང་དུ་བྱོན། ངག་དབང་གྲགས་པ་མཇལ། ལོ་བཅུ་གཉིས་ལ་རིང་ལུགས་གཉིས་ཀྱི་ཞབས་ཞུ་དཔག་ཏུ་མེད་པ་ཕུལ་བས་ཐུགས་མཉེས་ཏེ་བཞུགས། ཡ་གསུམ་སྟོད་མའི་རྫོང་དང་བཅས་གདན་སར་བསྐོས། སྟག་ལུང་ཕོ་མདོའི་ཡ་གསུམ་ཐང་ཞེས་པར་གཏན་ཆགས། དེ་དུས་ས་ཡི་ཆོད་མཚམས་ཡང་སྟོད་ནས་བྱང་གནམ་མཚོའི་སྲིབ་ཆེན་སྒེར། སྨད་ནས་ཤག་གི་སྦང་ངུ(བྲག་ཆུང་ངུ)ཟམ་ཁ་ཡིན། དེ་ནས་བཟུང་དབུས་ཙང་སྟག་ལུང་ལ་མངའ་རིས་བསྐྱངས་ནས་ནང་ཆེན་སྒོམ་སྡེ་སྐུ་འབུམ་དང་ལྷན་དུ་ཆོས་སྲིད་བསྐྱངས་པས། སྒོམ་སྡེ་སྟོད་སྨད་ཞེས་གྲགས། དེ་རྗེས་སྒོམ་སྡེ་སྨད་ནས་ཁྲི་འཛིན་བཀྲ་ཤིས་བཟང་པོ་གྲོངས་ནས་ཐུ་ལུ་ཧུན་གྱི་དམག་གིས་སྡང་ཤིང་སྒོམ་སྡེའི་རྒྱལ་སྲིད་ལ་འགལ་རྐྱེན་འབྱུང་ཉེན་ཡོད་པའི་སྐབས་སུ། ཡ་གསུམ་སྟོད་ནས་སེང་གེ་རྒྱལ་མཚན་ཕྱིར་མདོ་ཁམས་སྐུ་འབུམ་དུ་ཕེབས་ནས། ཕོ་བྲང་ནང་སོ་ཆེན་མོའི་གསེར་ཁྲི་མནན། ཚུལ་མིན་འཁྱོགས་པོར་སྤྱོད་པའི་སྦྲུལ་གདུག་གི་ངང་ཚུལ་ཞི་བས་སྲོང་མི་ཐུབ་པ་རྣམས་དྲག་པོའི་མཚོན་རྩེར་དྲངས། ནང་ཆེན་སེང་གེའི་མགོ་ཅན་ཞེས་གྲགས་པའི་སྒྲ་ཆེན་ཕྱོགས་ཀྱི་དྲེག་ལྡན་ཀུན་གྱི་ཐོས་འཛིན་རྣ་བའི་དཔྱིད་དུ་འཕོས་པས་སྐྱེངས་པའི་མགོ་བོ་ལན་བརྒྱར་དུད། འབྲུ་སྟག་རྒོད་ནས་རྩིས་པའི་རྒྱལ་རབས་ལྔ་བཅུ་ང་བདུན་དང་། སྐུ་འབུམ་གྱི་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནས་བཟུང་རྒྱལ་རབས་བཅུ་འདས་རྗེས་ཏེ། རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ༡༦༣༤ལོར་མདོ་སྟོད་སྐུ་འབུམ་དུ་བེ་རིའི་དམག་སླེབས། ཡུན་རིང་འཁྲུགས་ཀྱང་མཐའ་མ་འཁྱོལ་བར་བཙན་བྱོལ་བྱས། སྐུ་འབུམ་གྱི་རྒྱལ་ས་མཇུག་བསྡུས། དེ་ནས་སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་དང་། ནང་ཆེན་རྒྱལ་པོ་ཀརྨ་རབ་བརྟན་སོགས་ཀྱིས་བེ་རིའི་ཐོག་ཏུ་དཔུང་ཚོགས་དྲངས་ནས་ཆམ་ལ་ཕབས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ༡༦༤༢ལོར་སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་རྒྱབ་སྐྱོར་འོག་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་མགོ་རྟིང་སློག་སྟེ། རྒྱལ་དབང་ལྔ་པ་ཆེན་པོ་བོད་གཅིག་གྱུར་གྱི་རྗེ་བོར་བསྐོར་ནས་གནམ་སྐོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས། ནང་ཆེན་གྱི་ས་གནས་སྔར་སྲོལ་ལྟར་གནས་དགོས་པའི་འཇའ་ས་གནང་། རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་སྤྱི་ལོ༡༦༤༤ལོར་མན་ཇུ་རིགས་ཀྱིས་དམག་དྲངས་ཏེ་པེ་ཅིན་ལ་དཔུང་འཇུག་བྱས་པས། མང་རྒྱལ་རབས་ཀྱི་གོང་མ་ཁྲུང་ཀྲུའུ་ཏེ་རང་སྲོག་བཅད། རྒྱ་ནག་མང་རྒྱལ་རབས་མཇུག་རྫོགས་རྗེས་མན་ཇུ་རིགས་ཀྱི་ཆིན་ཁྲོའམ་ཆིན་རྒྱལ་རབས་མགོ་ཚུགས།

 དུས་སྐབས་དེར་མདོ་ཁམས་སྟོད་ཀྱི་ཆོས་སྲིད་ལ་མངའ་དབང་བསྒྱུར་མཁན་ནི་ནང་ཆེན་ཨ་ཉོག་རྒྱལ་པོ་ཡིན།  རྒྱལ་དབང་ལྔ་པ་ཆེན་པོས་བོད་ལ་དབང་སྒྱུར་སྐབས།  དབུས་སུ་མཇལ་བཅར་ཞུས་པས་བདག་རྐྱེན་ལེགས་པོ་གནང་ཞིང་།   བློ་བཟང་དབང་གྲགས་ཞེས་པའི་མཚན་དང་བྱང་ཕྱོགས་དབང་བསྐུར་རྒྱལ་པོའི་སྐུ་ཞབས་ཞེས་པའི་ཆོ་ལོ་བསྩལ།   ཕོ་བྲང་པོ་ཏ་ལ་གསར་བཞེངས་སྐབས་ཞབས་ཞུ་དང་།   གདན་སར་སྒོམ་སྡེ་ཁག་ཚན་གསར་གཏོད་གནང་།   དུས་སྐབས་དེ་དག་ཏུ་ནང་ཆེན་ཉེར་ལྔའི་དཔོན་མགོ་རྣམས་ཀྱིས་དེམ་ཆིའི་གོ་གནས་ཐོབ།  དེ་ནས་བཟུང་ནང་ཆེན་ཉེར་ལྔའི་ཁུལ་ཞེས་གྲགས།    མདོ་ཁམས་སྟོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་ཡོད་ཚད་གོང་ནས་དགའ་ལྡན་ཕོ་བྲང་གིས་ཐད་ཀར་གཟིགས་རྟོགས་བྱེད་བཞིན་ཡོད། 

རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་སྤྱི་ལོ༡༧༢༤ལོར་ནང་ཆེན་རྒྱལ་ས་མཆིལ་རྐེ་ཉག་ལ་ཆགས། ཕྱིན་ནང་ཆེན་སྒར་དུ་གྲགས། ཤུན་ཙིའི་སྲས་གཡུང་ཊིང་ཁྲི་ལོ་གཉིས་ཐོག་ཏུ་ཡུན་ནན་ཐི་ཐུའི་དམག་དང་མི་སྡེ་སྤྱི་ཁྱབ་ཀྱི་དཔོན་པོ་ཧོ་ཏཱ་ལོ་ཡན་དམག་ཁྲི་ཕྲག་བཅས་བཏང་ནས། ཟི་ལིང་རྡོ་རྒན་ཨཾ་བན་བཅས་ཆབ་མདོར་བྱོན་ནས། མདོ་ཁམས་སྒང་དྲུག་གི་དགོན་ཚང་སྒེར་བཙན་ཐམས་ཅད་དབང་དུ་བསྡུས། ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་ཤོག་ཅེས་པའི་ཀི་ཀོ་སླེབས་ཀྱང་ཟླ་བ་གསུམ་རིང་མ་སོང་། དེ་ནས་ཨ་ཤག་རྡོར་མགོན་དྲུང་འཁོར་མང་པོ་བཏང་ནས་ལོ་རྒྱུས་ཀྱི་སྙན་ཞུ་ཕུལ་བས། རྒྱལ་པོ་ལ་བརྒྱ་དཔོན་གཞན་དང་མི་འདྲ་བའི་གཟིགས་སྐྱོང་ཀྱིས་རྒྱལ་པོར་ཆིན་ཧུ་ཝང་གི་མཚན་གསོལ། བློན་ཆེན་དང་བློན་ཕྲན་ཁག་ལ་བེ་ཧུ་དང་བེ་ཅང་གི་གོ་གནས་ཐོབ། སྔོན་ཆོད་ལས་མ་གཡོས་པའི་ས་སྡེ་སོ་སོར་གནས་ཆོག་རྒྱུ་དང་། བཀའ་རྟེན་ཤེ་བམ། དྭངས་ཤེལ་མེ་ལོང་བཅས་གནང་། སླར་ཡང་མན་ཇུ་གོང་མའི་ཕྲིན་ལས་པ་ཟི་ལིང་ཨཾ་བན་གྱིས་ཡང་བསྐྱར་དུ་ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་ཞེས་བོད་སྐྱོང་མདོ་ཁམས་ཆོལ་ཁའི་རྗེ་བོར་དྲིལ་བསྒྲགས་མཛད་པས་སྟོབས་དཔལ་ཆེས་ཆེར་རྒྱས་ཤིང་། མདོ་ཁམས་སྟོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་སྔར་དང་མི་འདྲ་བའི་འཕེལ་རྒྱས་ཆེན་པོ་བྱུང་། རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་སྤྱི་ལོ༡༧༤༠ལོ་འདིའི་ཡས་མས་སུ་ནང་ཆེན་རྒྱལ་པོ་ཚེ་དབང་ཕྲིན་ལས་མཐར་ཕྱིན་ཨོ་རོད་རྒྱལ་པོའི་སྲས་བསྟན་འཛིན་དྭའི་ཆིང་ཁོང་གི་མདུན་སར་ཕེབས། ཨུ་ཇིང་ཐའི་ཇིའི་ཆོ་ལོ་དང་འཇའ་ས་ཤེ་བམ་བསྩལ་ནས་མདོ་སྟོད་ཡུལ་ཁམས་སྤྱིའི་རྗེ་བོར་ལུང་བབས། དེ་རྗེས་ལྷ་ལྡན་གཙོའི་དབུས་ཕྱོགས་ཀྱི་རྟེན་མཇལ་བར་བྱོན། སྐྱབས་མགོན་རྒྱལ་བ་བདུན་པ་སྐལ་བཟང་རྒྱ་མཚོ་དང་། མི་དབང་བསོད་ནམས་སྟོབས་རྒྱལ། བཀའ་མང་རྩིས་དྲུང་སོགས་མཇལ། དངོས་པོའི་འབུལ་ནོད་གྱ་ནོམས་པ་བགྱིས། བློ་བཟང་དཔལ་འབར་གྱི་ཆོ་ལོ་དང་བཅས། ཤེ་བམ་སྔ་ཕྱིས་རྒྱབ་གནོན་གནང་། ནང་ཆེན་རྒྱལ་པོ་དཀོན་མཆོག་ལྷ་རྒྱལ་གྱི་སྐབས་ཏེ་བོད་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་སྤྱི་ལོ ༡༨༦༢ལོར་སྒེར་བཙན་ཉག་རོང་མགོན་པོ་རྣམ་རྒྱལ་གྱི་ཁམས་ཁུལ་ཡོངས་རྫོགས་དབང་བསྒྱུར་བྱེད་པའི་ཧམ་སེམས་ཀྱིས་མདོ་སྟོད་ནང་ཆེན་དུ་དཔུང་དམག་དྲངས་ནས་བཙན་གནོན་དང་འཇིག་བསྐུལ་བྱས་པར་ནང་ཆེན་རྒྱལ་པོས་བོད་གཞུང་ལ་དཔུང་རོགས་ཞུས་པ་ལྟར། དེའི་ཕྱིར་ལོ་སྟེ་བོད་རབ་བྱུང་བཅུ་བཞི་པའི་ཆུ་ཕག་སྤྱི་ལོ༡༨༦༣ལོར་བོད་གཞུང་གི་དམག་སྤྱི་ཞབས་པད་ཕུ་ལུང་པ་ཚེ་དབང་རྡོ་རྗེའི་དཔུང་དམག་སླེབས་པ་དང་། ནང་ཆེན་རྒྱལ་པོའི་གྱད་བློན་འབྲོང་པ་སྦྲ་ཆེན་བརྒྱ་གྲངས་དཔོན་སོགས་དམག་མང་པོ་བཏང་ནས་ཕྱིར་ཟློག་གནང་། དེ་རྗེས་སྟག་ཚང་ལྷ་མོའི་དམག་ཆེན་སླེབ་སྐབས་རབ་བྱུང་བཅོ་ལྔ་པའི་ས་འབྲུག་སྤྱི་ལོ༡༨༦༨ལོར་རྒྱལ་ས་ནང་ཆེན་སྒར་དུ། ནང་ཆེན་གྲྭ་ནང་གི་དམག་བསྡུས། དམག་དཔོན་དུ། རྒྱལ་ཚབ་བརྒྱ་གྲངས་དཔོན་དུ་བསྐོས་ཤིང་། དེའི་རུ་གནོན་དཔུང་རོགས་སུ་ཁྱུང་པོ་མི་རིང་མ་དང་། སྦྲ་ཆེན་བཙན་གྲགས། སྤས་འབྲུག་རྒྱལ་སོགས་ཀྱིས་དམག་སྣ་དྲངས་ཏེ་ཕར་རྒོལ་བྱས། རྒྱལ་ཚབ་རྒྱ་གྲངས་དཔོན་དང་། སྦྲ་ཆེན་དཔོན་སོགས་འགའ་ཞིག་དགྲ་ལག་ཏུ་ཚེ་སྲོག་ཤོར། ཁྱུང་པོ་མི་རིང་པའི་དཔའ་སྟོབས་ཀྱི་སྟག་ཚང་ལྷ་མོའི་དམག་དཔོན་བསད་དེ་དགྲ་ཤ་བླང་པའི་སྙན་གྲགས་ཀུན་ཏུ་ཁྱབ། སྐུ་ཚེའི་སྟོད་ཆར་རྫ་དཀར་མོ་སྙིང་ཐང་དུ་ཆིང་ཇར་གོ་ཆེ་ཏཱ་ལོ་ཡན། ཙང་ཡན། ཚོ་ཏཱ་ཡན། སྲི་ཀོ་ཡན། བློ་བཟང་ལོ་ཙཱ་བཅས་བབས་ནས། དེམ་ཆི་ཉེར་ལྔ། ཨ་ཁྲོ་ཚོ་བདུན། རྒྱ་སྡེ་ཁག་གསུམ་བཅས་ཚོ་བ་སུམ་ཅུ་སོ་ལྔ་དང། ནང་ཆེན་ཆིན་ཧུ། བེ་ཧུ་བཅས་བསྡུས་ནས་ཚོགས་འདུ་ཞིབ་རྒྱས་དང་བཀོད་སྒྲིག་ལེགས་པར་བྱས། རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་སྤྱི་ལོ༡༨༩༦ལོའི་ཡས་མས་སུ་བོད་ཤར་ཕྱོགས་ཀྱི་ས་ཁུལ་ནས་རྒྱ་དཔོན་ཀྲང་ལོས་དམག་དང༌། ཀྲོའུ་ཨར་ཧྥང་། དེ་རྗེས་མཱ་ཕུ་ཧྥང་马步芳གི་མཱ་ཇག་དམག་བཅས་ཀྱིས་སྔ་ཕྱིར་ནང་ཆེན་གྱི་ས་གནས་སོ་སོར་བཙན་འཛུལ་བྱས་ཏེ་མི་སེར་རྣམས་ལ་རྡུག་རྡེགས་མནར་གཅོད་ཚད་མེད་བཏང་། རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་སྤྱི་ལོ༡༩༡༡ལོར་རྒྱ་ནག་ཏུ《 ལྕགས་ཕག་ལོའི་གསར་བརྗེ》 བྱུང་བ་དང་བསྟུན་ནས་བོད་སྡོད་ཨམ་བན་མན་ཇུ་མི་རིགས་རྣམས་བོད་ནས་མཐར་སྤྲོད་བཏང་ཡོད་ལ། རྒྱ་ནག་མི་དམངས་ཀྱི་འོས་ལངས་འོག་ནས། ཆིང་རྒྱལ་རབས་རྩ་གཏོར་བཏང་། གོ་མན་ཏང་སྲིད་གཞུང་དང་བོད་བར་གྱི་འབྲེལ་བ་ནི། ཕྱོགས་སོ་སོའི་མངའ་ཁོངས་དང་། ཕྱི་འབྲེལ། དམག་དོན་སོགས་ཆ་རྐྱེན་ཡོངས་སུ་ཚང་བའི་ཐ་དད་ཀྱི་ཚུལ་དུ་གནས་ཡོད་ལ། མདོ་ཁམས་སྟོད་ཀྱི་སྲིད་དོན་གྱི་ལམ་ལུགས་ཡང་གཙོ་བོ་བོད་སྡེ་པ་གཞུང་གི་ལམ་ལུགས་ལྟར་བྱེད་བཞིན་ཡོད། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་སྤྱི་ལོ༡༩༣༢ལོར་ནང་ཆེན་རྒྱལ་པོ་དབང་གྲགས་ཚེ་རིང་ལྷ་རྒྱལ་གྱི་སྐབས་བོད་གཞུང་དམག་གིས་ནང་ཆེན་ནས་དྲག་པོའི་དཔུང་འཇུག་བྱས་ཏེ། སྒོམ་སྡེ་ཉམས་སད་ཚོད་དཔག་གིས་དེམ་ཆི་ཉེར་ལྔའི་ས་ཁུལ་ཚུལ་ལེན་རྩིས་ཀྱིས་རྒྱ་དམག་སྐྱེ་རྒུ་མདོ་བར་བཀག་ཀྱང་། སླར་ཟི་ལིང་གི་རྒྱ་དམག་མང་པོའི་རུ་གནོན་འབྱོར་བས་བོད་དམག་རྣམས་སྔར་གྱི་ས་གནས་ལ་ཕྱིར་འཐེན་བྱས། ནང་ཆེན་རྒྱལ་པོ་འདི་ཉིད་བཞུགས་ཚུལ་མཁས་པས་གནོད་སྐྱོན་མ་བྱུང་ཞེས་ཐུགས་སྒམ་པའི་ཚད་དུ་སོན། འདི་ཡན་དུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནས་བཟུང་ནང་ཆེན་རྒྱལ་རབས་ཉི་ཤུ་འདས། རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་སྤྱི་ལོ༡༩༡༢ལོར་མན་ཇུའི་རྒྱལ་རབས་ཉམས་རྒུད་དུ་གྱུར་ཏེ། རྒྱ་ནག“མི་སེར་རྒྱལ་ཁབ”ཅེས་པའི་གཞུང་གསར་པ་བཙུགས། ཕྱིས་ཅང་ཇེ་ཧྲིས་མགོ་ཁྲིད་པའི་མི་སེར་རྒྱལ་ཁབ་བམ་གོ་མིན་ཏང་གི་གཞུང་དུ་གྱུར། བོད་དུ་བཙན་འཛུལ་དང་ཆབ་སྲིད་ཐད་ཐེ་ཏོག་བྱེད་པའི་མན་ཇུའི་སྲིད་དབང་རྩ་གཏོར་དུ་གྱུར་ཀྱང་། གོ་མིན་ཏང་སྲིད་གཞུང་གིས་སླར་ཡང་བོད་ཀྱི་ས་གནས་ལ་བཙན་འཛུལ་དང་། བཏང་འཛིན་བྱེད་རྒྱུ་རྒྱུན་སྐྱོང་བྱས་ཏེ། རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ༡༩༡༢ལོར་སི་ཁྲོན་ནས་མྱུར་སྐྱོད་དཔུང་སྡེ་བཏང་ནས་བོད་ཤར་ཕྱོགས་ཀྱི་ས་ཁུལ་དག་ནས་མི་བསད་ཁྲག་སྦྱོར་བྱས་ཤིང་། དགོན་སྡེ་མང་པོ་རྩ་གཏོར་བཏང་སྟབས། བོད་གཞུང་ནས་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་བཙན་འཛུལ་འགོག་ཆེན་བོད་དམག་མངག་གཏོང་གནང་། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་སྤྱི་ལོ༡༩༡༧ལོར་བོད་རྒྱའི་ས་མཚམས་ནས་རྒྱ་བོད་བར་དམག་འཁྲུགས་ལངས་ཤིང་། རྒྱ་དམག་འབྲི་ཆུའི་ཕ་རོལ་དུ་མཐར་སྐྲོད་བཏང་། མདོ་སྟོད་ནང་ཆེན་གཙོར་བྱས་པའི་ཁམས་ཁུལ་གྱི་དཔོན་སྡེ་སོ་སོས་གོ་སྐབས་དེ་དང་བསྟུན་ནས་བོད་སྡོད་རྒྱ་མིའི་དཔུང་སྡེ་དག་ལ་ངོ་རྒོལ་དྲག་པོ་བྱས། རབ་བྱུང་བཅོ་ལྔ་པའི་ས་རྟ་སྤྱི་ལོ ༡༩༡༨ལོའི་ལོ་དཀྱིལ་དུ་ཟིང་འཁྲུགས་འཚམས་འཇོག་བྱ་བའི་གྲོས་མོལ་བྱས་ཏེ་བོད་རྒྱའི་ས་མཚམས་གཏན་འབེབས་བྱས། རབ་བྱུང་བཅོ་ལྔ་པའི་ས་ལུག་སྤྱི་ལོ༡༩༡༩ལོར《 ལྔ་བཞིའི་ལས་འགུལ》》 བྱུང། རང་བྱུང་དྲུག་པའི་ས་གླང་སྤྱི་ལོ༡༩༤༩ལོའི་ཟླ༡༠པར་གོ་མིན་ཏང་ཕམ་པར་རྒྱབ་ནས་གུང་བྲན་ཏང་གིས་རྒྱ་ནག་ཡོངས་རྫོགས་བླངས་ཤིང་། ཀྲུང་ཧྭ་མི་དམངས་རྒྱལ་ཁབ་དངོས་སུ་བཙུགས། པེ་ཅིང་དང་། མཚོ་སྔོན་ཁུལ་ཟི་ལིང་ནས་ཡོངས་གྲགས་རླུང་འཕྲིན་ཐོག་ནས་བོད་ཀྱི་ས་ཁུལ་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཚུལ་སོགས་ཁྱབ་བསྒྲགས་བྱས། དེར་བོད་གཞུང་སོགས་བོད་ཡུལ་སྟོད་སྨད་བར་གསུམ་ནས་ངོ་རྒོལ་བྱས་ཤིང་བོད་ཀྱི་ས་ཁུལ་སོ་སོ་ནས་རྒྱ་རིགས་རྣམས་ཕྱིར་འབུད་བཏང་། ལོ་དེར་ནང་ཆེན་ཕྱོགས་སུ་རྒྱ་མི་མང་པོ་འབྱོར་ཞིང་། ཡུལ་ཤུལ་སྐྱེ་རྒུ་མདོ་རུ་མཚོ་སྔོན་ཞིང་ཆེན་དམག་སྲིད་ཨུ་ཡོན་ལྷན་ཁང་ཆེད་དོན་ལས་སྒྲུབ་གཞུང་དོན་ཁང་བཙུགས་ནས་ནང་ཆེན་ས་ཁུལ་གྱི་རྒྱལ་དམངས་སྲིད་འཛིན་ལ་ལྟ་བསྐུལ་བྱས། རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་སྤྱི་ལོ༡༩༥༠ལོར་རྒྱལ་དབང་བཅུ་བཞི་པ་ཆེན་པོ་རྒྱལ་བ་བསྟན་འཛིན་རྒྱ་མཚོས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས། མོའོ་ཡིས་དམག་སྡེ་བརྒྱད་པ་བོད་བསྐྱོད་ལས་འགན་འཁུར་རྒྱུ་གཏན་ཁེལ་བྱས་པ་ཡེ་ཀྲང་ཅུན་གཉིས་པས་སྙན་སེང་ཞུས། ཟླ༥པའི་ཚེས༡༧ཉིན་བོད་ཕྱོགས་དང་ཞི་གྲོས་བྱ་རྒྱུའི་གྲོས་དོན་ཁག་ལྷོ་ནུབ་ཅུད་དང་ནུབ་བྱང་ཅུད་ནས་འཆར་ཟིན་འགོད་དགོས་ཞེས་ཀྲུང་དབྱངས་ནས་སྦྲག་ཏར་འབྱོར། དམག་སྡེ་བརྒྱད་པའི་ལྷོ་ལམ་སྣེ་ཁྲིད་ཀྱི་སྔོན་འགྲོའི་དཔུང་དམག་ཤིས་ཁམས་ཞིང་ཆེན་གྱི་ཐན་ཆའི西康省天全 ནས་ཐོན་ཏེ་འབའ་ཐང་དུ་འབྱོར། མཚོ་སྔོན་གྱི་རྟ་དམག་རུ་ཁག་གི་དཔུང་དམག་དྲུག་བརྒྱ་ལྷག་ཙམ་ཟི་ལིང་ནས་ཐོན་ཏེ་ཟླ ༧པའི་ཚེས༢༤ཉིན་སྐྱེ་རྒུ་མདོར་འབྱོར་ཞིང་། ནང་ཆེན་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་མཆོག་དགུང་གྲངས་སུམ་ཅུ་སོ་དགུ་བཞེས་དུས་རྒྱ་བོད་མཐུན་ཆིང་ཐུན་མོང་མཉམ་འབྲེལ་གྲོས་བཞི་ཐོག འཕྲལ་ཡུལ་གྱི་བྱུས་བདེ་ལ་དམིགས་ནས་སྐྱེ་རྒུ་མདོར་ཕེབས། ལོ་དེར་གུང་བྲན་སྲིད་གཞུང་ནས་ནང་ཆེན་རྒྱལ་པོ་ཟི་ལིང་དུ་ཤོག་ཟེར་བའི་ཕོ་ཉ་སླེབས་པས། རྒྱལ་པོ་དང་། ཉེར་ ལྔའི་དཔོན་མགོ་གང་འཛོམས་བཅས་ཟི་ལིང་དུ་རྡོག་ཐོན་བྱས། རྨ་ཆུ་ཁར་འབྱོར་བས་དེར་གུང་བྲན་སྲིད་གཞུང་གི་རླངས་འཁོར་བསུ་མར་ཐོན་འདུག་པ་ལྟར་རླངས་འཁོར་དུ་སྡད་དེ་ཟི་ལིང་དུ་ཕེབས། རྒྱ་བོད་མཐུན་ཆིང་ཐུན་མོང་མཉམ་འབྲེལ་གྱི་གྲོས་གཞིའི་ཐོག་དཔེ་ཅིན་དུ་བྱོན། ཚོགས་ ཆེན་ཐོག་སྲིད་འཛིན་མོའོ་དང་ཀྲུ་ཏེ་སོགས་ལ་འཕྲད་ཅིང་། ནང་ཆེན་ས་གནས་ཀྱི་ལོ་རྒྱུས་སྐོར་ནས་བཀའ་མོལ་ཅུང་ཙམ་གནང་། དེ་ནས་ཐེན་ཅན་དང་། ཧྲང་ཧེ་སོགས་ལའང་ཕེབས་ནས་རིམ་བཞིན་ཚུར་ནང་ཆེན་དུ་འབྱོར། དེར་བོད་གཞུང་གི་མདོ་སྤྱི་ལྷ་ཀླུ་བ་ཚེ་དབང་རྡོ་རྗེའི་སྐབས་ཡིན་ལ། གུང་བྲན་དམག་ཁག་གཅིག་དར་མདོ་ནས་རིམ་པར་དཀར་མཛེས། དར་དགོན། སྡེ་དགེའི་ཕྱོགས་དང་། ཁག་གཅིག་ཡུན་ནན་ནས་ས་ཐམ། རྒྱལ་ཐང་། ལི་ཐང་། འབའ་ཕྱོགས་སུ་འབྱོར། ཁག་གཅིག་ཟི་ལིང་ནས། སྐྱེ་རྒུ་མདོ། དེམ་ཆི་ཉེར་ལྔ། ལྡན་ཁོག་སོགས་ནས་མདོ་སྟོད་ནང་ཆེན་གྱི་མངའ་ཁོངས་སུ་ཡོང་བཞིན་ཡོད། ལྡན་ཁོག་ཁུལ་བོད་གཞུང་རླུང་འཕྲིན་ལས་ཁུངས་ཐོག་མཚན་འགེབས་བྱས་རྐྱེན་གཞིས་རྩེ་དམག་སྒར་ནས་འཐབ་འཛིངས་ཀྱིས་རུ་དཔོན་སྦུས་སྒང་པ་ཞེས་སྐད་གྲགས་ཅན་དེ་ཡང་དགྲ་ཤོར་བྱུང་བ་སོགས་ཀྱི་སྐབས་སྡེ་དགེ་བཙུན་མོ་གཙོས་རྒྱལ་བསྟན་ལ་ཤ་ཞེན་ཅན་གྱི་དཔོན་ཁག་མང་པོ་དང་། དར་དགོན་མཁན་པོ་རྩེ་དྲུང་མཐུ་སྟོབས་སོགས་ནས་ད་ལྟ་གུང་དམག་འབྱོར་མ་ཐག་པ་དང་། ས་མི་རྒྱུས་མངའ་མེད་ཐོག་ཕར་རྒོལ་གནང་ན་ལེགས་ཚུལ་དང་། སྐྱེ་རྒུ་མདོ་ནས་རྒྱ་དཔོན་ཞིག་གིས་ཀྱང་ཁོ་རང་མགོ་དམག་གུང་བྲན་ལ་ངོ་ལོག་རྒྱག་རྒྱུ་ཡིན་ཚུལ་ནང་ཡིག་རིམ་པར་འབྱོར་བ་བཅས་ལ་བརྟེན་མདོ་སྤྱི་ལྷ་ཀླུས་དགེ་བཤེས་བྱམས་པ་མཐའ་ཡས་རིན་པོ་ཆེའི་དམར་གདུང་དྲུང་གཟན་བརྟག་གནང་བར་ཕས་རྒོལ་དགྲ་བོ་མཐོང་བ་དང་། དུས་ཚེས་ཀྱང་ཟླ༧པའི་ཚེས་ཤར་ལ་བཟང་ཕེབས་བཅས་རི་ཆེ་དང་། ནང་ཆེན་ཁུལ་གྱི་དཔོན་རྒན་འགའ་ཤས་དང་གྲོས་མཐུན་གྱིས་སྔོན་ལ་སྐྱེ་རྒུ་མདོར་ཟླ༧པའི་ཚེས༢ཉིན་ཕར་རྒོལ་བྱེད་རྒྱུ་དང་། སེར་ཚ(གསེར་རྩ)ཁུལ་ནས་རྒྱལ་རྩེའི་དམག རི་ཆེ་ཁུལ་ནས་ཇ་དང་མགོ་དམག ཀརྨ་ཡུལ་རྫོང་ཁུལ་ནས་སྤོ་བྲག་ཡུལ་དམག གདོ་རྫོང་གྲུ་ཁ་ནས་གཞིས་རྩེ་ག་དང་འགོ་དམག་བཅས་ནང་དོན་ཕར་རྒོལ་བྱེད་འཆར་འཁོལ་ཏེ་རྒྱལ་ཁབ་ཏུ་རླུང་འཕྲིན་ཐོག་བཀའ་བསྡུར་གནང་། དུས་སྐབས་དེར་བོད་ཤར་ཕྱོགས་ནས་རིམ་བཞིན་བཙན་འཛུལ་གྱི་འགོ་འཛུགས་བཞིན་ཡོད། བོད་ཕྱོཊ་ནས་ངོ་རྒོལ་དང་འཐབ་འཁྲུག་ཀྱང་རབ་དང་རིམ་པ་བྱུང་། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས ༡༩༥༡ལོའི་ཟླ༤པའི་ཚེས༢༦ཉིན་རྒྱ་བོད་བར《 གྲོས་མཐུན་དོན་ཚན་བཅུ་བདུན》 བཞག་ནས། བོད་བཅིངས་འགྲོལ་གཏོང་བའི་མགོ་བརྩམས་ཤིང་། བོད་ཀྱི་ས་གནས་སོ་སོར་བོད་རིགས་རང་སྐྱོང་ཁུལ་འཛུགས་རྒྱུའི་གྲ་སྒྲིག་བྱས། ལོ་དེའི་སྤྱི་ཟླ༡ནང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཡུལ་ཤུལ་ཆེད་ལས་སྤྱི་འགོད་ཅེས་པར་བསྒྱུར། ཟླ༡༢པའི་ཚེས༢༥ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་དུ་བསྒྱུར་ཏེ། མི་དམངས་སྲིད་གཞུང་གསར་དུ་ཚུགས་པ་དྲིལ་བསྒྲགས་བྱས། ནང་ཆེན་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་ལ་སྐྱེ་རྒུ་མདོ་ནས། མི་དམངས་ཚོགས་ཆེན་གྱི་ཚོགས་གཙོ་དང་། རང་སྐྱོང་ཁུལ་གྱི་ཁུལ་གཙོར་འདེམས་བསྐོ་གསལ་བསྒྲགས་བྱས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས། (སྤྱི་ལོ༡༩༥༢ ལོའི་ཟླ༢ ཚེས༡༢ ཉིན་རང་སྐྱོང་ས་ཁོངས་བཙུགས་ཤིང་། ༡༩༥༥ལོར་རང་སྐྱོང་ཁུལ་དུ་བསྒྱུར) ནང་ཆེན་གྱི་ས་གནས་སོ་སོ་ཁུལ་དང་རྫོང་རིམ་པར་ཁ་ཕྲལ་དང་། བཅད་བཟུང་བྱས་ཤིང་། སྤྱི་ལོ༡༩༤༩ནས༡༩༥༣ལོའི་བར་རིམ་བཞིན་ཡུལ་ཤུལ་དང་། ཁྲི་འདུ། ནང་ཆེན། རྫ་སྟོད། ཆུ་དམར་ལེབ། འབྲི་སྟོད་བཅས་རྫོང་ཁག་དྲུག་གི་མི་དམངས་སྲིད་གཞུང་རིམ་བཞིན་ཚུགས་ཤིང་། ས་གནས་སོ་སོའི་དཔོན་པོ་དག་རྫོང་དཔོན་དང་ཤོག་དཔོན་དུ་བསྐོས། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་སྤྱི་ལོ༡༩༥༡ལོ་ནས་བཟུང་འབྲོག་ཕྱོགས་ཀྱི་འཚོ་བའི་གནས་ཚད་གཞིར་བཞག་ཐོག་ཚོ་ཁག་བཙུགས་ནས་བྱ་བ་སྣ་ཚོགས་སྤེལ་བས། “ཕྱུགས་ལས་བསྒྱུར་བཀོད”དང་། “ཞིང་ལས་གསར་སྤེལ”བྱས་ཏེ་ལོ་འགའི་རིང་ཏང་གི་བྱེད་ཕྱོགས་དང་སྲིད་བྱུས་མང་པོ་དྲིལ་སྒྲོགས་བྱས། “མི་བགོ་མི་རྩོད། གྲལ་རིམ་མི་འབྱེད། ཕྱུགས་བདག་དང་གཡོག་པོ་གཉིས་ཕན་གྱི་སྲིད་ཇུས”ཞེས་པ་གཏན་ལ་ཕབས་ནས། བོད་ཡུལ་སོ་སོར་གཡོ་ཐབས་སྣ་ཚོགས་ཀྱིས་དབང་བསྒྱུར་བྱེད་པའི་མགོ་བརྩམས། རབ་བྱུང་བཅུ་དྲུག་པའི་ཤིང་ལུག་སྤྱི་ལོ༡༩༥༥ལོ་ནས་བཟུང“རིམ་མཐོའི་མཉམ་ལས་ཁང” ཞེས་པ་དང་། “མི་དམངས་སྤྱི་ཁག” “གཞུང་སྒེར་མཉམ་གཉེར་ཕྱུག་ར”སོགས་ལས་འགུལ་སྣ་ཚོགས་ཀྱིས་བཅོས་བསྒྱུར་བྱས་ཤིང་། རྒྱུ་དངོས་ཐུན་མོང་དུ་བཞག་ནས་བདག་སྐྱོང་བྱེད་པ་དང་། དབུལ་ཕྱུག་འདྲ་མཉམ་གྱི་རྣམ་པའི་ཐོག་བྱེད་སྒོ་མི་འདྲ་མང་པོ་སྤེལ་ནས། གྲལ་རིམ་དབྱེ་འབྱེད་དང་དབང་ཆ་གཅིག་སྡུད་ཀྱི་མགོ་ཚུགས། ལྐོག་གཡོ་ངན་ཇུས་ཀྱི་བྱེད་སྟངས་དེ་རིགས་ཀྱིས་རིམ་བཞིན་ཡུལ་སོ་སོའི་དཔོན་པོ་དང་། བླ་ཆེན། མི་གྲགས་ཁག་ཁུལ་དང་རྫོང་རིམ་པའི་ས་ཁུལ་ལ་འགྲོན་འགུག་དང་། ཆབ་སྲིད་ཀྱི་འཚོགས་འདུར་འགྲོ་དགོས་པས། རེ་རེ་བཞིན་ཕྱིར་ཡོང་མེད་པའི་མགྲོན་པོར་གྱུར། གནད་དོན་དེ་དག་གིས་རྐྱེན་པས་ཁམས་དང་ཨ་མདོའི་ས་ཆ་མང་པོ་ནས་ངོ་རྒོལ་དང་འོས་ལངས་ལྟ་བུའི་གཞི་རྒྱ་ཆེ་བའི་ཟིང་འཁྲུག་ལངས་མགོ་ཚུགས། རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྤྱི་ལོ༡༩༥༨ ལོར་ས་གནས་སོ་སོར་བཅིངས་འགྲོལ་དམག་གིས་སྣེ་ཁྲིད་ཏེ་དྲག་ཤུགས་ཆེན་པོའི་བཙན་གནོན་དཔུང་འཇུག་བྱས་ཏེ་ཨ་མདོ་དང་ཁམས་ཁུལ་གྱི་ས་གནས་སོ་སོ་ནས་འཁྲུགས་བརྩོད་ལངས། མདོ་སྟོད་ནང་ཆེན་གྱི་ནང་སྡེ་ཤོག་ཆེན་བཅོ་བརྒྱད་དང་། ཕྱི་སྡེ་དེམ་ཆི་ཉེར་ལྔ་གཙོར་བྱས་པའི་དཔོན་མགོ་དང་བླ་སེར་ཡུལ་མི་ཁྲི་ཕྲག་མང་པོ་ཟིང་འཁྲུགས་ཀྱི་ནང་དུ་ཤི་བར་མ་ཟད། བཙོན་འཇུག་དང་ཁྲིམས་ཆད་བཅད་པའང་ཁྲི་ཚོ་ལས་བརྒལ། ང་བརྒྱད་ལོ་ཞེས་འཇིགས་ཤིང་སྐྱི་གཡའ་བའི་ལོ་རྒྱུས་རིང་མོ་འདི་བྱུང་ངོ་། ། ང་བརྒྱད་ལོའི་ཟིང་འཁྲུག་སྟེ་གུང་བྲན་གྱི་དྲག་ཤུགས་དང་དམར་གསོད་ཡ་ང་སྤེལ་ཏེ་མདེའུ་དང་། སྒྱོག་མདེའུ། མེ་སྒྱོག་སོགས་ཀྱི་འོག་ནས་སྲོག་རྟ་ལྔ་ཙམ་ལྷག་མར་ལུས་པའི་ཤི་འཕོ་བརླག་དུམ་གྱི་མི་བུ་ཉམ་ཐག་ཚོར་སླར་ཡང་དེང་རབས་ཅན་བཞི་སྟེ“མགོ་སྦྲ་སྲང་ལམ་ཅན། རྩ་འཛུགས་དམག་དོན་ཅན། བྱ་སྤྱོད་དམག་འཐབ་ཅན། འཚོ་བ་ཐུན་མོང་ཅན”ཞེས་བོད་ཀྱི་གནས་བབ་དང་མི་འཚམས་པའི་བྱ་སྤྱོད་སྤེལ་ཞིང་། “གོམ་པ་གཅིག་གིས་ནམ་མཁའི་དབྱིངས་སུ་བསྙེགས”ཟེར་ཞིང་། “མཆོང་སྐྱོད་ཆེན་མོ”ཞེས་པ་སོགས་ཀྱི་ལས་འགུལ་མང་པོ་སྤེལ་བས་གྱོང་རྒུད་ཚབ་ཆེན་ཐེབས་ཤིང་། རིམ་བཞིན་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བཤུ་གཞོག་དང་། ཆོས་ལུགས་བཅོས་བསྒྱུར་གྱི་ལས་འགུལ་སྤེལ།

  སྒེར་གྱི་རྒྱུ་རྫས་དང་།  ཅ་ལག་ཡོད་ཚད་གཞུང་བཞེས་བྱས་ཏེ།  “སྤྱི་གཞུང་ཟ་ཁང་ཆེན་མོ”ཟེར་བ་བཙུགས་ནས་ཡོད་ཚད་མཉམ་འདུས་ཀྱིས་ཟ་བ་ལས་སྒེར་སོ་སོའི་རྒྱུ་རྫས་ཁབ་རྩེ་ཙམ་ཡང་ཉར་དབང་མེད།    ༦༠ཐམ་པའི་ལོ་ཡས་མས་སུ“ཟ་མ་སྐལ་ངན་ལོ”འམ“མུ་གེའི་ལོ”ཞེས་གྲགས་པའི་འཇིགས་ཤིང་སྐྱི་གཡའ་བའི་མི་ཡུལ་གྱི་དམྱལ་བ་ལྟ་བུའི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་མུ་གེ་དང་ནད་ཡམ་གྱི་ལོ་ཟླ་ནག་པོ་དེ་བོད་མིའི་མགོ་ཐོག་ཏུ་ཚེས་པར་བྱས་ཤིང་།   ཁམས་ནང་ཆེན་ཕྱོགས་ནས་མི་གྲངས་ཁྲི་ཕྲག་མང་པོ་ལྟོག་ཤི་ཐེབས།    རབ་བྱུང་བཅུ་དྲུག་པའི་མེ་རྟ་སྤྱི་ལོ༡༩༦༦ལོར་རིག་གསར་གྱི་སྲིད་ཇུས་མང་པོ་དྲིལ་བསྒྲགས་བྱས་ཏེ།   རིག་གནས་གསར་རྗེའི་མགོ་བསླངས།   གྲལ་རིམ་དབྱེ་འབྱེད་ཀྱི་འཐབ་རྩོད་ཡ་ང་བ་སྤེལ་ཞིང་།  “བསམ་བློ་རྙིང་བ་དང་།  རིག་གནས་རྙིང་བ།  ཡུལ་སྲོལ་རྙིང་བ།   གོམས་སྲོལ་རྙིང་བ”བཅས་རྙིང་བ་བཞི་རྩ་གཏོར་གཏོང་དགོས་ཟེར་ནས་བླ་ཆེན་དང་མི་གྲགས།  ཕྱུག་བདག་སོགས་ལ་གཤུ་བཞོག་དང་།   “རིགས་བཞིའི་ཞྭ་མོ”ཞེས་པ་ཤོག་བུ་སོགས་ཀྱི་བཟོས་པའི་རྩེ་རིང་པོ་ཅན་ལ་དགག་ཚིག་འདྲ་མིན་བྲིས་ཏེ་མགོ་རུ་བསྐོན་ནས་འཐབ་རྩོད་ཡ་ང་བ་སྤེལ།   རིན་ཐང་བྲལ་བའི་མི་ལོ་སྟོང་ཕྲག་གི་རིག་དངོས་བརྗོད་ལས་འདས་པ་མེད་བརླག་བཏང་ཞིང་།  དགོན་སྡེ་བརྒྱ་ཕྲག་མང་པོར་གཏོར་སྐྱོན་བྱས།  མི་གྲངས་ཁྲི་ཕྲག་མང་པོ་མནར་གཅོད་འོག་ཏུ་འདས་པ་སོགས་མདོར་ན་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི“རིག་གནས་གསར་རྗེ་ཆེན་མོ”ཞེས་པའི་མུན་ནག་གི་ལོ་རྒྱུས་རིང་མོ་དེ་བྱུང་ཞིང་། རབ་བྱུང་བཅུ་དྲུག་པའི་མེ་འབྲུག་སྤྱི་ལོ༡༩༧༦ལོར“རིག་གནས་གསར་རྗེའི་ལས་འགུལ”མཚམས་བཞག  

རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་སྤྱི་ལོ༡༩༧༧ལོར་རྒྱ་ནག་ནང་ཁུལ་དུ“བཅོས་བསྒྱུར་སྒོ་འབྱེད” ཅེས་པའི་སྲིད་ཇུས་ལག་ལེན་བྱས་ཏེ་ཐོན་བསྐྱེད་ཅུང་ཟད་ཁྱིམ་ཚང་ལ་ལེན་དུ་བཅུག་ནས་རིམ་བཞིན་སྲིད་ཇུས་ཅུང་ཟད་ཇེ་སློད་དུ་གྱུར། རབ་བྱུང་བཅུ་དྲུག་པའི་ཆུ་ཕག་སྤྱི་ལོ༡༩༨༣ལོར་བོད་ཀྱི་ས་གནས་སོ་སོར“ཞིང་ཕྱུགས་མཉམ་གཉེར”ཞེས་པའི་ཐུན་མོང་གི་ཐོན་སྐྱེད་ཕྱེད་ཙམ་ཁྱིམ་ཚང་སོ་སོར་འགན་གཙང་ལེན་བྱེད་དུ་བཅུགས། ཡིན་ནའང་ལོ་རེ་བཞིན་ཐོན་སྐྱེད་ཀྱི་བརྒྱ་ཆ་མང་ཆེ་བ་སྲིད་གཞུང་ལ་ཁྲལ་དུ་སྤྲོད་དགོས་ཀྱི་ཡོད། རབ་བྱུང་བཅུ་བདུན་པའི་ས་འབྲུག་སྤྱི་ལོ༡༩༨༨ལོ་ནས་བཟུང་ཆོས་དད་རང་མོས་དང་། དགོན་པ་བསྐྱར་བཞེངས། ས་གནས་སོ་སོའི་རིག་དངོས་སོགས་ལའང་སླར་གསོ་བྱེད་ཆོག་པའི་ཆོག་མཆན་རིམ་བཞིན་ཐོབ་བོ། ། རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་སྤྱི་ལོ༡༩༥༢ལོ་ནས་བཟུང་ཆོལ་གསུམ་བོད་ཀྱི་ཡུལ་གྲུ་འདི་ཉིད་དུམ་བུ་སོ་སོར་བགོས་ནས་བཅད་བཟུང་བྱས་པ་སྟེ། མདོ་སྟོད་དང་ཁམས་ཀྱི་ས་གནས་སྐོར་ཞིག་ཨ་མདོ་དང་སྡོང་ནས་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བསྡུས་ཤིང་། ཡང་མདོ་སྟོད་ནང་ཆེན་གྱི་ས་ཁུལ་མང་ཆེ་བ་དང་། ཨ་མདོའི་ས་ཆ་སྐོར་ཞིག་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་བཅད་བཟུང་བྱས་པ་སོགས་མདོར་ན་བོད་ཡུལ་སྟོད་སྨད་བར་གསུམ་དུམ་བུ་སོ་སོར་བགོས་ནས་སིལ་བུར་བཏང་བས་ད་ལྟ་མདོ་སྟོད་མི་ཡི་ཆོལ་ཁ་ཁམས་སྒོམ་སྡེ་ནང་ཆེན་པའི་ཡུལ་གྲུ་དེ་དག་དེང་སང་དུམ་བུ་སོ་སོར་བགོས་ནས་ཁུལ་གཅིག་དང་། རྫོང་དྲུག གྲོང་བརྡལ་བཅུ། ཡུལ་ཚོ་སོ་ལྔ། སྡེ་དམངས་ཨུ་ཡོན་ལྷན་ཁང་ཉིས་བརྒྱ་ལྔ་བཅུ་ང་བརྒྱད་ཡོད་དོ། ། དེ་ལྟར་གོང་གི་ནང་ཆེན་རྒྱལ་རབས་ཕྱོགས་བསྡོམས་དང་བཅིངས་འགྲོལ་སྐབས་ཀྱི་ལོ་རྒྱུས་རག་ཙམ་བྲིས་པ་འདིའང་། གཅིག་ནས་རྒྱལ་རབས་ལོ་རྒྱུས་ལ་མདོར་བསྡུས་པའི་སྒོ་ནས་ལྟ་ཞིབ་བྱེད་པར་ཕན་པ་ཆེ་བའི་སླད་དུ་དང་། གཉིས་ནས་འདས་པའི་བྱུང་བ་དག་རྗེད་ངས་རྐུན་པོས་ཁྱེར་ནས། ལོ་རྒྱུས་ཀྱི་ནོར་འཁྲུལ་འབྱུང་སྲིད་པས་གཞོན་རབས་པ་དག་གིས་དུས་ཇི་སྲིད་བར་དུ་ལོ་རྒྱུས་ཀྱི་ནག་ཉེས་དྲན་ཅིང་། ཁ་ཕྱོགས་མི་ནོར་བའི་གསལ་འདེབས་ཙམ་མོ། །

བརྒྱད། བློན་འབངས་དང་ས་མཚམས་སྐོར་བཤད་པ།

འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོ་ནས་བཟུང་རྒྱལ་སྲས་ཆོས་ཀྱི་རྒྱལ་མཚན་བར་མུ་འབྲེལ་སྲིད་འཛིན་རྒྱལ་པོ་རྣམས་ཀྱི་བཀའ་ཡི་བློན་ཆེན་ཇི་སྙེད་ཅིག་བྱོན་ཡོད་ཀྱང་། དེ་དག་གི་བྱུང་བ་ཇི་བཞིན་བརྗོད་པའི་ཡི་གེ་མ་མཐོང་ལ། རྒྱལ་སྲས་ཆོས་ཀྱི་རྒྱལ་མཚན་ནང་སོ་ཆེན་མོའི་ཁྲི་ལ་བཞུགས་ཤིང་། མདོ་སྟོད་མི་ཡི་ཆོལ་ཁའི་རྗེ་བོར་མངའ་གསོལ་བ་ནས་བཟུང་གནས་དྲུག་ཁྲི་སྐོར་བཅུ་གཉིས་སོགས་ཀྱི་བྱེ་བྲག་གི་བློན་པོའམ་སྡེ་སྲིད་མང་པོ་བགྲང་རྒྱུ་ཡོད་འདུག་ལ། དེ་རྗེས་གུ་ཤྲཱི་ཀརྨ་རབ་བརྟན་དང་ནང་ཆེན་ཨ་ཉོག་རྒྱལ་པོ་སོགས་ཀྱི་སྐབས་བློན་ཁག་བཞི་དང་། བློན་སྡེ་ཉེར་ལྔ།(དེམ་ཆི་ཉེར་ལྔ) རྒན་པོ། གནས་མགོ་ཤོག་ཁ་སོགས་བྱེ་བྲག་དུ་མ་ཞིག་ཡོད་འདུག་ཀྱང་ཞིབ་གསལ་གྱི་ལོ་རྒྱུས་ཡི་གེ་མ་མཐོང་། འདིར་བོད་གཅིག་གྱུར་གྱི་རྗེ་བོ་རྒྱལ་དབང་ལྔ་པ་ཆེན་པའི་སྐབས་ཡས་མས་སུ་མན་ཇུ་གོང་མའི་རྒྱལ་པོའི་སྲིད་བློན་ཨམ་བན་སོགས་ཀྱིས་ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་ལ། ཨིནྡྲ་ནི་ལའི་ཏོག་དང་། ཆིན་ཧུ་ཝང་གི་མཚན་དང་། བློན་ཆེན་ཁག་ལ་བེ་ཧུ་བློན་ཕྲན་རྣམས་ལ་བེ་ཅང་གི་ཆོ་ལོ་གནང་ནས་གཏན་ལ་ཕབས་པ་ལྟར། འོག་ནས་རྒྱལ་པོ་ལ་ཆིན་ཧུ་ཝང་སྟེ་བོད་སྐད་ལ་ཁྲི་སྟོང་སྡེའི་རྒྱལ་པོ་དང་། དེ་བཞིན་བློན་ཆེན་ཁག་ལ་བེ་ཧུ་སྟེ་བརྒྱ་ཚོ་བཅུ་མན་གྱི་སྡེ་དཔོན་ནམ་བརྒྱ་གྲངས་ཀྱི་དཔོན་པོ་དང་། བེ་ཅང་ལ་བརྒྱ་སྡེ་བཞི་ལྔ་མན་གྱི་སྡེ་དཔོན་ནམ་བརྒྱ་ཤས་དཔོན་ཏེ། འོག་ནས་བེ་ཧུ་དང་བེ་ཅང་ལ་བརྒྱ་གྲངས་དང་རྒྱ་ཤས་ཞེས《 ཁམས་སྟོད་ལོ་རྒྱུས》 ནང་ལྟར་ (བརྒྱ་ཤས་དང་བརྒྱ་གྲངས་ཅེས་བཤད་ན་དོན་མཐུན་གྱི་ཁ་གསལ་པོ་ཞིག་མི་འདུག་ཀྱང་ལོ་རྒྱུས་གཅིག་འགྱུར་ཆེད་དུ་སོར་བཞག་བྱས་པ་ཡིན)བོད་རང་གི་ཐ་སྙད་དཀོལ་ནས་བཤད་པར་བྱའོ། ། དེ་ལས་ཁྲི་སྟོང་སྡེའི་རྒྱལ་པོ་རྡོ་རྗེ་ཚེ་དབང་གི་སྐབས་སུ། གྱད་བློན་ཨ་ཤག་རྡོར་མགོན་གྱིས་སྔར་ཡོད་བློན་སྡེ་ཁག་ལ་བཀའ་བསྒྲགས་སྐབས་ནང་སྡེ་ཤོག་ཆེན་བཅོ་བརྒྱད་དང་། བརྒྱ་གྲངས་བློན་ཆེན་ཁག་བཞི། བརྒྱ་ཤས་བློན་ཕྲན་ཉེར་ལྔའམ་ཕྱི་སྡེ་དེམ་ཆི༡ཉེར་ལྔ་ལ། བོད་ཀྱི་དཔོན་ཆེན་ཁག་བཞི། རྒྱ་ཤས་དཔོན་ཉེར་གཅིག་དང། གཞན་ཨ་ཁྲོ་ཚོ་བདུན། རྒྱ་སྡེ་ཁག་གསུམ། ཨ་རིག དགོན་ཚང་ཁག་གསུམ་བཅས་འཁོད་ལ། དེ་ལས་ཅུང་རྒྱས་པ་ནང་ཆེན་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་མཆོག་གི་སྐུ་དུས་སུ་ནང་སྡེ་ཤོག་ཆེན་བཅོ་བརྒྱད་ལ་ཕྱིས་བརྒྱ་གྲངས་བློན་ཆེན་ཁག་བདུན་དང་། བརྒྱ་ཤས་དཔོན་སྡེ་ཉེར་བརྒྱད། ཕྱི་སྡེ་དེམ་ཆུ་ཉེར་ལྔ་ལ། དཔོན་ཆེན་ཁག་བཞི། བརྒྱ་ཤས་དཔོན་སྡེ་ཉེར་གཅིག ཨ་ཁྲོ་ཚོ་བདུན། རྒྱ་སྡེ་ཁག་བཞི། དགོན་སྡེ་ཁག་བཞི་བཅས《 ཁམས་སྟོད་ལོ་རྒྱུས》 ལས་གསལ་ལ་ཞིབ་ཏུ་དེ་དག་འདི་དང་འདི་ལྟར་ཞེས་བྱེ་ ______________________ དེམ་ཆི་ནི་སོག་པོའི་གོ་ཐོབ་ཅིག་གི་མིང་ཡིན་ལ་རྒྱ་སྐད་དུ德木齐ཟེར། སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་དུས་སྐབས་སུ་ནང་ཆེན་གྱི་ཕྱི་སྡེ་ཉེར་ལྔའི་དཔོན་མགོ་རྣམས་ལ་དེམ་ཆིའི་ཐོབ་བསྩལ་བས་ཕྱིས་ཕྱི་སྡེ་དེམ་ཆི་ཉེར་ལྔར་གྲགས། ཕྱིས་ནང་ཆེན་ཉེར་ལྔའི་ཁུལ་ཅེས་འབོད་པའི་དོན་ཡང་དེ་ཡིན། དེམ་ཆུས་ཞེས་བྲིས་པའང་ཡོད། བྲག་གི་ལོ་རྒྱུས་བཤད་པ་མ་མཐོང་། གོང་ནས་ནང་སྡེ་ཤོག་ཆེན་བཅོ་བརྒྱད་ལས་ས་བཅད་ནང་དུ་བརྒྱ་གྲངས་དཔོན་སྡེ་ཉེར་བརྒྱད་ཅེས་དང་འོག་ནས་རེ་རེ་བཞིན་འཆད་སྐབས། བརྒྱ་གྲངས་དཔོན་སྡེ་ཉེར་ལྔའི་དེ་ལྷག་ཅེས་སུམ་ཅུ་ཙམ་བགྲངས་འདུག་པ་སོགས་གཉིད་ཀྱི་བཟི་བའི་སྐད་ཆ་དང་འདྲ་བ་ལས་གོང་འོག་འགྲིགས་པ་ཞིག་བཤད་མི་འདུག་ཀྱང་། འདིར《ཆོས་འབྱུང་གསལ་ བྱེད་སྒྲོན་མེ》དང་། 《ཁམས་སྟོད་ལོ་རྒྱུས》གཉིས་གཅིག་གིས་གཅིག་ཁ་བསྐངས་ཏེ་ས་བཅད་ལྟར་མིང་ཐོ་རེ་རེ་བཞིན་བརྗོད་པར་བྱའོ། །

༡༽ བརྒྱ་གྲངས་དཔོན་ཆེན་ཁག་བདུན།

༡ རྒྱལ་ཚབ་བརྒྱ་གྲངས་དཔོན། རྒྱལ་ཚབ་བརྒྱ་གྲངས་དཔོན་ནི། སྨུག་པོ་ལྡོང་གི་རིགས་རྒྱུད་རིམ་པར་བྱུང་བའི་འབྲོང་པ་བར་མའམ་ཆེ་ཚང་གི་མི་རྒྱུད་རིམ་པར་བྱུང་བ་སྟེ། ཕྱིས་འབྲོང་པ་བསྟན་བཟང་ཁོང་སྨན་རྩིས་སོགས་ལ་མཁས་ཤིང་། གཤིས་རྒྱུད་དྲང་པོ་ཐིག་ཤིང་གི་ཚད་དུ་འཇོགས། དེའི་སྲས་སྐལ་བཟང་རྡོ་རྗེས་འབངས་སྡེ་ཚུལ་བཞིན་བསྐྱངས། དེ་ནས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྒྱལ་ཚབ་བརྒྱ་གྲངས་དཔོན་ཁྱུང་པོའི་བཟུང་ཞེས་སྔོན་གྱི་ཡིག་རྙིང་ཁག་ལས་བཤད། འདིའི་སྐོར་ཞིབ་ཏུ《 འབྲོང་པའི་དེབ་ཐེར》 ལས་གསལ་བས་འདིར་དེ་ཙམ་མོ། ། རྒྱལ་ཚབ་ཅེས་པ་ནི། ནང་ཆེན་རྒྱལ་པོ་སྔ་མ་འདས་ནས་ཕྱི་མས་སྲིད་བཟུང་མི་ཐུབ་པ་བྱུང་དུས་དང་། རྒྱལ་པོ་བྱེས་ཡུན་རིང་བར་ཕེབས་པ་སོགས་ཀྱི་ཚེ་རྒྱལ་པོའི་དབང་ཆ་ཚང་མ་ཚབ་བྱས་ཏེ་བཟུང་ནས་གནས་སྐབས་ཀྱི་གནས་ཚུལ་ཐག་གཅོད་བཀོད་སྒྲིག་དགོས་ཤིང་། རྒྱུན་པར་བརྒྱ་གྲངས་དཔོན་ཁག་གཞན་ལས་དབང་ཆ་ཆེ་བ་ཡིན་ནོ། ། ༢ སྡོམ་པ་བརྒྱ་གྲངས་དཔོན། སྡོམ་པ་བརྒྱ་གྲངས་དཔོན་ནི། སེང་ཨ་སྡོམ་གྱི་མི་རྒྱུད་བཙན་ཕྱུག་འཕེན་གསུམ་འཛོམས་པ་དང་། དཔོན་རྒྱུད་རིམ་བྱོན་སྤྱང་གྲུང་འཛོམས་ཤིང་ངང་རྒྱུད་རིང་བ་སོགས་བློན་པོར་འོས་པའི་ཡོན་ཏན་ཀུན་ཚང་ཞིང་། སྟག་སེང་ཁ་སྡོམ་པའི་གནས་སུ་ཆགས་པའི་མཚན་དོན་ལྡན་གྱི་མི་རྒྱུད་རིམ་པར་བྱུང་བ་སྔ་མའི་སྐོར་གྱི་བྱུང་བ་ཞིབ་རྒྱས་མ་མཐོང་། ཕྱིས་པདྨ་དང་མགོན་རྣམ་སྤུན་གཉིས་ཕེབས། དེའི་སྲས་ཐུབ་བསྟན་མགོན་པོ་དང་འཇམ་དབྱངས་རིན་ཆེན། དེའི་སྲས་ མི་དབང་ཕུན་ཚོགས་དབང་རྒྱལ། དེའི་སྲས་ཨ་རྦོ་སོགས་མི་རྒྱུད་ད་ལྟ་བཞུགས། ༣ ཁྱུང་པོ་བརྒྱ་གྲངས་དཔོན། ཁྱུང་པོ་བརྒྱ་གྲངས་དཔོན་ནི། ཁྱུང་དཀར་ནག་ཁྲ་གསུམ་ལས་ཁྲ་བོའི་རྒྱུད་པ། ལས་སྨོན་གནམ་གྱི་ལྷ་ལ་དམོད་བཅོལ་སྟེ་དཔུང་གྲོགས་ཉེར་ལྔ་བཅས་གདུང་རས་མདོར་བབས། གདུང་མཚན་འཕེལ་འགྲིབ་མ་བྱུང་བ་ལྷ་གཤེན་ཟུང་འབྲེལ་གྱི་རྒྱུད་པ་སྤྱི་ལོ་སྔོན་གྱི་བོན་དགོན་རྣམས་གསུམ་དང་མཉམ་དུ་ཆགས་པའི་མི་རྒྱུད་ལས་ཕྱིས་སུ་རྒྱལ་ཚབ་བརྒྱ་གྲངས་དཔོན་འཛིན་མཁན་ཁྱུང་པོ་དབང་གྲགས་མགོན་པོ། དེའི་སྲས་དབང་ཆེན། དེའི་སྲས་རྡོ་རྗེ་དབང་གྲགས། དེའི་སྲས་སྐྱེད་ཚལ་མཁན་པོ་སྤྲུལ་སྐུ་བླ་མའམ། ངག་དབང་ལུང་རིག་ཆོས་འཕེལ་དང་འཁྲུལ་ཞིག་ས་སྤྲུལ་གཉིས་གཤེགས། སྣེ་མདོ་བདེ་ཆེན། སྲས་མོ་སྲིང་ཆུང་། ཟུར་སྲས་སྐྱེད་ཚལ་ཡང་སྲིད། ངག་དབང་ཐེག་མཆོག་ཆོས་ཀྱི་ཉི་མ། བསོད་ནམས་ལྷ་རྒྱལ་སོགས་ནང་ཆེན་རྒྱལ་པོ་རིམ་བྱོན་གྱི་ གྱད་བློན་ལས་འགན་བཟང་སྒྲུབ་བགྱིས་པའོ། ། ༤ ཨ་ཤག་བརྒྱ་གྲངས་དཔོན། ཨ་ཤག་བརྒྱ་གྲངས་དཔོན་ནི། གདུང་ཨ་ཤག་གི་དཔོན་རྒྱུད་མ་ཆད་པ་སྐལ་པ་ཆགས་ནས། གཏམ་དཔལ་སྣ་རུ་ཆགས་ཤིང། ནང་ཆེན་པའི་སྲིད་བློན་འགྲན་བྲལ་ཨ་ཤག་རྡོར་མགོན་གྱིས་ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་གི་སྐབས་སུ་བྱས་རྗེས་བླ་མེད་བཞག་པ་སོགས་གོང་ནས་བཤད་པ་ལྟར་རོ། ། དེའི་མི་རྒྱུད་རིམ་པར་བྱུང་བའི་ཨ་ཤག་བརྒྱ་གྲངས་དཔོན་བསྟན་དར། པདྨ་ཚེ་འཕེལ། དེའི་སྲས་འཆི་མེད་རྡོ་རྗེ། ཁོང་ནི་སྙིང་སྟོབས་ཞུམ་པ་མེད་པ་ཞིག་ཏེ། རྒྱ་དམར་གྱིས་འཛིན་བཟུང་ བྱས་ཤིང་བཙོན་དུ་བཅུག་ནས། བསམ་བརྗོད་ལས་འདས་པའི་མནར་གཅོད་བཏང་ཡང་ཞུམ་པའི་སྣང་བ་སྐད་ཅིག་ཙམ་མེད་པར་དཔའ་བའི་ངར་སྐད་སྒྲོག་བཞིན། རང་དབང་གི་དོན་དུ་རང་སྲོག་བློས་བཏང་བའི་སྐྱེས་བུ་ཁོང་གི་གྲགས་པ་ནི་ས་སྟེང་དུ་དབྱར་རྔའི་སྒྲ་ཆེན་བཞིན་དུ་གྲགས་པའོ། ། དེའི་སྲས་ཨ་ཤག་རྒྱལ་དགའ་དང་ཁྲོ་རྒྱལ་དབང་ཕྱུག་སྐུ་མཆེད་གཉིས། ཆེ་བ་རྒྱལ་དགའ་བཙོན་འོག་ཏུ་མནར་གཅོད་འོག་སྐུ་འདས། སྲས་ཆུང་བ་ཁྲོ་རྒྱལ་དབང་ཕྱུག་ནི་ཁྱུང་པོ་སེར་རྩའི་རུ་གཞུང་དུ་རྒྱ་དམར་དང་དམར་འཛིང་དྲག་པོ་བྱས་ཤིང་། དམག་མང་པོ་ཞིག་བསད་རྨས་བཏང་རྗེས་མདེའུ་མཚོན་ཕོག་སྟེ་དཔའ་བོ་སྟག་གི་འཛུམ་དྲུག་མ་ཉམས་པར་སྐུ་གཤེགས་ཅེས《 འབྲོང་པའི་དེབ་ཐེར》 དུ་བཤད་པ་ལྟར་རོ། །

གོང་གསལ་གྱི་བརྒྱ་གྲངས་དཔོན་ཁག་བཞི་པོ་ནི་སྔོན་མ་ནས་ཡོད་པའི་གྱད་བློན་ཆེ་བཞིའོ།  །

༥ ཤར་མདའ་བརྒྱ་གྲངས་དཔོན། ཤར་མདའ་བརྒྱ་གྲངས་དཔོན་ནི་སྔོན་མའི་ལོ་རྒྱུས་མ་མཐོང། ཕྱིས་སྤུས་ཚང་སམ་དཔོན་ཚང་དུ་གྲགས་པ་ད་ལྟ་སྤས་ཞེས་འབོད་པའི་རིགས་སུ་སྤས་ཀརྨ་ཞེས་པ་བྱུང་ཞིང་། དེའི་དུས་སུ་ཟི་ལིང་ཨམ་བན་གྱིས། བརྒྱ་གྲངས་དཔོན་གྱི་བཀའ་ཡིག ཐོབ་ཞྭ་བྱུ་རུ་དམར་པོའི་ཏོག་ཅན་སོགས་ཐོབས། དེ་རྗེས་སྤས་འབྲུག་རྒྱལ་སྐུ་དུས་སུ་ཆོས་སྲིད་ཀྱི་མངའ་ཐང་ཆེར་རྒྱས། དེའི་སྲས་ཤེས་རབ་ཆོས་འཕེལ། དེའི་སྲས་པདྨ་རྡོ་རྗེ་དང་གཅུང་ཨོ་རྒྱན་ཉི་མ་གཉིས་ཀྱིས་རྒྱལ་པོ་ཡབ་སྲས་ཀྱི་ཕྲིན་ལས་ལ་ཕེར་ཆོག་གི་བྱ་བ་སྒྲུབ། མངའ་འོག་ཏུ་བརྒྱ་ཤས་དཔོན་ཁག་གསུམ་དང་། སྡེ་དུད༦༠༠ལྷག་ཡོད་ལ་དེའི་དུས་དར་ཞིང་རྒྱས་པར་བཤད། རྨ་ཇག་དུས་སུ་རང་སྡེའི་ཚོགས་དཔོན་མཛད། གུང་བྲན་གྱིས་བོད་ལ་དབང་སྒྱུར་རྗེས་ཁུལ་གཙོའི་འགན་བཞེས། རང་སྐྱོང་ཁུལ་དབུ་བརྙེས་པ་དང་ལྷན་དུ་གཅུང་ཨོ་རྒྱན་ཉི་མས་ནང་ཆེན་རྫོང་གཙོ་ཐོག་མའི་འགན་བཞེས་ཏེ་ནང་ཆེན་རྫོང་དབུ་བརྙེས་པ་སོགས་མཛད་རྗེས་བཞག་ཀྱང་། ཕྱིས་མ་ཉེས་བཙན་གནོན་འོ་རྒྱལ་གྱིས་སྐུ་འདས། དེའི་སྲས་པད་འཕེལ་གྱིས་ཁུལ་གཙོ་སོགས་ཀྱི་འགན་བཞེས་ནས་གཤེགས། པད་འཕེལ་གྱིས་སྲས་ལྕམ་བྲལ། པད་རྒྱལ་བཀྲ་ཤིས། པདྨ་རབ་བརྟན། ཀརྨ་ཕུན་ཚོགས། དཀོན་མཆོག་ཆོས་དབང་། བསོད་ནམས་དཔལ་དབྱངས་སོགས་མཐུན་འབྱོར་བདེ་བར་བཞུགས། ༦ འབྲོང་གསར་བརྒྱ་གྲངས་དཔོན། འབྲོང་གསར་བརྒྱ་གྲངས་དཔོན་ནི། སྨུག་པོ་ལྡོང་གི་རིགས་རྒྱུད་ལས་འཆེད་པའི་བསོད་ནམས་དཔལ་གྱིས་ཕྱུག་པའི་འབྲོང་གསར་རིགས་རྒྱུད་རིམ་པར་བྱོན་པ་ལས། སྔ་མའི་དཔོན་རྒྱུད་རྣམས་ལ་བརྒྱ་ཤས་དཔོན་གྱི་ལས་གནས་ལས་མེད་ཀྱང་། འབྲོང་གསར་ཀུན་སྙིང་ཞེས་པས་སྡེ་དགེ་དང་ནང་ཆེན་བར་གྱི་འཁྲུགས་རྩོད་བཟླུམས་པའི་བྱས་རྗེས་བཞག་པས་བརྒྱ་གྲངས་དཔོན་གྱི་ལས་གནས་ཐོབ། དེའི་སྲས་མཁྱེན་རབ་བཟོད་པ། རྒྱ་མཚོ། ཆོས་སྲིད་ཁ་ལོ་སྔར་བཞིན་བསྒྱུར། རྒྱ་མཚོའི་སྲས་འཇམ་དབྱངས་དབང་རྒྱལ་དང། མཁྱེན་རབ་བཟོད་པའི་སྲས། དཔལ་ཆེན། འཇིག་ བྱེད། གྲགས་རྣམ། མགྲོན་གཉེར་ནམ་མཁའི་རྡོ་རྗེའོ། ། དེ་ལས་སྲས་མགྲོན་གཉེར་ནམ་མཁའི་རྡོ་རྗེ་ནི་བྱམས་སྙིང་རྗེ་ལྡན་ཞིང་གཞན་ཕན་ལ་རྟག་ཏུ་བརྩོན་པ་ཞིག་ཡོད་པར་གྲགས། ༧ སྦྲ་ཆེན་བརྒྱ་གྲངས་དཔོན།

  སྦྲ་ཆེན་བརྒྱ་གྲངས་དཔོན་ནི།  མཁས་མཛངས་རྟུལ་ཕོད་ལྡན་པའི་སྦྲ་ཆེན་གྱི་རིགས་རྒྱུད་རིམ་པར་བྱུང་བ་སྔ་མ་རྣམས་ཀྱི་དུས་བརྒྱ་ཤས་དཔོན་གྱི་གོ་གནས་ལས་མེད་ཀྱང་།  ཕྱིས་སྦྲ་ཆེན་ཨ་བྷོའམ་བདུད་འདུལ་གྲགས་པའི་དུས་སུ།   རྒྱ་སྡེ་ཁག་གསུམ་སོགས་ཀྱི་གྲོས་ལ་བྱོན་ནས་བྱས་རྗེས་བཞག་པས།   བརྒྱ་གྲངས་དཔོན་གྱི་ལས་གནས་ཐོབ།   སྦྲ་ཆེན་བདུད་འདུལ་དབང་གྲགས་གང་གི་སྲས་ཀརྨ་བཤད་སྒྲུབ།   རྒྱ་གྲངས་དཔོན་གྱི་ལས་གནས་བཟུང།   དེའི་སྲས་སྒྲུབ་བསྟན་

དང། ཚེ་རིང་དབང་རྒྱལ་གཉིས་བཞུགས། ༈ དེ་ལྟར་ཕྱིས་ཀྱི་བརྒྱ་གྲངས་བློན་ཆེན་བདུན་པོའི་རེ་རེའི་མངའ་ཁོངས་སུ་བརྒྱ་ཤས་དཔོན་དང་། རྒན་པོ། གནས་མགོ་སྒེར་དུད། ཁྲལ་དུད་སོགས་ཤིན་ཏུ་རྒྱ་ཆེ་བ་ཡོད་པར་བཤད་དོ། །

༢༽ བརྒྱ་ཤས་བློན་ཕྲན་སུམ་བཅུ། ནང་སྡེ་ཤོག་ཆེན་བཅོ་བརྒྱད་དམ་ཕྱིས་ཡར་འཕེལ་ཏེ་ཤོག་ཆེན་སུམ་བཅུར་བྱུང་བ་ལས་འདིར་བརྒྱ་ཤས་བློན་ཕྲན་སུམ་ཅུ་ཞེས་བཤད་པ་ལ། 《 ཁམས་སྟོད་ལོ་རྒྱུས》 ལས་བརྒྱ་ཤས་དཔོན་ཉེར་ལྔ་ཞེས་བྲིས་འདུག་ཀྱང་འོག་ནས་རེ་རེ་བཞིན་མིང་ཐོ་ཙམ་བརྗོད་སྐབས་བརྒྱ་ཤས་དཔོན་སྡེ་ཉེར་ལྔའི་དེ་ལྷག་ཅེས་སུམ་ཅུ་ཙམ་བགྲངས་འདུག་པས་འདིར་ཡང་དེ་ལྟར་བཀོད་པ་ཡིན་པས། མཁྱེན་ལྡན་རྣམས་ཀྱིས་ཞིབ་དཔྱོད་མཛོད། ༡ སྐྱ་སུ་བརྒྱ་ཤས་དཔོན། ༢ རྟག་གསར་བརྒྱ་ཤས་དཔོན། ༣ སྐྱོ་བྲག་རྒྱ་ཤས་དཔོན། ༤ ཚང་གསར་གྲྭ་ནང་རྒྱ་ཤས་དཔོན། ༥ སྤྲེལ་ཚྭ་བརྒྱ་ཤས་དཔོན། ༦ བན་རུ་བརྒྱ་ཤས་དཔོན། ༧ རྫ་སྨད་བརྒྱ་ཤས་དཔོན། ༨ ཤོར་སྟོད་བརྒྱ་ཤས་དཔོན། ༩ མ་ཐུང་བརྒྱ་ཤས་དཔོན། ༡༠ གཏམ་ཁོག་བརྒྱ་ཤས་དཔོན། ༡༡ ཆམ་སྟོད་བརྒྱ་ཤས་དཔོན། ༡༢ ནག་ཕྱོགས་བརྒྱ་ཤས་དཔོན། ༡༣ རྫ་སྟོད་བརྒྱ་ཤས་དཔོན། ༡༤ དཔའ་རྣམ་བརྒྱ་ཤས་དཔོན། ༡༥ དའུ་བརྒྱ་ཤས་དཔོན། ༡༦ ཆོས་འཕེན་བརྒྱ་ཤས་དཔོན། ༡༧ གའུ་བརྒྱ་ཤས་དཔོན། ༡༨ མེ་ཅ་བརྒྱ་ཤས་དཔོན། ༡༩ རིག་དྲུག་བརྒྱ་ཤས་དཔོན། ༢༠ ཕ་ཧོང་བརྒྱ་ཤས་དཔོན།

༢༡ ལྕི་སྲིབ་བརྒྱ་ཤས་དཔོན།

༢༢ རྟ་རྣ་བརྒྱ་ཤས་དཔོན། ༢༣ ཚང་གསར་བརྒྱ་ཤས་དཔོན། ༢༤ སྟག་ཉིན་བརྒྱ་ཤས་དཔོན། ༢༥ ནག་རུ་བརྒྱ་ཤས་དཔོན། ༢༦ ཚང་གསར་ཆིས་འབྲང་བརྒྱ་ཤས་དཔོན། ༢༧ གཏམ་མཁེན་བརྒྱ་ཤས་དཔོན། ༢༨ མདོ་དབང་བརྒྱ་ཤས་དཔོན། ༢༩ གཟེ་འབྲོང་སྦྲ་ཆེན་བརྒྱ་ཤས་དཔོན། ༣༠ གཟེ་འབྲོང་སྦྲ་ཆུང་བརྒྱ་ཤས་དཔོན། བཅས་སོ། ། དུས་རབས་སྔ་ཕྱི་དང་ལོ་རྒྱུས་འཕེལ་རིམ་གྱི་དབང་གིས་བརྒྱ་ཤས་དཔོན་ཁག་དེ་དག་ལས་འགའ་རེར་ཕྱིས་སུ་བརྒྱ་གྲངས་དཔོན་གྱི་ལས་གནས་ཐོབ་པ་དང་། མངའ་འོག་གི་བརྒྱ་ཤས་དཔོན། སྡེ་དུས་སོགས་ཀྱང་འཕེལ་འགྲིབ་ཀྱི་ལོ་རྒྱུས་མང་པོ་ཡོད་འདུག་པས། ཞིབ་ཏུ་བྱེ་བྲག་གི་ཡིག་ཚང་སོ་སོར་ལྟ་བར་བྱ། འདི་དག་ནི་བརྒྱ་ཤས་བློན་ཕྲན་ཉེར་ལྔའམ་སུམ་ཅུ་གྲངས་སུ་བགྲངས་བ་ཙམ་ཡིན་ལ། ད་དུང་ཞིབ་གསལ་གྱི་ཡི་གེ་ཡོད་ངེས་པས་མཁྱེན་ལྡན་རྣམས་ཀྱིས་འདོན་སྤྲོད་དང་ཁ་སྐོང་གནང་བའི་རེ་བ་ཞུ། ༣༽ ཕྱི་སྡེ་ཉི་ཤུ་རྩ་ལྔ་བཤད་པ། ༡ བོད་དཔོན་ཆེ་བཞིའམ་བརྒྱ་གྲངས་བློན་ཆེན་ཁག་བཞི། ཕྱི་སྡེ་དེམ་ཆུ་ཉེར་ལྔའི་ནང་ཚན་བརྒྱ་གྲངས་དཔོན་ཆེན་ཁག་བཞི་ནི། 1 གྲྭའུ་བརྒྱ་གྲངས་དཔོན་ཆེན་ནི་གདུང་སུམ་པའི་རིགས་རྒྱུད་རིམ་པར་བྱུང་བ་ལས། འབྲུ་དགའ་སྡེའི་མཁར་དམར་གྱི་བདག་པོ་བཀའ་ཡི་སྲིད་འཕྱང་པ། གྲྭའུ་ཆོས་ལྡན་མི་རྒྱུད་རིམ་པར་བྱོན་པ་ལས། ལོ་རྒྱུས་ཤིན་ཏུ་རིང་བར་གྲགས་ཀྱང་། བར་སྐབས་ཤིག་ལ་རྒྱུད་པ་འཛིན་པའི་སྲས་མ་བྱུང་བས། གྲྭའུ་མེར་རྒན་བྱ་བས་བླ་དཔོན་གཉིས་ཀའི་འགན་ཁུར། རིག་གནས་གསར་རྗེའི་སྔོན་ཙམ་ལ་འཇང་རུ་ཚང་གི་བུ་འཇིགས་མེད་ཀྱིས་དཔོན་ས་བཟུང་བར་གྲགས། དེ་ནས་རིན་ཆེན་ཚེ་རིང་བྱོན་ཞིང་གྲྭའུ་དཔོན་གྱི་གོ་ས་བཟུང་། ཕྱིས་ཁུལ་གཙོ་གཞོན་པ་དང་། རྫོང་དཔོན་སོགས་ཀྱི་འགན་བཞེས། དེའི་སྲས་ལྕམ་བྲལ་འཕགས་ཡུལ་དུ་བཞུགས། མངའ་ཁོངས་སུ་བརྒྱ་ཤས་དཔོན་དྲུག་དང་། ཁྱིམ་དུད་༡༧༠༠ལྷག་ཡོད། ནང་ཆེན་པའི་བོད་དཔོན་ཆེ་ཁག་ལས་སྔོན་དུས་འདི་ཉིད་ཅུང་སྟོབས་དང་སྙན་གྲགས་ཆེ་བར་གྲགས་སོ། ། 2 རག་ཤུལ་བརྒྱ་གྲངས་དཔོན་ནི་སྔ་མའི་ལོ་རྒྱུས་མི་གསལ་ལ་ཕྱིས་འཇམ་འཇིགས་སོགས་བྱོན་ཞིང་། མངའ་ཁོངས་སུ་བརྒྱ་ཤས་དཔོན་ཁག་བཅུ་གཉིས་དང། འབངས་དུད་བརྒྱད་བརྒྱ་ལྷག་ཡོད་འདུག 3 རྒྱལ་བཟང་བརྒྱ་གྲངས་དཔོན་ནི་སྔ་མའི་ལོ་རྒྱུས་མི་གསལ་ཕྱིས་སུ་ནོར་བཟང་ཞེས་པ་བྱོན། མངའ་འོག་གི་བརྒྱ་ཤས་དཔོན་དང་། ཁྱིམ་དུད་སོགས་ཀྱི་གྲངས་ཀ་མ་ངེས་སོ། ། 4 རོང་པོ་བརྒྱ་གྲངས་དཔོན་ནི་སྔ་མའི་ལོ་རྒྱུས་མ་མཐོང་ལ། བར་སྐབས་ཤིག་ཏུ་དཔོན་རྒྱུད་ཆད་དེ། ཚ་བོ་རྣམས་ཀྱིས་རྒྱུད་པ་བསྐྱངས་བར་གྲགས། ཕྱིས་སུ་རོང་སྨད་ཕྲིན་ལས་ཟེར་བ་ཞིག་དཔོན་དུ་བསྐོས་ནས་བརྒྱ་གྲངས་དཔོན་གྱི་གོ་ས་བཟུང་། དེ་ལའང་བུ་མེད་པས་ཁོང་གི་ཚ་བོ་སྟོབས་ལྡན་ཚེ་དབང་ཞེས་པ་དཔོན་དུ་བསྐོས། མངའ་ཁོང་རོང་པོ་སྟོད་སྨད་གཉིས་དང་ཡུལ་པ་སྟོད་སྨད་གཉིས་བཅས་ཡོད། ཕྱིས་སྟོབས་ལྡན་ཚེ་དབང་རྫོང་དཔོན་གཞོན་པ་དང་། ཨ་རོང་ཡུལ་ཤོག་གི་དཔོན་དུ་བསྐོས། མངའ་འོག་ཏུ་དུད་གྲངས་༨༠༠ལྷག་ཡོད་པར་གྲགས། དེ་ བཞི་ལ་ཕྱི་སྡེའི་བརྒྱ་གྲངས་དཔོན་ཆེན་ཁག་བཞི་ཞེས་གྲགས་པའོ། ། ༢ བརྒྱ་ཤས་དཔོན་ཕྲན་ཉེར་གཅིག་བཤད་པ། 1 ཟུར་མང་བརྒྱ་ཤས་དཔོན། 2 ར་ཟླ(རྡ་དྭ)བརྒྱ་ཤས་དཔོན། 3 བུ་ཆེན་བརྒྱ་ཤས་དཔོན། 4 ཁྲི་འདུ་བརྒྱ་ཤས་དཔོན། 5 ཞེའུ་བརྒྱ་ཤས་དཔོན། 6 ཉ་མཚོ་བརྒྱ་ཤས་དཔོན། 7 གུ་ཚ་རྒྱ་ཤས་དཔོན། 8 སུ་རུག་བརྒྱ་ཤས་དཔོན། 9 འབྲོང་སྟོད་བརྒྱ་ཤས་དཔོན། 10 འབྲོང་སྨད་བརྒྱ་ཤས་དཔོན། 11 དགེ་རྒྱས་སྟོད་མ་བརྒྱ་ཤས་དཔོན། 12 དགེ་རྒྱས་བར་མ་བརྒྱ་ཤས་དཔོན། 13 ཡག་ར་བརྒྱ་ཤས་དཔོན། 14 བེ་རི་ཆུང་ཤུལ་བརྒྱ་ཤས་དཔོན། 15 ཡུལ་ཤུལ་བརྒྱ་ཤས་དཔོན། 16 ཆུ་ཆེན་ཏོལ་ཏོ་བརྒྱ་ཤས་དཔོན། 17 དུམ་པ་བརྒྱ་ཤས་དཔོན། 18 གྲྭའུ་ནན་བརྒྱ་ཤས་དཔོ། 19 ཧ་ཤུལ་བརྒྱ་ཤས་དཔོན། 20 རྒྱལ་བཟང་བརྒྱ་ཤས་དཔོན། 21 དགེ་འདུ་བརྒྱ་ཤས་དཔོན། གོང་གསལ་བརྒྱ་ཤས་དཔོན་སྡེ་ཉེར་གཅིག་ཏུ་གྲགས་པ་དེ་དག་རེ་རེའི་མངའ་ཁོངས་སུའང་མགོ་དཔོན་དང་། སྡེ་དུད་སོགས་ཀྱི་གྲངས་ཀ་ཞིབ་ཏུ་ཡོད་འདུག་ཀྱང་། ལོ་རྒྱུས་ཡིག་ཆ་མ་མཐོང་བས་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། ། དཔོན་མགོ་དེ་དག་ལས་ཕྱིས་སུ་འགའ་ཤས་བརྒྱ་གྲངས་དཔོན་གྱི་ལས་གནས་ཐོབ་པ་སོགས་ཀྱི་ལོ་རྒྱུས་ཀྱང་ཡོད་འདུག་པས། ཞིབ་ཏུ་བྱེ་བྲག་གི་ཡིག་ཆར་བལྟས་ན་ཤེས་ཐུབ། གོང་གི་བོད་དཔོན་ཁག་བཞི་དང་། འོག་གི་བརྒྱ་ཤས་དཔོན་སྡེ་ཉེར་གཅིག་ལ་ཕྱི་སྡེ་དེམ་ཆུ་ཉེར་ལྔར་གྲགས། དུས་རིམ་སྔ་ཕྱི་དང་འཕོ་འགྱུར་གྱི་དབང་གིས་འགྱུར་བ་ཅུང་ཟད་བྱུང་བ་ཙམ་ལས་ནང་ཆེན་ཉེར་ལྔ་དང་། དཔོན་མགོ་ཉེར་ལྔ། ཚོ་བ་སོགས་ཀྱི་ཐ་སྙད་བྱུང་བ་དག་ཀྱང་འདི་དག་ལ་གོ་བ་ཡིན།

                     ༤༽   སྒ་སྟོད་ཨ་ཁྲོ་ཚོ་བདུན་དང་རྒྱ་སྡེ།

༡ སྒ་སྟོད་ཨ་ཁྲོ་ཚོ་བདུན། 1 ཨ་ཁྲོ་བརྒྱ་ཤས་དཔོན། 2 ཨ་ཡུང་བརྒྱ་ཤས་དཔོན། 3 ཨ་ཤག་བརྒྱ་ཤས་དཔོན། 4 རེས་སྤྲུལ(ལོ་རྒྱུས་འགར་རླེས་ཡུ་ཞེས་འཁོད)རྒྱ་ཤས་དཔོན། 5 ཡེ་རྒྱས་བརྒྱ་ཤས་དཔོན། 6 ལྷ་རྩེ་བརྒྱ་ཤས་དཔོན། 7 བསྟན་པ་བརྒྱ་ཤས་དཔོན་ དེ་དག་རེ་རེའི་ཁོངས་སུའང་དཔོན་སྡེ་དང་། སྡེ་དུད་སོགས་མང་པོ་ཡོད་འདུག ༢ ཨ་རིག་རྩིས་པའི་རྒྱ་སྡེ་ཁག་བཞི། 1 མོང་གི་ཇིན་རྒྱ་ཤས་དཔོན། 2 ཡང་ཤར་བརྒྱ་ཤས་དཔོན། 3 ཁང་ན་བརྒྱ་ཤས་དཔོན། 4 ཨ་རིག་བརྒྱ་ཤས་དཔོན་བཅས། བྱང་རིག་རྒྱ་སྡེ་ཁག་བཞིར་གྲགས་ཤིང་དེ་དག་རེ་རེའི་ཁོངས་སུའང་དཔོན་དང་སྡེ་དུད་མང་པོ་ཡོད་འདུག བརྒྱ་ཤས་དཔོན་དེ་དག་ལས་ཕྱིས་སུ་འགའ་རེར་བརྒྱ་གྲངས་དཔོན་གྱི་ལས་གནས་ཐོབ་ཡོད་འདུག་སྟེ། དེ་དག་གི་ལོ་རྒྱུས་ཡིག་ཆ་གཞན་ལས་ཤེས། ཨ་རིག་ས་ཐག་རིང་བའི་རྐྱེན་གྱིས་བདག་བཟུང་མ་ཐུབ་པར་ལུས་པས་ལོ་རྒྱུས་ཁག་འགའ་རེར་བྱང་རིག་རྒྱ་སྡེ་ཁག་གསུམ་ཞེས་བགྲངས་འདུག ཨ་རིག་ཟི་ལིང་གི་ཉེ་སྐོར་དུ་ཡོད་པས། ས་ཐག་རིང་བའི་རྐྱེན་གྱིས་བདག་བཟུང་མ་ཐུབ་ཀྱང་། ཨ་རིག་སྡེ་བ་ཁག་གིས་ཕྱིས་ཀྱང་ངེད་ནང་ཆེན་རྒྱལ་པོའི་སྡེ་ཡིན་ཞེས་བཤད་སྲོལ་ཡོད་འདུག ད་དུང་ཟི་ལིང་གི་ཉེ་སྐོར་དུ་ཡོད་པའི་པཎ་ཆེན་གྱི་གཞིས་སྡེ་དེང་སང་ཤང་རུ་ཞེས་པའི་མི་སྡེ་དེ་དག་ཀྱང་སྔོན་མ་ནང་ཆེན་གྱི་མངའ་ཁོངས་ཡིན་སྐད་དོ། ། ༤ དགོན་སྡེ་དཔོན་ཚང་ཁག་བཞི། 1 ལབ་དགོན་བརྒྱ་ཤས་དཔོན་ཚང་། 2 སྐྱོ་བྲག་དགོན་བརྒྱ་ཤས་དཔོན་ཚང་། 3 ཟུར་མང་དགོན་བརྒྱ་ཤས་དཔོན་ཚང་། 4 རྟ་རྣ་དགོན་བརྒྱ་ཤས་དཔོན་ཚང་བཅས་ཕྱི་ནང་གི་དཔོན་སྡེ་ཁག བཞིའོ། ། རྟ་རྣ་དང་ཚང་གསར་གཉིས་རྒྱ་ཤས་དཔོན་སྡེ་ཉེར་ལྔའི་ཁོངས་སུ་བགྲངས་རྒྱུ་མེད་པ་མཐིང་གདུག་ཏཱ་ལོ་ཡན་བྱས་པ་རེད་ཅེས 《 ཆོས་འབྱུང་གསལ་བྱེད་སྒྲོན་མེ》 ལས་གསལ། དགོན་འདི་དག་ནང་ཆེན་རྒྱལ་པོའི་སྐུ་རིམ་དགོན་ཡིན་པས། ཐོབ་དང་འབངས་སྡེ་ཡོད་ཅིང་། ལོ་ལྟར་སྐུ་རིམ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་ཚར་རེ་དང། རྒྱལ་པོ་འབངས་སྐོར་དང་བྱེས་ལ་འབྱོན་སྐབས། སྐུ་རིམ་བླ་གྲྭ་ལྔ་བཅུ་ཡས་མས་དགོས་ལ་དགོན་པ་རེས་མོས་ཀྱིས་ཕེབས་པ་སོགས་དགོས་ཤིང་། ལམ་དུ་སྐྱོད་དུས་རྒྱལ་པོའི་གཟིམ་གོས་སྐལ་བའི་དྲེལ་སྐུ་རིམ་བླ་མས་འཁྲིད་པ་དང། སྐུ་རིམ་བླ་མའི་གཟིམ་གོས་སྐལ་བའི་དྲེལ་དབུ་མཛད་ནས་ཁྲིད་དགོས་པའི་ལུགས་སྲོལ་ཡོད། དེ་ལྟར་དཔོན་ཁག་རྣམས་ལས། བརྒྱ་གྲངས་དཔོན་རྣམས་ལ་སྡེ་དུད་བརྒྱ་ཚོ་བཅུ་དྲུག་བདུན་ནས་ལྔ་དྲུག་བར་ཡོད་པ་དང་། བརྒྱ་ཤས་དཔོན་རྣམས་སྡེ་དུད་བརྒྱ་ཚོ་བདུན་བརྒྱད་ནས་གཉིས་གསུམ་བར་ཡོད་ཅིང་། དེ་དག་གི་འཚོ་གནས་ནི་ཡུས་འབྲོག་རང་ཐོན་གྱི་འཚོ་གོས་འཛོམས་པར་གཤིས་རྒྱུད་ལས་འབྲས་ཀྱི་སྒྲིགས་ཁྲིམས་རང་སྲུང་གི་མི་ཆོས་ཀྱི་ཁྲིམས་ལ་གནས་པས་འཚོལ་ཞིང་གནས་པ་དང། གྲོང་དཔོན་ལ་རྒན་པོ། དེའི་གོང་དུ་བརྒྱ་ཤས་དཔོན། དེའི་གོང་དུ་བརྒྱ་གྲངས་དཔོན། དེའི་གོང་ནས་ཁྲི་སྟོང་སྡེའི་རྒྱལ་པོ་སྟེ་ནང་ཆེན་རྒྱལ་པོས་གཟིགས་ཤིང་སྐྱོང་བའོ། ། དེའི་ནང་ཆེན་གྱི་དཔོན་མགོ་སོ་སོའི་ལོ་རྒྱུས་ས་བཅད་མ་སྟོང་ཙམ་བཀོད་པ་སྟེ་བྱེ་བྲག་ནང་ཆེན་གྱི་ལོ་རྒྱུས་རྒྱས་པ་དང་། སོ་སོའི་རུས་རྒྱུས་ཚོ་ཁག་གི་ལོ་རྒྱུས་སོགས་ནི་རང་རང་གི་ལོ་རྒྱུས་ནང་དུ་གསལ་བས་འདིར་རྩ་བའི་རྒྱལ་རབས་དངོས་ཉབ་ཉོབ་ཏུ་མི་འགྱུར་ཕྱིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །

༥༽ ས་མུ་ཆོད་མཚམས།

    ས་སྤྱི་ལེ་གྲུ་བཞི་མ་ཁྲི༣༠ལྷག་ལ་དབང་བསྒྱུར་བའི་མདོ་སྟོད་མི་ཡི་ཆོལ་ཁ་སྒོམ་སྡེ་ནང་ཆེན་

རྒྱལ་ཁམས་ནི་ས་སྒང་སྤྱིའི་ཆ་ནས་ཤར་ཐིག་ལ་དཔག་ཚད༨༨དང་ཆ་ཕྲན༣༥ནས་དཔག་ཚད༩༨ དང་ཆ་ཕྲན༥༧བར་གནས་ཡོད། བྱང་ཐིག་ལ་དཔག་ཚད༣༢དང་ཆ་ཕྲན༣༩ནས་དཔག་ཚད༣༦ དང་ཆ་ཕྲན༣༡བར་གནས་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེའི་ལེ་བར༧༣༨དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེའི་ལེ་བར༤༢༥ཡས་མས་དང་། མཚོ་ངོས་ནས་ཆ་སྙོམ་མཐོ་ཚད་སྨིས༤༢༠༠ ཡས་མས་ཡིན། ས་མུ་ཆོད་མཚམས་ནི། རྒྱལ་པོ་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་དུས་སུ་མདོ་སྟོད་མི་ཡི་ཆོལ་ཁ་ལ་དབང་བསྒྱུར་སྐབས་ཏྲེ་རབ་ཁ་སྟེ་དེང་དུས་དཀར་མཛེས་ཡན་ཆད་དང་། སོག་ལ་སྐྱ་བོའི་མན་ཆད་ལ་དབང་བསྒྱུར་ནས་རྒྱལ་ས་སྐུ་འབུམ་དུ་མཛད་ཅིང་། ཁྲལ་འུ་ལག་སྐུ་འབུམ་དུ་སྡུད། དེ་རྗེས་རྒྱལ་སྲས་སངས་རྒྱས་གྲགས་པའི་སྐུ་དུས་སུ་སྒོམ་སྡེ་ཡ་གསུམ་སྟོད་མ་སྟེ་དབུས་གཙང་སྟག་ལུང་ཕྱིན་ཆད་ལ་མངའ་རིས་བསྐྱངས་པ་དང་། ཁྲི་སྟོང་སྡེའི་རྒྱལ་པོ་རྡོ་རྗེ་ཚེ་དབང་གི་སྐུ་དུས་སུ་ས་མུ་ཆོད་མཚམས་ནི། ཤར་ནས་འདན་ཁྲ་བོ་ལ། ལྷོ་ནས་ཇོ་ལ་རྩེ་ནག་པོ། ནུབ་ནས་སོག་ཕ་ཝང་གཡག་འཛོམས། བྱང་ནས་མཚོ་སྔོན་པོ་ཚུན་ནང་ཆེན་གྱི་ས་ཡིན་པ་དང་། ནང་སྡེ་དང་ཕྱི་སྡེའི་ས་མཚམས་ནི། རི་ཆེ་ནང་ཆེན་ས་མཚམས་འཛི་ཡག་ནག་ཕྲང་། དཔའ་ཤོད་ས་མཚམས་ལྕགས་ཟམ་ཁ། རག་ཤུལ་ས་མཚམས་རྩི་ཆུ་ཁ།ཟུར་མང་ས་མཚམས་རྡོ་རྡོ་དགོན། དགེ་རྒྱལ་ཆུ་མིག་མར་ཁུ་བཅས་ཡིན་ལ། ས་ཆའི་གནས་བབ་དང་འབྲེལ་མཚམས་ནི་དེང་སང་ལྟར་ན་ཤར་ནས་དཀར་མཛེས་དང་། ལྷོ་ནས་ཆབ་མདོ། ནུབ་ནས་ནག་ཆུ། བྱང་ནས་ཡུ་གུར། བྱང་ཤར་ནས་མཚོ་ལྷོའི་ས་ཁུལ་དང་འབྲེལ་ནས་ཡོད། ནང་སྡེ་ཤོག་ཆེན་བཅོ་བརྒྱད་དང་། ཕྱི་སྡེ་ཉེར་ལྔ་སོགས་བཤད་སྐབས་ཕྱི་ནང་གི་ཁྱད་པར་ཡོད་པ་མ་ཡིན་པར་རྒྱལ་ས་དང་ཐག་ཉེ་རིང་གི་ཁྱད་པར་གྱིས་མིང་དུ་བཏགས་པ་ཙམ་དང་། གཞན་ཡང་ནང་ཆེན་རྒྱ་སྡེ་དང་། ཚོ་བ་སོགས་ཀྱི་ཐ་སྙད་འདི་དག་ནི་ཉེ་ཆར་གཞན་གྱིས་དབང་སྒྱུར་སྐབས་རྒྱ་ཡུལ་དང་ཐག་ཉེ་བས་རྒྱ་སྡེ་སོགས་ཀྱི་ཐ་སྙད་བྱུང་བ་ཙམ་ལས། དོན་དུ་ནང་ཆེན་གྱི་སྡེ་བ་ལས་ལོག་ཏུ་མ་མཆིས་པས་གཞན་སོགས་ལ་གོ་ནོར་དུ་འགྲོ་མི་རིགས་ལ། བོད་རང་གི་མི་རིགས་བྱུང་འཕེལ་གྱི་ལོ་རྒྱུས་ལྡན་པའི་བོད་ཡུལ་དངོས་ཀྱི་བྱེ་བྲག་ཅིག་ཡིན་པ་ཤེས་དགོས། ནང་ཆེན་གྱི་རྒྱལ་ཁམས་འདི་སྔོན་མ་བཙན་པོ་རིམ་བྱོན་གྱི་དུས་སྐབས་ནས་བཟུང་རུ་བཞི་དམག་གི་དཔུང་གནོན་དང་། སིལ་བུའི་སྐབས་སུ་སྒོམ་སྡེའི་ཡུལ་ཁམས་དང་། དེ་རྗེས་མདོ་སྟོད་མི་ཡི་ཆོལ་ཁར་གྲགས་ཤིང་། གོང་ས་ལྔ་པ་ཆེན་པོའི་དུས་སུ་ཤིང་སྒོ་ཅན་གྱི་རྒྱལ་ཁམས་ཀྱི་རྒྱལ་པོ་སོགས་བོད་རང་གི་ཡན་ལག་ཐུན་མིན་ཡིན་པ་གཞུང་དུ་གསལ་ཞེས་ལོ་རྒྱུས་ཡིག་ཚང་ཁག་ལས་བཤད་པ་ལྟར་སྙོན་དུ་མེད་དོ། ། གུང་བྲན་གྱིས་དབང་བསྒྱུར་ཟིན་རྗེས་བོད་ཡུལ་ས་ཁོངས་སོ་སོ་ཡར་བཅད་མར་འདེད་བྱས་ཏེ་ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ་སོར་བགོས་ནས་སིལ་བུར་བཏང་བ་སྟེ། དེང་སང་རྫོང་དང་ཡུལ་ཤོག་སོགས་ཡོད་གྲངས་ནི། རིག་གནས་གསར་རྗེའི་སྔོན་གྱི་ནང་ཆེན་གྱི་ནང་སྡེ་ཤོག་ཆེན་བཅོ་བརྒྱད་དང་ཕྱི་སྡེ་དེམ་ཆུ་ཉེེར་ལྔ་སོགས་ལས་གྲུབ་པའི་རྒྱལ་ཁམས་དེ་མང་ཕལ་ཆེར་དེང་སང་རྫོང་ཁག་དྲུག་དང་། ཡུལ་ཤོག་ཞེ་བདུན་གྱི་ཁུངས་སུ་བསྡུས་ཡོད་དེ། དེ་དག་དེང་གི་ལོ་རྒྱུས་སོགས་ལས་གསལ་བ་ལྟར་ཡིན་ལ། ཡང་དེ་དུས་ཀྱི་ས་ཆ་འགའ་ཤས་ནི་དེང་སང་ཡུལ་ཤུལ་གྱི་ས་གནས་དང་འདབ་འབྲེལ་བའི་བོད་ལྗོངས་དང་། མཚོ་སྔོན་གྱི་ས་ཆ་གཞན་དག སི་ཁྲོན་གྱི་ས་ཆ་འགའ་རེའི་མངའ་འོག་ཏུ་ཡོད་པ་སོགས་ནི་ཞིབ་པར་བརྟག་ན་ངེས་བརྙེད་ཐུབ་པ་ཡིན། འདི་ཡན་གྱིས་ནང་ཆེན་རྒྱལ་རབས་དངོས་རེ་ཞིག་གྲུབ་བོ། །


དགུ ཤེས་རིག་དང་ཡུལ་སྲོལ་གོམས་གཤིས་སོགས་བཤད་པ།

  ད་ནི་ཞར་བྱུང་ངམ་ཡན་ལག་གི་ཚུལ་དུ་ནང་ཆེན་གྱི་ཐུན་མིན་ཤེས་རིག་དང་ཡུལ་སྲོལ་གོམས་གཤིས་སོགས་ཅུང་ཟད་བཤད་པར་བྱ་སྟེ།      

༡ རང་བྱུང་གཏེར་ཁ། མདོ་སྟོད་མི་ཡི་ཆོལ་ཁ་ཁམས་སྒོམ་སྡེ་ནང་ཆེན་དུ་གྲགས་པའི་ཡུལ་གྲུ་འདིར་ལོ་རྒྱུས་ཀྱི་ངོས་ནས་བཙན་པོའི་སྐབས་ཀྱི་རུ་གཞིའི་དམག་གི་དཔུང་གནོན་དང་། ཐང་བོད་གནའ་ལམ་གྱི་ལོ་རྒྱུས་རྒྱུན་རིང་ལྡན་ཞིང་། ཕྱོགས་འདི་ནི་བོད་མི་རིགས་ཀྱི་རིག་གནས་དང་། ཚོང་ལས་དཔལ་འབྱོར་སོགས་ནང་འདྲེན་གྱི་རྒྱུ་ལམ་གཙོ་བོ་ཞིག་ཡིན། རང་བྱུང་གི་ངོས་ནས་བཤད་ན་སྔོན་མ་ནས་བཟུང་རང་བྱུང་གི་གཏེར་ཁ། རི་སྐྱེས་སྲོག་ཆགས། རི་བྲག་མཛེས་ལྗོངས་སོགས་ཕུན་སུམ་ཚོགས་པའི་ཡུལ་གྲུ་ཞིག་ཡིན་ཏེ། རི་བྲག་དང་མཚོ་མཚེའུ་སོགས་ལ་མཚོན་ན་མིང་དུ་གྲགས་པའི་རྡོ་ཐི་གངས་དཀར་མཆེད་བརྒྱད། འདམ་གྱི་རྒྱལ་ཆེན་བཅོ་བརྒྱད། མདོ་ཁམས་སྐུ་རྒྱལ། ཨ་ཆེན་གངས་ལ། སྐུ་ལྷ་དར་མདུང་སོགས་རི་གྲགས་ཅན་དང་། ལོ་རྒྱུས་ཀྱི་གནའ་ཤུལ་འབིས་ཀྱི་དབེན་བྲག སྐྱོ་བྲག རྫོང་མགོ རྨེ་རྒྱལ། བྱང་རྟ་རྣ་སོགས་དང་། མཚོ་སྐྱ་རེངས། སྔོ་རེངས། བྱང་ཉི་ཟླ་མཚོ། གཉན་རྒྱས་མཚོ། ནུ་རྭ་མཚོ་རྒན། རོང་པོ་མཚོ་སོགས་མཚོ་གྲགས་ཅན་དང་། འབྲི་ཆུ། རྨ་ཆུ། ཟླ་ཆུ། ལྕི་ཆུ་སོགས་ཆུ་བོ་གྲགས་ཅན་ཁག་དང། འཇའ་ཐང་། དཔལ་ཐང་། ཆུ་དམར་ཐང་སོགས་རང་བྱུང་གི་རི་མཚོ་ཆུ་སོགས་གྲགས་ཅན་སྐོར་དེ་དག་དང་། རང་བྱུང་གཏེར་ཁ་ཡོད་རིགས་གསེར། དངུལ། ཟངས་ལྕགས། ཧ་ཡང་། ཞ་ཞེ། དངུལ་ཆུ། ཁབ་ལེན། རྡོ་སོལ། གཡང་ཊི་སོགས་གཏེར་རྫས་སྣ་ཚོགས། ཤུག་པ་དང་། གསོམ་ཤིང་སོགས་ཤིང་སྣ་སྣ་ཚོགས། ཀུ་ཤུ་དང་། སེ་བྲུ་སོགས། ཤིང་ཏོག་དང་སིལ་ཏོག་སྣ་ཚོགས། དབྱར་རྩྭ་དགུན་འབུ་དང་། གངས་ལྷ་མེ་ཏོག་སོགས་རྩྭ་སྣ་སྨན་སྣ་རིགས་བརྒྱ་ཕྲག་དང་། ཡུང་མ། ལ་ཕུགས། འབྲས། གྲོ སྲན་སོགས་འབྲུ་རིགས་དང་། རྟ་ནོར་ལུག་སོགས་སྒོ་ཕྱུགས་གཡུང་དྭགས་སྣ་ཚོགས་དང་། རི་དྭགས་དང་། གཅན་གཟན་སོགས་རི་སྐྱེས་སྲོག་ཆགས་ཕུན་སུམ་ཚོགས་ཤིང་། མདོར་ན་རང་བྱུང་གི་གཏེར་ཁ་དང་སྐྱེ་དངོས་ཕུན་སུམ་ཚོགས་པའི་གནས་ཤིག་ཡིན་ལ། ལྷག་པར་དུ་དེང་སང་གཙང་གསུམ་གྱི་འབྱུང་ཁུངས་ཏེ་རྒྱལ་ཡོངས་ཀྱི་ཆུ་མཛོད་སོགས་ཀྱི་གྲགས་པ་དང་རྒྱལ་ཁབ་རིམ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ས་གནས་དམིགས་བསལ་བ་ཞིག་ཡིན་ནོ། ། ཕྱིས་སུ་རིག་གནས་གསར་རྗེའི་སྔོན་རྗེས་སུ་རྒྱ་མི་མང་པོ་ཐོན་ཤིང་རི་དྭགས་རྔོན་པ་དང་། རྩྭ་ས་ཤིང་གསུམ་ལ་གཏོར་བརླག་ཚབ་ཆེན་བཟོས་ཡོད་ལ།ཉེ་བའི་ལོ་ཤས་སྔོན་ནས་བཟུང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབས་དང་། ཁོར་ཡུག་སྲུང་སྐྱོབས་སོགས་ཀྱི་སློབ་གསོ་ཁྱབ་བསྒྲགས་བྱས་པ་ནས་བཟུང་ཚོད་འཛིན་དང་། དོ་སྣང་བྱས་ཏེ། སྲུང་སྐྱོབ་བྱེད་བཞིན་ཡོད་པ་ནི་འབྱུང་གྱུར་བོད་སྤྱི་དང་ལྷག་པར་རང་ཡུལ་གྱི་མ་འོངས་བ་ལ་དམིགས་པའི་བྱ་བ་ཞིག་ཅི་ལ་མིན། མདོར་ན་ཁམས་སྟོད་ཀྱི་ཡུལ་གྲུ་འདི་ནི་གནའ་ནས་ད་བར་རང་བྱུང་གི་གཏེར་ཁ་ཕུན་གསུམ་ཚོགས་པའི་གནས་ཤིག་ཡིན་ལ་དེའི་སྐོར་ཞིབ་པར་ལོ་རྒྱུས་ཁག་གཞན་ལས་གསལ་བས་འདིར་ཡིག་ཚོགས་མང་བར་དོགས་ནས་རེ་ཞིག་དེ་ཙམ་བྱས་སོ། ། ༢ སྐད་ཡིག གནའ་ནས་བཟུང་ཁམས་སྐད་ནི་བོད་ཀྱི་གནས་བོའི་ཀློག་སྟངས་ལྟར་ཡོད་ཚུལ་ལོ་རྒྱུས་སྔོན་མ་རྣམས་སུ་གསལ། དེ་རྗེས“ལུང་པ་རེ་ལ་ཆུ་འགོ་རེ། ས་ཆ་རེ་ལ་སྐད་ལུགས་རེ”ཞེས་པ་ལྟར་དུས་རབས་ཀྱི་འགྱུར་འགྲོས་དབང་གིས་སྐད་ལ་འགྱུར་བ་དང་ཉམས་རྒུད་རིམ་པར་བྱུང་ཞིང་ཡུལ་སྐད་ཅུང་མི་འདྲ་བ་རེ་ཆགས་ཡོད་དེ། དེང་སང་ནང་ཆེན། རྫ་སྟོད། ཡུལ་ཤུལ་སོགས་ལ་སོ་སོའི་ཡུལ་སྐད་ཅུང་མི་འདྲ་བ་རེ་ཡོད་པ་ལྟ་བུ་དང་། བརྡ་སྤྲོད་ཀྱི་སྒྲ་གདངས་ཀློག་སྟངས་ལ་མི་མཐུན་པ་དཔེར་ན། ནང་ཆེན་ཕྱོགས་ནས། འབྲི་ལ་འབུ་དང་། འབྲུག་ལ་འབུག། གཅེས་ཕྲུག་ལ་གཅེས་སྤུག སྐྲག་ལ་སྲག ཡིན་ལ་འིན་ལྟ་བུ་མང་པོ་ཡོད་པ་ལྟར་དང་། རྫ་སྟོད་ཕྱོགས་ནས་ཀྱང་དེ་དང་ཕལ་ཆེར་འདྲ། སྒ་པའི་ཕྱོགས་ནས་ཁྱོད་ལ་ཧོད་དང་། རག་ཤུལ་ཕྱོགས་ནས་ཀོ་བ་ལ་ཀོའོ་ལྟ་བུ་ཚིག་བསྡུས་པ་འདྲ་བ་སོགས་མང་པོ་བྱུང་ཞིང་། རིགས་འགྲེས་ཏེ་བལྟས་ན་མང་དེ་འདྲའི་རྣམ་པ་མང་པོ་ཡོད་པ་ཤེས་ཐུབ་ལ། མདོར་ན་སྒྲ་གདངས་ནོར་བ་དང་ཀློག་སྟངས་མི་འདྲ་བ་སོགས་མང་པོ་བྱུང་ཡོད་པ་ལྟ་བུ་རེད། ཡང་གནའ་བོའི་སྒྲ་གདངས་ཀློག་སྟངས་འགའ་རེ་མ་ཉམས་པར་ཡོད་པ། དཔེར་ན། ཆི་བྱེད་ཀྱི་ཡོད། མྱི་ཞིག་འདུག་ལྟ་བུ་མང་པོ་ཡོད་དོ། ། ཡིག་གཟུགས་འབྲི་སྟངས་ཡིན་ན་གཙོ་བོ་ཁམས་བྲིས་དཔེ་ཚུགས་དབུ་མེད་ཤས་ཆེ་ལ། བྱེ་བྲག་ཀརྨ་སྒར་བྲིས། སྡེ་བྲིས་སོགས་བྲིས་གཟུགས་མི་འདྲ་བ་མང་པོ་མཆིས། སྐུང་ཡིག་དང་། འཁྱུགས་ཡིག་མང་བར་སྣང་། སྤྱིའི་ཆ་ནས་མདོ་དབུས་ཁམས་གསུམ་ལས་ཁམས་པར་རང་གི་ཁྱད་ཆོས་ལྡན་པའི་སྐད་ཡིག་ཡོད་ལ་ལྷག་པར་ཁམས་སྟོད་ནང་ཆེན་གྱི་མངའ་ཁུངས་སུ་སྐད་དང་ཡི་གེར་རང་གི་ལོ་རྒྱུས་རྒྱུད་རིམ་དང་མཐུན་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་རེད། དེང་སང་ནི་སྔོན་མ་དང་མི་འདྲ་བར་མི་རྣམས་ཕན་ཚུན་འབྲེལ་འདྲིས་ཆེ་ཞིང་། སྐད་ཆའི་ཁྲོད་ནས་ཕན་ཚུན་གོ་བརྡ་འཕྲོད་པར་འགྱུར་བས་ཡོངས་ཁྱབ་རང་བཞིན་གྱི་སྤྱི་སྐད་ལྟ་བུ་རང་ཤུགས་སུ་གྲུབ་ཡོང་གི་ཡོད་པ་ནི་དུས་རབས་ཀྱི་འགྱུར་འགྲོས་ཤིག་གོ །ཁམས་སྟོད་ཀྱི་སྐད་ཡིག་སྐོར《ཁམས་སྟོད་ཞིབ་འཇུག》དང《ཁམས་སྟོད་ལོ་རྒྱུས》སྟོད་ཆ་སོགས་ལ་ཡང་གསལ་བས་ཞིབ་པར་གསན་འདོད་ན་དེ་དག་ལ་ལྟ་ཞིབ་མཛོད། ༣ ཤེས་རིག སྤྱིར་ན་འགྲོ་བ་མིི་ཐོག་མར་བྱུང་བ་ནས་མི་རྣམས་ཀྱིས་རང་བྱུང་ཁམས་འདུལ་སྦྱོང་དང་། ངལ་རྩོལ་ལ་བརྟེན་ནས་བློ་རིག་རྒྱས་པའི་གོ་རིམ་ཁྲོད་རྡོ་ཆས་རྙིང་མའི་དུས་རབས་ནས་རིམ་བཞིན་འབྲོག་ལས་དང་ཞིང་ལས་སོགས་དར་ཞིང་། ཡུལ་ལུང་སོ་སོར་རང་རང་གི་ཐུན་མིན་ཁྱད་ཆོས་ཅན་གྱི་མཚོ་གནས་ལེགས་ལམ་དུ་བསྒྱུར་བའི་ཤེས་རིག་སྣ་ཚོགས་དར་བ་ཡིན་ལ། ཁམས་སྟོད་ནང་ཆེན་གྱི་ཡུལ་གྲུ་འདིར་ཡང་མི་ཆོས་ཀྱི་ཕྱོགས་ནས་བཤད་ན་མིང་དུ་གྲགས་པའི་བསམ་བློ་བ་དང་། རྩོམ་པ་པོ། སྒྱུ་རྩལ་པ་དེ་འདྲ་བྱུང་མ་མྱོང་ནའང་ཐུན་མིན་གྱི་ཞིང་འབྲོག་སྐྱོང་ཚུལ་དང་བཟོ་ལས་ལག་རྩལ་སྣ་ཚོགས་དང་། སྨན་རྩིས། གླུ་གར། བྲིས་ཀྱི་སྒྱུ་རྩལ་སོགས་ཤེས་རིག་སྣ་མང་དར་བའི་གནས་ཤིག་རེད་ཅེས་བརྗོད་ཆོག དཔེར་ན། ཡོངས་ཁྱབ་ཞིང་འབྲོག་གི་ལག་རྩལ་སྣ་ཚོགས་དང་། རྡོ་བཟོ་སྣ་ཚོགས། ཤིང་བཟོ་སྣ་ཚོགས། བྲིས་རྒྱུན་སྣ་ཚོགས། སྨན་རྩིས་ཀྱི་རྒྱུན་དང་ལག་རྩལ་སྣ་ཚོགས་ཡོད་པ་ནི་ཡིག་ཚང་ཁག་མང་པོ་ནས་གསལ་བ་ལྟར་ཡིན་ལ། གཞན་ཡང་ཁམས་པའི་མི་ལ“སྐད་ཆ་བཤད་པ་ནས་གླུ་དབྱངས་ལེན་ཤེས་པ་དང་། གོམ་པ་སྤོ་ཤེས་པ་ནས་ཞབས་བྲོ་འཁྲབ་ཤེས་པ”སོགས་ཀྱི་སྐད་གྲགས་ཡོད་པ་ལྟར་གླུ་བྲོ་ཡི་ཕྱོགས་ནས་ཀྱང་མིང་དུ་གྲགས་པའི་དམངས་ཁྲོད་གླུ་དབྱངས་སྣ་ཚོགས་དང་། བྲོ་གར་སྣ་ཚོགས་ཡོད་པ་ནི་དེང་སང་གྲགས་བཞིན་པ་དེ་ཚོ་ཡིན་ལ། སྤྱིའི་ཆ་གནས་བླ་ཆེན་དང་གྲུབ་ཐོབ་མང་པོ་བྱུང་བ་ནི་དགོན་སྡེའི་ལོ་རྒྱུས་དང་བླ་ཆེན་ཁག་གི་བྱུང་བ་ཆོས་འབྱུང་རྣམས་སུ་རྒྱ་ཆེ་ལ་རྒྱུན་རིང་བ་མང་པོ་འདུག་པ་ལྟར་ལགས་པས་འདིར་མ་སྤྲོས། སྔོན་མ་རྣམས་སུ་ཕལ་ཆེ་བ་ནི་ཆོས་ལུགས་ཀྱི་ཤན་ཆེ་བས་ཤེས་རིག་གི་སློབ་གྲྭ་ཡང་དགོན་སྡེ་ཁོ་ན་ཡིན་པར་མ་ཟད། སློབ་གསོ་ཡང་དགོན་སྡེའི་སློབ་གསོ་དང་། རིག་གནས་སུམ་རྟགས་དག་གསུམ་སྨན་རྩིས་སོགས་ལས་གཞན་ཆོ་ག་ཆོས་སྤྱོད་སོགས་དགོན་སྡེའི་རིག་གནས་ཁོ་ན་ཡིན། མི་ཆོས་རིག་གནས་ཀྱི་སློབ་གསོ་དང་སློབ་གྲྭ་སོགས་མེད་པ་ནི་བོད་ཁུལ་ཡོངས་རྫོགས་ལྟར་ལགས། གཞན་ཡང་ཁམས་སྟོད་ནང་ཆེན་གྱི་ཡུལ་གྲུ་འདིར་དམིགས་བསལ་གྱི་དམངས་ཁྲོད་རིག་གནས་ལྡེའུ་དང་། མགུར་མོ། གླུ་ཤག གཏམ་དཔེ་སོགས་དང་། གཉེན་སྟོན་དང་། ཇ་ཆང་། ཁ་བཏགས་སོགས་ཀྱི་བཤད་པ་ནི་བོད་ཁམས་སྤྱི་དང་མཐུན་པར་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ཤེས་རིག་ཡོད་ལ། དེང་སང་ཡིག་ཐོག་ལ་ཕབས་པ་འགའ་རེ་ཡོད་འདུག་པ་དེ་ལྟར་ལགས་ཤིང་། དེ་དག་ནི་རང་ཡུལ་གྱི་ཐུན་མིན་དམངས་ཁྲོད་ཤེས་རིག་རིག་གནས་ཤིག་ཡིན་པས་མ་འོངས་པར་གཞོན་སྐྱེས་རྣམས་ཀྱིས་ཅིས་ཀྱང་འཛིན་སྐྱོང་དར་སྤེལ་བྱེད་རིགས་སོ། ། ༤ ཡུལ་སྲོལ་གོམས་གཤིས། ཡུལ་སྲོལ་གོམས་གཤིས་ལ་མཚོན་ན་དམིགས་བསལ་ཁམས་སྟོད་ནང་ཆེན་གྱི་རྒྱལ་པོ་ཕེབས་བཞུད་སྐབས་སུ“མདུན་ནས་སྐྱ་དར་བཞི། རྟེན་མདུང་། སེང་རྣ། རྫ་རྔ་བཅས། དེ་ནས་བེ་ཅང་ཉེར་ལྔ། སྐུ་རིམ་ཚང་། ཚེས་བཅུ་གྲྭ་ཚང་ལྔ་བཅུ་ཙམ། མགྲོན་གཉེར་ཁག་བཞིའི་གཙོས་བེ་ཧུ་གང་འཛོམས། འདིར་གདན་སེར་སྐྱ་ཞེས་དབུ་བླ་དང་། རྒྱལ་པོ་གཉིས་ཀར་རྨ་བྱའི་གདུགས་རེ་འབུབས། གཡས་གཡོན་ནས་མི་སྐྱ་གཟིགས་དར་ཅན་བཞི་དང་སེར་མོ་སྦ་དབྱུགས་ཅན་གཉིས་འགྲོ། རྒྱབ་ནས་མདུན་བསྐོར་བཅས་བསྟར་སྒྲིག་དགོས”༡པ་དང་། རྒྱལ་པོ་འབངས་སྐོར་དང་བྱེས་ལ་འབྱོན་སྐབས། སྐུ་རིམ་བླ་གྲྭ་ལྔ་བཅུ་ཡས་མས་དགོས་པ་དགོན་པ་རེས་མོས་ཀྱིས་ཕེབས་པ་སོགས་དགོས་ཤིང་། ལམ་དུ་སྐྱོད་དུས་རྒྱལ་པོའི་གཟིམ་གོས་སྐལ་བའི་དྲེལ་སྐུ་རིམ་བླ་མས་འཁྲིད་པ་དང། སྐུ་རིམ་བླ་མའི་གཟིམ་གོས་སྐལ་བའི་དྲེལ་དབུ་མཛད་ནས་ཁྲིད་དགོས་པའི་ལུགས་སྲོལ་ཡོད། སྤྱིར་ནང་ཆེན་ནི་ཡུལ་འབྲོག་གཉིས་ཀྱིས་གྲུབ་ཤིང་མང་ཆེ་བ་འབྲོག་པ་ཡིན། འབྲོག་པས་ནི་རྟ་ནོར་ར་ལུག་སོགས་སྒོ་ཕྱུགས་སྣ་ཚོགས་གསོ་སྐྱོང་གིས་ཐོན་སྐྱེད་ལ་བརྟེན་ནས་འཚོ་བ་རོལ་ཞིང་། ཡུལ་པ་རྣམས་ཀྱིས་ནི་ནས་འབྲས་གྲོ་སྲན་སོགས་འདེབས་འཛུགས་ཀྱིས་གཙོ་བོ་འཚོ་རྟེན་བྱེད་ལ་སྒོ་ཕྱུགས་ཀྱང་ཉུང་ཤས་གསོ་བཞིན་ཡོད། འབྲོག་པས་དབྱར་དུས་རུ་བ་བཅས་ནས་མཐོ་སྒང་དུ་སྦྲ་གུར་སྣ་ཚོགས་ཕུབ་སྟེ་སྒོ་ཕྱུག་འཚོ་སྐྱོང་བྱེད་པ་ཡིན་ལ། དེ་ཡང་སྦྲ་ནག་ནི་ནོར་གྱི་རྩིད་པ་ལས་གྲུབ་ཅིང་ལོ་རྒྱུས་རྒྱུན་རིང་ལྡན་པའི་སྒང་པ་བོད་ཀྱི་ཐུན་མིན་རིག་འཕྲུལ་གྱིས་སྐྲུན་པའི་གུར་ཞིག་སྟེ། ཆར་ཆུ་འགོག་ཅིང་། ཉི་འོད་ཕོག་པ། སྟབས་བདེ་བ་སོགས་ཁྱད་ཆོས་སྣ་ཚོགས་ཡོད་པའི་སྦྲ་ནག་གྲུ་བཞི་དང་། རས་གུར་ཡང་དབྱིབས་དང་རི་མོ་མི་འདྲ་བ་སྣ་ཚོགས་ཡོད། འབྲོག་པ་རྣམས་ཀྱིས་དབྱར་དུས་བལ་རྩིད་དང་འོ་ཞོ་མར་ཆུར་སོགས་ཐོན་སྐྱེད་སྣ་ཚོགས་ལས་ལ་བྲེལ་ནས་དགུན་དུས་ཕྱིར་དགུན་ས་ཐོག་ཏུ་བབ་ཏེ་ནོར་ལུག་སོགས་ལྷས་རར་འདོགས་སྲོལ་ཡོད། འཚོ་རྟེན་གཙོ་བོ་མར་དང་། འོ། ཞོ། ཤ རྩམ་པ་སོགས་ཡིན། ཡུལ་པ་རྣམས་ཀྱིས་དབྱར་དགུན་མེད་པར་ཁང་པའི་ནང་དུ་འདུག་ཅིང་། དེ་ཡང་ཁང་པ་ནི་ཐོག་རྩེགས་གཅིག་དང་གཉིས་ཀྱིས་གྲུབ་ལ། མང་ཆེ་བ་རྡོ་བཟོ་སྒྱུ་རྩལ་སྣ་ཚོགས་དང་། ས་ཕག ས་གྱང་གིས་གྲུབ། སྟེང་ནས་ཤིང་བཟོའི་སྒྱུ་རྩལ་སྣ་ཚོགས་ཀྱིས་ཀ་བ་ཀ་གཞུ་འབུང་ཚང་སོགས་མཛེས་བཟོ་དང་ཚོན་སྣ་ཚོགས་ཀྱི་མཛེས་རིས་བྱེད་སྲོལ་འདུག དབྱར་དུས་སོ་ནམ་བྱས་ཏེ་སྟོན་དུས་སྟོན་ཐོག་བསྡུ་བའི་ལས་ལ་བྲེལ་བ་དང་། ནས་འབྲས་གྲོ་སོགས་ལ་འཚོ་རྟེན་གཙོ་བོ་བྱེད། རྒྱལ་རབས་སྔོན་མ་རྣམས་སུ་མི་སེར་ནས་རྒན་པོ། རྒན་པོ་ནས་རིམ་བཞིན་བརྒྱ་དཔོན་སོགས་ལ་ཁྲལ་ཡང་འོས་འཚམ་རེ་འབུལ་དགོས་ཡོད་འདུག ཡུལ་འབྲོག་གང་ལྟར་ཡང་ཆོས་ལུགས་ཀྱི་དུས་ཆེན་ཁག་རྩི་སྲུང་དང་། དགེ་སྒྲུབ་སྡིག་སྤོང་ལ་འབད་པ་དང་། ལོ་གསར་རྙིང་སོགས་ལ་བཀྲ་ཤིས་སྟོན་ མོ་བྱེད་པ་གལ་ཆེན་བྱེད་སྲོལ་འདུག ལྷག་པར་ཆོས་ལུགས་ཁག་གི་བྱེད་སྒོ་འདྲ་མི་འདྲ་དེ་དག་གི་ཁར་གལ་ཆེན་བྱེད་ནས་འགྲོ་སྲོལ་ཡོད། ༥ ཆ་ལུགས། གྱོན་གོས་ཀྱི་ཕྱོགས་ནས་སྔོན་མ་གོང་གི་རྒྱལ་པོའི་འོས་ཐོབ་ཀྱི་ཞྭ་དང་གྱོན་གོས་སོགས་ཀྱང་རིན་གོང་ཆེ་བའི་གོས་ཆེན་ཚེམ་དྲུབ་མ་གྱོན་ཤིང་། དབྱར་དུས་ཕྲུག་ལྭ་དང་རས་ལྭ་སོགས་གྱོན་སྲོལ་ཡོད། ཞབས་ལ་ལྷམ་ཡུ་རིང་གསོལ། བློན་པོ་དག་ལ་ཡང་རང་རང་གི་འོས་ཐོབ་ཀྱི་ཞྭ་དང་གོས་ལྷམ་སོགས་ཡོད་འདུག འབངས་མི་ཕལ་གྱིས་ཡོངས་ཁྱབ་དབྱར་དུས་རས་དང་། ཕྲུག་ལྭ་སོགས་གྱོན་པ་དང་། དགུན་དུས་སློག་པ་སོགས་གྱོན་ཞིང། ཞྭ་མོར་ཝ་ཞྭ། ཕྱིང་ཞྭ། ཚར་ཞྭ་སོགས་དང་། ལྷམ་ལ། ཕྱིང་ལྷམ། ཕྲུག་ལྷམ་སོགས་གྱོན་སྲོལ་འདུག དམིགས་བསལ་འཚོགས་འདུ་དང་ཡང་ན་ དུས་ཆེན། ཆོས་ཀྱི་མཛད་སྒོ་དག་གི་སྐབས་སུ་སྟག་གཟིག་པགས་པས་མཐའ་རྒྱན་བྱས་པའི་གོས་གྱོན་ཞིང་། སྐྱེས་པ་རྣམས་ཀྱིས་སྐེད་གྲི། ཝ་ལུང་། གློ་གྲི། གཟི་བྱུར་གྱི་སྐེ་རྒྱན་སོགས་དང་། བུད་མེད་རྣམས་ཀྱིས་སྤུས་ཤེལ་དང་གཟི་བྱུར་གཡུ་སོགས་ཀྱིས་མགོ་དང་རྐེ་རྒྱན། སྲམ་གྱི་མཐའ་རྒྱན་དང་གོས་ཆེན་གྱི་ཚར་སློག་གྱོན། ཡུལ་སོ་སོར་ཡང་ཁྱད་ཆོས་མི་འདྲ་བ་ཡོད། གཉེན་སྒྲིག་དང་འདས་མཆོད་བྱེད་ཚུལ་ནི། སྤྱིར་ཕོ་མོ་ཕན་ཚུན་བར་རང་མོས་ཀྱི་སྒོ་ནས་འཇིག་རྟེན་མཐུན་འཇུག་གྱི་ཁྱིམ་ཐབ་བབ་གཉེན་སྒྲིག་བྱེད་པ་ནི་ཆེས་ཉུང་ཉུང་ཡིན་ལ། མང་ཆེ་བ་སྲོལ་རྒྱུན་ལྟར་ཕ་མའི་བཀོད་སྒྲིག་འོག་ནས་འགྲོ་དགོས་པ་རེད། དེང་སང་ཡང་དེའི་ལམ་ལུགས་ད་དུང་རྒྱུན་སྲིང་བཞིན་ཡོད་པར་མ་ཟད། ལྷག་པར་འབྲོག་ཁུལ་དག་ལ་ལྷག་ཏུ་ཐུ། ཐོག་མར་གཉེན་སྒྲིག་ནི་བཤད་སྲོད་ལ། སྔོན་མ་མི་རབས་བདུན་ཚུན་གྱི་ཉེ་འབྲེལ་བར་གཉེན་མི་བྱེད་པའི་སྲོལ་ཡོད། དེང་སང་ཡང་ཤེས་ཙམ་ནས་གཉེན་མི་བྱེད་ལ་གལ་སྲིད་བྱས་ན་ཁྲེལ་མེད་དུ་རྩི། གཉེན་དོན་གྱི་འགྲོ་ལུགས་ནི་དུས་ཚང་གཅིག་གིས་དུད་ཚང་གཅིག་ལ་བུ་མོ་སློང་ཞིང་དེའི་ཕ་མས་གནང་བ་བྱིན་ནས་བུ་མོ་དེའི་འདོད་མོས་ལ་མི་ལྟ་བར། ཉི་བཟང་སྐར་བཟང་ཞིག་འདེམས་ནས་གཉེན་སྟོན་གྱི་ཆོ་ག་དངོས་སུ་སྤེལ་ཅིང་། བུ་མོ་དེ་རྒྱན་གོས་དང་རྫོང་བ་བཅས་དངོས་སུ་གནའ་མར་འགྲོ་དགོས་ལ། སྟོན་བཤད་དང་། གཉེན་བཤད། དར་བཤད་སོགས་ཡུལ་བྱེ་བྲག་པའི་འདོད་ལུགས་ལྟར་ཁྱིམ་ཚང་རབ་འབྲིང་གི་དབྱེ་བ་དང་མཚམས་པར་རྒྱས་བསྡུས་ཅི་རིགས་བྱེད་སྲོལ་ཡོད། འདས་མཆོད་བྱེད་ཚུལ་ནི། དུད་ཚང་ཞིག་གི་མི་གྲོངས་རྗེས་ཞག་གསུམ་ལ་ཁྱིམ་དུ་ཉར་ནས། འཕོ་བ་དང་སྔོ་སྨོན་ཞུ་བ་དང་། དེ་ནས་སྐར་མར་བལྟས་ནས་བཅོས་ཀ་རིམ་གྲོ་སྒྲུབ་རྗེས་སྐར་མ་བྱེད་པ་སྟེ་མང་ཆེ་བ་དུར་ཁྲོད་དུ་བྱ་ལ་སྦྱིན་ཅིང་། དགོས་དབང་གིས་མེར་སྲེགས་པ་དང་། ཆུར་སྐྱུར་བ། དུར་དུ་སྦས་པ་སོགས་ཀྱང་རེ་རེ་གཉིས་རེ་བྱེད་པ་ཡིན། ཁྱིམ་མི་རྣམས་ཀྱིས་ཞེ་དགུ་སྲུང་ནས་ཉིན་ཉེར་དགུ་ལ་མྱ་ངན་ཞུ། ལྷ་མཆོད་བླ་གདན་གྱིས་ཤི་རིམ་གང་མང་བསྒྲུབས་ཤིང་། སྐོར་བ་དང་། ས་ཚྭ་སོགས་གདབ་སྲོལ་ཡོད། སྤྱིར་ན་ལོ་ཧྲིལ་པོར་ལོ་གསར་ནི་དུས་སྟོན་ཆེས་ཆེ་བ་དེ་ཡིན་ལ། དེ་ཡང་ལོ་ཆེ་ཆུང་གཉིས་སར་ཤིང་། དེ་དག་གི་སྐབས་སུ་སྔོན་མ་བསང་གསོལ་དང་། རྟ་རྒྱུགས་མདའ་འཕེན་ཡང་བྱེད་སྲོལ་ཡོད་འདུག་ཀྱང་ཁོ་བོའི་ཤེས་ཙམ་ནས་བཟུང་སྲོལ་དེ་དག་མི་སྣང་། འོན་ཀྱང་དུང་ཐིག་རྒྱག་པ་དང། ཞོགས་ཆུ་ལེན་པ་སོགས་ནི་དུས་ད་ལྟའང་བྱེད་བཞིན་ཡོད། གོས་གསར་གྱོན་ཤིང་རྒྱན་འདོགས་པ་དང་། སྟོན་མོ་ཟབ་རྒྱས་བཤམས་ནས་ཆང་འཐུང་གླུ་ལེན་བྲོ་རྡུང་སོགས་བྱེད་པར་མ་ཟད་རྩེད་མོའི་རྣམས་གྲངས་ཡང་ཤིན་ཏུ་མང་པོ་ཡོད་པ་སོགས་ནི་གཞན་ནས་ཤེས་ལ། ཕན་ཚུན་འགྲོན་དུའང་འབོད་སྲོལ་ཡོད་པ་སྟེ། དེང་སང་ཡང་དེའི་བྱེད་ལུགས་མ་ཉམས་པར་ཡོད་པ་འདི་ལྟ་བུའོ། ། འགྲིམ་འགྲུལ་གཙོ་བོ་རྟ་དང་། ཁལ། དྲེའུ། མཛོ་སོགས་ལ་རྟེན་ནས་འགྲོ་འདུག་བྱེད་བཞིན་ཡོད་ལ། དངོས་པོ་སྣ་ཚོགས་སྐྱེལ་འདྲེན་བྱེད་པ་ཡིན་ནོ། ། ༧ ཁྲིམས་ལུགས། སྤྱིར་ཁམས་སྒོམ་སྡེ་ནང་ཆེན་གྱི་རྒྱལ་རབས་རིམ་བྱོན་རྣམས་ནས་སྔོན་མའི་ལོ་རྒྱུས་ཡིག་ཚང་ཁག་ཐམས་ཅད་ལས་ཆོས་ལུགས་ཀྱི་བྱུང་བ་བརྗོད་པ་དང་། ཆོས་ཀྱི་ཕྱོགས་ནས་ཕྱག་ལས་ཅི་གནང་གི་ལོ་རྒྱུས་ཙམ་ལས་སྲིད་ཕྱོགས་ཀྱི་བྱ་བ་དང་ལྷག་པར་ཁྲིམས་ལུགས་སོགས་ཀྱི་སྐོར་ནས་མག་མོག་ཙམ་ལས་དམིགས་བསལ་གྱི་ལོ་རྒྱུས་མི་སྣང་ཞིང་། ཅུང་ཟད་ཤེས་རྟོགས་ཐུབ་པ་ཞིག་ནི་ནང་ཆེན་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་རྒྱལ་སྲས་ཆོས་ཀྱི་རྒྱལ་མཚན་བཞུགས་པ་ནས་བཟུང་རྒྱལ་ཁྲིམས་ལུགས་གཉིས་ཟུང་འབྲེལ་དུ་བསྐྱངས་ཤིང་མི་ཆོས་གཙང་མའི་ཁྲིམས་ལ་གཞི་བཅས། དེ་རྗེས་རིམ་བཞིན་ས་སྐྱ་པ་དང་ཕ་གྲུ། དེ་བཞིན་གཙང་པ་སྡེ་སྲིད་སོགས་ཀྱི་སྐབས་སུ་དར་བའི་ཁྲིམས་ཡིག་ཞལ་ལྕེ་སོགས་ལྟར་བྱེད་ཀྱི་ཡོད་ངེས་ལ། བྱེ་བྲག་དམིགས་བསལ་གྱི་ཁྲིམས་ལུགས་ཀྱང་ཡོད་ངེས། སངས་རྒྱས་གྲགས་པ་དང་གུ་ཤྲཱི་བསོད་ནམ་རྒྱལ་སོགས་ཀྱི་སྐབས་མངའ་འབངས་ལ་བདེ་སྐྱིད་འབྱུང་ཐབས་བྱ་དགོས་པའི་སྒྲིག་བཀོད་ཅེས་པ་ལྟར་སྔོན་མ་དམིགས་བསལ་རང་ཡུལ་གྱི་སྒྲིག་ཁྲིམས་རེ་སྲོལ་གཏོད་གནང་ཡོད་པར་ངེས་ཀྱང་ཡི་གེ་མ་མཐོང་། ལྷག་པར་རྒྱལ་པོ་ཆིང་ཧུ་རྡོ་རྗེ་ཚེ་དབང་དང་མི་རྗེ་དབང་གྲགས་ཚེ་རིང་སོགས་ཀྱི་སྐབས་རྒྱལ་པོ་ལ་གཅེས་པའི་ཁྲིམས་ཡིན་ཞིང་། ཁྲིམས་དྲང་ན་སངས་རྒྱས་ཟེར་བ་དེ་རང་གི་རྩ་ན་ཡོད་ཅེས་གསུངས་པས་མཚོན་དེ་དག་སྐབས་སུ་ཉམས་ཆུང་མཐའ་ནས་སྐྱོང་ཞིང་ཚུལ་མིན་བྱེད་མཁན་གྱི་བཙན་པོ་གཉའ་ནས་མནན་ཏེ་དྲང་པོའི་ཁྲིམས་ཀྱིས་རྒྱལ་སྲིད་ལ་མངའ་དབང་བསྒྱུར་བ་མཚོན་ཞིང་། ལུགས་བཟང་རྒྱུན་འཇགས་སུ་སོང་བས་རྒྱལ་ཁམས་རྒན་མོ་གསེར་ཁུར་ཡང་ཞི་འཇམ་བྱུང་བའི་ལོ་རྒྱུས་ཡོད་འདུག དེ་རྗེས་སུའང་རྒྱལ་ཁྲིམས་ཧ་ཅང་བཙན་པ་སྟེ། མི་གསོད་པ་སོགས་ཉེས་ཁྲིམས་ཆེ་རིགས་ལ། མིག་དང་། སྣ། རྐང་ལག་སོགས་འདྲེག་གཅོད་བྱེད་པའི་ཁྲིམས་ཡོད། རྐུ་བྱས་པ་དང་། རི་དྭགས་རྔོན་པ་སོགས་ལ་དེ་འོག་གི་ཁྲིམས་འཛུབ་མོ་གཅོད་པ་དང་། རྒྱུ་ནོར་གང་རྐུས་པ་དེའི་དགུ་སྐོར་འཇལ་དགོས་ལ། དཔོན་ཁག་རྣམས་ལས། བརྒྱ་གྲངས་དཔོན་རྣམས་ལ་སྡེ་དུད་བརྒྱ་ཚོ་ལྔ་དྲུག་ནས་བཅའ་བཅུའི་བར་ཡོད་པ་དང་། བརྒྱ་ཤས་དཔོན་རྣམས་སྡེ་དུད་བརྒྱ་ཚོ་བདུན་བརྒྱད་ནས་གཉིས་གསུམ་བར་ཡོད་ཅིང་། དེ་དག་གི་འཚོ་གནས་ནི་ཡུལ་འབྲོག་རང་ཐོན་གྱི་འཚོ་གོས་འཛོམས་པར་གཤིས་རྒྱུད་ལས་འབྲས་ཀྱི་སྒྲིག་ཁྲིམས་རང་སྲུང་གིས་མི་ཆོས་ཀྱི་ཁྲིམས་ལ་གནས་པས་འཚོ་ཞིང་གནས་པ་དང། གྲོང་དཔོན་ལ་རྒན་པོ། དེའི་གོང་དུ་བརྒྱ་ཤས་དཔོན། དེའི་གོང་དུ་བརྒྱ་གྲངས་དཔོན། དེའི་གོང་ནས་ཁྲི་སྟོང་སྡེའི་རྒྱལ་པོ་སྟེ་ནང་ཆེན་ཆིན་ཧུ་རྒྱལ་པོའི་གཟིགས་ཤིང་བསྐྱངས་བའོ། ། མདོར་ན་ཡིག་ཐོག་ཏུ་མེད་པ་མ་གཏོགས་ཁྲིམས་མང་པོ་ཡོད་ངེས་ལ། རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་སོགས་ནས་ཀྱང་རིམ་པར་ལམ་ལུགས་དང་ཁྲིམས་སྲོལ་དེ་ཉིད་རྒྱུན་བསྐྱངས་མཛད། སྤྱིར་བཏང་བོད་ཡུལ་སྤྱི་ལྟར་ལམ་ལུགས་གང་ཞིག་རྒྱུད་འཛིན་བྱེད་པ་ཙམ་ལས་དམིགས་བསལ་གསར་གཏོད་དང་། གསར་རྗེའི་ལེགས་བཅོས་བྱེད་པའི་བྱ་ལས་ནི་སྤེལ་མ་མྱོང་ལ། དུས་ཀྱི་འཕོ་འགྱུར་དང་ཕྱི་ནང་གི་གནོན་ཤུགས་ལ་བརྟེན་ནས་གཡུལ་འཐབ་ཆེ་ཆུང་འགའ་ཞིག་བྱས་པའི་ལོ་རྒྱུས་ཙམ་ནི་ཡོད་མོད་ཀྱང་། རྩ་བའི་ཆ་ནས་ཆོས་སྲིད་ལུགས་གཉིས་ཀྱི་བྱུང་བ་ཇི་ལྟ་བ་བཞིན་དང་ཁྲིམས་ལུགས་སྐོར་ནས་དཔྱད་གཞི་མ་མཐོང་ལ། ལྷག་པར་དུ་འདྲི་རྩད་དང་ཞིབ་འཇུག་བྱེད་པའི་དུས་ཚོད་ཀྱང་མ་བྱུང་བས་གནས་སྐབས་དེ་ཙམ་ལས་སྨྲ་རྒྱུ་མ་བྱུང་། རྗེས་མར་རང་རིགས་རུས་པ་ཅན་དག་གིས་འདིའི་སྐོར་ལ་འཚོལ་རྟོག་གནང་རྒྱུ་གལ་ཆེ་བས་གནས་སྐབས་ཁྱེད་རྣམས་ལ་རེ་བ་བཅོལ་བ་ལས་ཐབས་མ་བྱུང་ངོ་། །

༨  རིགས་རུས།
 སྤྲེའུ་དང་བྲག་སྲིན་ལས་མཆེད་པའི་རུས་ཆེན་བཞི་སྟེ།   སྒ།   འབྲུ།   དབྲ། ལྡོང་བཞིའམ།   ཡང་ན།    སེ།   རྨུ།   ལྡོང་།    སྟོང་བཅས་རུས་ཆེན་བཞི་རུ་འདོད་པ་དང།  མིའུ་གདུང་དྲུག་ཅེས།     སེ།    རྨུ།   ལྡོང་།   སྟོང།   དབྲ།   འབྲུ་སོགས་བགྲངས་སྲོལ་མང་པོ་ཡོད་པ་དེ་དག་གི་རྒྱུད་པ་ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྟུན་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་དར།  ཁམས་ནང་ཆེན་གྱི་ཡུལ་འདིར་དེེང་སང་ནི་རིགས་རུས་ཧ་ཅང་མང་བའི་གནས་ཤིག་ཡིན་ལ།  དེ་དག་ཀྱང་རེ་རེ་ནས་ལོ་རྒྱུས་ཡོད་མེད་དང་རྒྱུན་རིང་མིན་ཙམ་ཞིག་ལས་དོན་དུ་ཡོད་ཚད་མིའུ་གདུང་དྲུག་ལས་མཆེད་པ་ཤ་སྟག་ཡིན་མོད།  ལོ་རྒྱུས་རྒྱུན་རིང་ལྡན་ཞིང།  དཔོན་མགོ་དང་གྲགས་ཅན་མི་སྣ་སོགས་བྱུང་མྱོང་ཡོད་མེད་ཙམ་ལས་དོན་དུ་ནི་ཡོད་ཚད་བོད་ཀྱི་མིའུ་གདུང་དྲུག་ལས་མཆེད་པ་ཡིན་པས།  ང་ཆེ་ང་གཉེན་དང་།  ང་བཟང་ཁོ་བཙོག་ཟེར་དུ་མེད་མོད་རྩ་བའི་ཆ་ནས་རིགས་རུས་སུ་ཞིག་ཡིན་ཡང་དེའི་རྒྱུད་པར་མི་སྣ་གྲགས་ཅན་དང་རླབས་ཆེན་གྱི་མི་བུ་བྱུང་མྱོང་ཡོད་པས་ནི་རིགས་རུས་ཡག་པར་རྩི་བ་དང་། སུ་ཞིག་གི་རྒྱུད་པར་མ་རབ་བྱ་ངན་ཅན་གྱི་མི་སྣ་བྱུང་ན་དེའང་རིག་རུས་ངན་པར་བགྲངས་རུང་དུ་འགྱུར་འགྲོ་བ་ནི་གོམས་སྲོལ་ལྟ་བུ་ཞིག་རེད།    ཡིན་ནའང་གཞི་རྩའི་ཆ་ནས་མི་སྣ་གྲགས་ཅན་རེ་ཟུང་བྱུང་མྱོང་བ་རྒྱུ་མཚན་དུ་བྱས་ཏེ་དེའི་རུས་རྒྱུད་དུ་སྐྱེས་པའི་མི་ཡོད་ཚད་བཟང་པོར་རྩི་མི་རུང་བར་མ་ཟད།  རིག་རུས་སུ་ཞིག་ལ་མི་ངན་རེ་ཟུང་འབྱུང་མྱོང་བ་ཙམ་ཞིག་གིས་དེའི་མི་རབས་ཚ་རྒྱུད་ཡོད་ཚད་ཀྱི་རུས་རྒྱུད་ངན་པར་ཚད་འཇལ་བྱེད་ག་ལ་རུང་།      རྒྱུ་མཚན་ནི་རིགས་རུས་མཐོ་དམན་འབྱུང་བྱེད་གཙོ་བོ་མི་རབས་རེ་རེའི་འཇོན་ནུས་ལ་ཐུགས་འདུག་ལ་བཟང་ངན་ག་རེ་བྱེད་མིན་ཡང་གཙོ་བོ་མི་ཕོ་རེ་རེའི་གདོང་སྒང་རེད་འདུག་པ་མ་གཏོགས་མཐའ་གཅིག་ཏུ་རིགས་འདི་ཡག་པོ་དང་གཞན་འདི་ངན་པ་ཞེས་ཐག་གཅོད་མི་རིགས་པས་དང་།    རིགས་རུས་གང་ཞིག་གྲགས་པ་ཡོད་པ་རྒྱུ་མཚན་དུ་བྱས་ནས་དེའི་རུས་རྒྱུད་ནམ་ཡང་གཙང་མ་དང་ཆེན་པོར་བརྩི་བ་ནི་རྨོངས་པའི་སྤྱོད་པ་ཁོ་ན་སྟེ་དེ་དག་ནི་ཞོར་དུ་འཕྲོས་པའི་སྐད་ཆའོ།   ། 

དེང་སང་ནང་ཆེན་གྱི་མངའ་ཁོངས་སུ་རུས་རིགས་མི་འདྲ་བ་མང་པོ་ཞིག་འདུག་ཀྱང་། རིགས་རུས་དེ་དག་གི་བྱུང་ཁུངས་དང། སྐྱིད་སྡུག་དར་འཕེལ་གྱི་འགྲོ་བ་མིའི་འཚོ་བ་དངོས་བརྗོད་པའི་དེབ་དང་། ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ནི་མ་མཐོང་ལ། ཁམས་སྟོད་ནང་ཆེན་གྱི་ཡུལ་ཁམས་འདིར་མིའི་འགྲོ་བ་ཐོག་མར་ཆགས་ནས། རིགས་རུས་སྣ་ཚོགས་བྱུང་ཡོད་པ་ཐམས་ཅད་བོད་ཀྱི་མིའུ་གདོང་དྲུག་ལ་གཏུགས་ཆོག་པར་མ་ཟད། དེ་ལས་ཀྱང་རིང་བའི་ལོ་རྒྱུས་ཡོད་ཚུལ་ཁ་རོང་སོགས་ས་འོག་ནས་བརྙེད་པའི་མཁར་ཤུལ་དང་གནའ་རྫས་སོགས་ལ་བརྟེན་ནས་བདེན་དཔང་བྱས་ཡོད་ཚུལ་ཀྱང་ཐོས། ལྷག་པར་མི་ལོ་སུམ་སྟོང་ལྷག་གི་སྔོན་ནས་བཟུང་སྨུག་པོ་ལྡོང་གི་རིགས་རུས་མདོ་ཁམས་སྒང་དྲུག་ཏུ་འཚོ་ཞིང་གནས་པར་བཤད་ཡོད་པ་ལྟར་དང་། གནའ་དུས་ཞང་བོད་ཀྱི་ཡབ་འབངས་རུས་དྲུག་གི་གྲས་ཁྱུང་པོ་དཀར་ནག་སེར་གསུམ་གྱི་མི་རྒྱུད་ཀྱང་འདིའི་ཕྱོགས་དར་ཁྱབ་བྱུང་བའི་ལོ་རྒྱུས་ཡོད་པས་མཚོན། མ་འོངས་བར་མུ་མཐུད་ཚན་རིག་ལ་བརྟེན་ནས་མིའི་འགྲོ་བ་དར་འཕེལ་གྱི་བྱུང་བ་དངོས་ཀྱི་གསང་བ་རྟོལ་ཏེ་བདེན་དཔང་ཇེ་གསལ་དུ་འགྱུར་ངེས་པ་རེད། དེང་སང་མདོ་སྟོད་ནང་ཆེན་ཕྱོགས་ཀྱི་རུས་རྒྱུད་དག་གི་ཁུངས་གཏུགས་ས་གཙོ་བ་ནི། སྒ འབྲུ དབྲ། ལྡོང། འབྲི། ཁྱུང་པོ། ལྡན། སྐྱུར། རླངས། འབྲོང་སོགས་ཡིན་ལ། རིགས་རུས་ ཀྱི་ལོ་རྒྱུས་འཚོལ་རྟོག་བྱས་པ་ལྟར་ན་མི་རྒྱུད་མང་པོ་ཞིག་གནས་སྡོད་བྱེད་སའི་ས་གནས་དང་། ལས་རིགས། ལག་རྩལ། ངག་རྒྱུན་སོགས་ལ་བརྟེན་ནས་འགྱུར་བ་བྱུང་ཞིང་། འཕེལ་བས་རུས་རྒྱུད་དངོས་ཀྱི་ལོ་རྒྱུས་ཁུངས་དག་པ་ཞིག་ནི་མང་ཕལ་ཆེར་དག་ལ་བརྗོད་རྒྱུ་མེད་པར་སྣང། ཡང་ཞིབ་ཏུ་བརྟག་ན་དེང་སང་གི་རུས་རྒྱུད་ཉུང་ཤས་ཞིག་ལ་ནི་ཁ་གསལ་ཞིང་། དངོས་ཡོད་ཀྱི་ལོ་རྒྱུས་ཁུངས་དག་པ་རེའང་ལྷ་སྒྲུང་དང་། ངག་རྒྱུན་ཁོ་ན་ཙམ་མིན་པའི་སྔོན་གྱི་ཡིག་རྙིང་ཁག་ཏུ་འཚོལ་ཉུག་བྱེད་རྒྱུ་འདུག་གོ ། དེ་ཙམ་གྱིས་ཁམས་ནང་ཆེན་གྱི་ཡུལ་སྲོལ་གོམས་གཤིས་སོགས་མདོ་ཙམ་སྨོས་པ་སྟེ་ཞིབ་པར་གསན་འདོད་ན《ཁམས་སྟོད་ལོ་རྒྱུས》ཀྱི་སྟོད་ཆར་ཅུང་ཞིབ་རྒྱས་སུ་སྣང་བས་དེར་གཟིགས་ཆོག བྱེ་བྲག་གི་ལོ་རྒྱུས་དེང་སང་སོ་སོས་བདེན་ལ་རྫུན་པ་མང་པོ་འབྲི་བཞིན་འདུག་པ་དེ་ཚོ་ལས་ཤེས་སོ། །


བཅུ། འཕྲོས་དོན་དང་རེ་བ་ཐུང་ངུ་བཅས་མཇུག་བསྡུ་བ།

དེ་ལྟར་མདོ་སྟོད་མི་ཡི་ཆོལ་ཁ་ཁམས་ནང་ཆེན་རྒྱལ་ཁམས་ཀྱི་རྗེ་བློན་འབངས་གསུམ་གྱི་བྱུང་བ་ཉུང་བསྡུས་ཙམ་ཞིག་བརྗོད་ཟིན་ནས། ད་ནི་འཕྲོ་དོན་དང་རེ་བ་ཐུང་ངུ་བཅས་མཇུག་བསྡུ་བ་ལ། སྤྱིར་ཡུལ་ཁམས་འདིར་མིང་དུ་གྲགས་པའི་གནས་ཆེན་རྒྱ་ནག་མ་ཎི་དང་། འཇའ་དམར་མ་ཎི། རྟ་རྣ། སྐྱོ་བྲག ལོ་རྒྱུས་ཧ་ཅང་རིང་བའི་འབིས་ཀྱི་དབེན་བྲག་དཀར་པོ། སྟག་མགོའི་སངས་རྒྱས་རིང་བསྲེལ། ཐང་བོད་གནའ་ལམ། སྐུ་འབུམ་གྱི་རྒྱལ་ས། རྫ་མེར་ཆེན་སོགས་གནས་ཆེན་གནའ་ཤུལ་ཁག་དང་། ཆུ་བོ་རྨ་འབྲི་རྗ་གསུམ་གྱི་འགོ་ཁུངས། ཨ་ཆེན་གངས་ལ། རྔམ་བརྗིད་ལྡན་པའི་རི་བོ་རྡོ་ཏི་གངས་དཀར། ནང་ཆེན་རྒྱལ་རབས་རིམ་བྱོན་གྱི་མཆོད་པའི་སྐུ་ལྷ་རྒྱལ་ཆེན་བཅོ་བརྒྱད་སོགས་རི་བྲག་དང་། ནགས་ཚལ། མཛེས་ལྗོངས། རི་སྐྱེས་སྲོག་ཆགས་འདྲ་མིན། དབྱར་རྩ་དགུན་འབུ། གངས་ལྷ་མེ་ཏོག་སོགས་ཐོན་སྐྱེད་ཧ་ཅང་ལེགས་པར་མ་ཟད། སྐྱེ་དངོས་དོ་མཉམ་ཞིང་སྣོད་བཅུད་ཕུན་སུམ་ཚོགས་པས་རྒྱལ་ཕྱི་ནང་གི་ཡུལ་སྐོར་ལྗོངས་རྒྱུའི་ཡིད་སྨོན་གཏོད་སའི་གཞིར་གྱུར་པ་དང་། མ་འོངས་བར་ཡུལ་སྐོར་ལྗོངས་རྒྱུའི་ཞིང་ཁམས་སུ་འགྱུར་བཞིན་པ་སོགས་ཞོར་ལས་བྱུང་བའི་ད་ལྟའི་འགྱུར་འགྲོས་ཀྱི་སྐད་ཆའོ། ། གཞན་ཡང་སྔོན་ནས་གྲགས་པའི་ཐ་སྙད་སྒ་བ་རིན་ཆེན་ཚོ་དྲུག རག་ཤུལ་མ་ལག་བཅོ་བརྒྱད། སྒ་སྟོད་ཨ་ཁྲོ་ཚོ་བདུན། ཡུལ་ཤུལ་ལིང་ཚེ་བཅུ་གཉིས། གཡག་ར་ཕ་ཤོག་བཅོ་བརྒྱད། ཉ་མཚོའི་ཕ་སྡེ་ཚོ་དྲུག ལྗང་སྲིབ་བེ་ཧུ་ཤོག་གཉིས། བྱང་རིགས་རྒྱ་སྡེ་ཁག་གསུམ། དགེ་རྒྱལ་སྟོད་སྨད་བར་གསུམ། འབྲོང་པ་བྱ་རོང་ཤོག་བཞི་སོགས་གྲངས་འདྲེན་དུ་ཡོད་པ་དེ་ཚོ་ནི་གོང་ནས་བཤད་པ་ལྟར་ནང་ཆེན་ཕྱི་ནང་གི་སྡེ་བ་ལས་གཞན་དུ་མ་མཆིས་ལ། དེ་དུས་ཀྱི་ས་ཁྱོན་ཡོངས་རྫོགས་ལ་ད་ལྟའི་ཡུལ་ཤུལ་ཁུལ་གྱི་ས་རྒྱ་ལས་ཀྱང་ཆེ་བ་ཡོད་པ་དང་། དེ་རྗེས་ཀྱི་ས་མུ་ཆོད་མཚམས་དང་། ཁྲལ་འུ་ལག ཚུགས་སོའི་སྐྱེལ་འདྲེན་གྱི་ས་ཚུགས་སོགས་ཞིབ་ཕྲ་ཡོད་འདུག་ཀྱང་ཕྲན་མཐོང་ཐོས་ཀྱི་ཁབ་མིག་དོག་པ་དང་དཔྱད་གཞིའི་ཡིག་ཆ་ཉུང་བའི་དབང་གིས་འདིར་དེ་ཙམ་ལས་སྨྲ་བའི་བློ་གྲོས་ཀྱི་རྩལ་ཞན་པར་གྱུར་ལ། མ་འོངས་ལོ་རྒྱུས་ལ་མཐོང་ཆེན་གྱི་བསམ་བློ་མངའ་ཞིང་། མཁྱེན་དཔྱོད་ལྡན་པའི་མི་བུ་དག་གིས་འདི་ཙམ་ཞེས་ཆོག་ཤེས་མི་འཛིན་པར་མཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ནི། འོས་བབས་ཀྱི་འགན་འཁྲི་ཡིན་ཕྱིར་ཇི་མི་སྙམ་པས་འདོར་བར་མི་རིགས་ཞེས་ཞོར་ལས་ཐལ་ལོ། ། སྨྲས་པ། མི་ཆོས་གཙང་མའི་ལུགས་བཟང་སྐྱོང་ལ་མཁྱེན་པའི་རྩལ་རྫོགས་མི་རྗེ་མངའ་བདག་ལྷ་ཡི་ སྲས། ། ཕྱོཊ་ཀྱི་དྲེཊ་ལྡན་ཐབས་ཀྱིས་འདུལ་བའི་གཅིག་ལས་གཅིག་ལྷག་མཁས་མཛངས་འཕྲུལ་བློན་མདུན་ན་འདོན། ། ཡ་རབས་མི་ཆོས་གཙང་མའི་ཁྲིམས་ལྡན་མངའ་ཐང་དར་རྒྱས་བདེ་སྐྱིད་འཁོར་འབངས་མཐའ་ནས་རྒྱས། ། གངས་ལྗོངས་མདོ་སྟོད་ནང་ཆེན་ཞིང་གི་རྗེ་བློན་འབངས་ཀྱི་བྱུང་བ་ངོ་མཚར་ ཨེ་མ་ཧོ། ། འདི་ན་ལོ་ཆུང་སེའུ་ལྔ་པས་མཐའ་བྲལ་ཚད་ནི་བཟུང་བ་བཞིན། ། བདག་བློ་རབ་ཏུ་རྨོངས་པར་གྱུར་འདིས་འདི་དང་འདི་ག་ཙམ་ཞིག་ཅེས། ། སྔོན་བྱོན་རྗེ་བློན་འབངས་ཀྱི་བྱུང་བ་ངོ་མཚར་གཏིང་ཟབ་རྒྱ་ཆེ་བ། ། མེ་ལོང་ནང་གི་གཟུཊ་བརྙན་ཇི་བཞིན་ཐམས་ཅད་དཔོག་པར་ག་ལ་འགྱུར། ། འོན་ཀྱང་ལྷད་མེད་ལྷག་པའི་བསམ་པ་ཁ་བ་དུང་རི་ལྟར་དཀར་བས། ། ཕྱོཊ་འདིའི་སྔོན་བྱུང་གཏམ་གྱི་ལོ་རྒྱུས་ཁུང་ལྡན་ཡིག་ཚང་ལས་བཏུས་ཏེ། ། མདོ་ཙམ་བརྗོད་འདི་མཁས་འདོད་རྒྱུ་ཡི་བྱ་དགའ་བསམ་ནས་བྲིས་མིན་པར། ། ལོ་རྒྱུས་འཚོལ་རྟོག་གསར་བུ་དག་ལ་ཅུང་ཟད་ཕན་སྙམ་ངལ་བ་བྱས། ། མཐོང་ཐོས་རྒྱ་ཆུང་ཤེས་རབ་ཞན་པའི་མཐུས། ། ལོག་རྟོག་འཁྲུལ་བའི་དྲི་མ་མཆིས་སྲིད་པས། ། མཁྱེན་ལྡན་གཟུར་གནས་རིག་པར་ལྡན་རྣམས་ཀྱིས། ། ནོར་བའི་སྐྱོན་ཀུན་སེལ་བའི་དཔང་པོ་མཛོད། ། ཀྱེ་མ་མི་བརྟན་དུས་ཀྱི་འགྱུར་འགྲོས་ཀྱིས། ། སྔོན་བྱུང་འདས་པའི་གཏམ་གྱི་ལྷུན་པོ་ལ། ། མི་བདེན་རྫུན་གྱི་སྨུག་པས་སྒྲིབ་པའི་ཚེ། ། ལོ་རྒྱུས་རང་མདངས་ངོ་མ་ཇི་ལྟར་མཐོང་། ། ལྷ་སྒྲུང་སྒྲོག་གིས་བཅིངས་པའི་དེབ་ཐེར་དང་། ། འུད་བསྟོད་རྫུན་གྱིས་སྒྲིབ་པའི་ཆོས་འབྱུང་དང་། ། ངག་སྒྲོས་བཙན་གྱིས་བསྒྲིཊ་པའི་ལོ་རྒྱུས་སོཊ། ། རྫུན་མའི་ལོ་རྒྱུས་འགའ་ཞིག་ཆེ་ཆེར་འཛིན། ། སྔོན་བྱུང་འདས་པའི་ལོ་རྒྱུས་བེམ་པོ་ལ། ། ལོ་ཚིགས་སྲོག་གི་དབང་པོ་མ་ཞུགས་ཤིང་། ། དྲང་པོའི་དབུགས་ཀྱི་རྒྱུ་བ་ཆད་པ་ཡི། ། ཕྱོགས་ལྷུང་རུལ་དྲི་འཐུལ་བའི་ལོ་རྒྱུས་མང་། ། དེ་སླད་དམ་པའི་གསུང་ལས་བསགས་པའི་ཁུངས་ལྡན་ལོ་རྒྱུས་དུམ་བུ་འདི། ། ཕྱོཊ་འདིར་འཇུག་པའི་བློ་གསལ་སྒེག་ལྡན་རྣམ་དཔྱོད་མདོངས་བཀྲ་ཅན་རྣམས་ཀྱི། ། དཔྱིད་དུ་འགྱུར་ཕྱིར་བདེན་པས་བསྒྲགས་པའི་གཡུལ་རྒྱལ་ལྷ་ཡི་རྔ་སྒྲ་སྟེ། ། ཕྱོགས་ལྷུང་ཅན་གྱི་རྣ་བར་གཟན་ཀྱང་གཟུར་གནས་ཡིད་ཀྱི་བདུད་རྩི་ཡིན། ། མི་ཆོས་རྩ་བའི་རྒྱུན་ཤེས་དང་མཐུན་པའི། ། ཕ་མེས་ཡུལ་སྲོལ་གོམས་གཤིས་ཆ་ལུཊ་སོགས། ། འཛིན་སྐྱོང་བྱེད་པར་སྔོན་འདས་ལོ་རྒྱུས་ལ། ། ཕྱིར་མིག་འཚོལ་རྟོག་བྱེད་པ་ཤིན་ཏུ་གལ། ། མེས་པོའི་ཟུང་ཁྲག་ཐིག་པ་སྙིང་ཁོང་དུ། ། འཁྱིལ་བའི་བོད་ཕྲུག་བློ་གྲོས་ལྡན་པ་ཀུན། ། འདས་སོང་གཏམ་གྱི་ལེཊ་བཤད་མཁྱེན་འདོད་ན། ། རྒྱལ་རབས་ལོ་རྒྱུས་འདི་ལ་ལན་གཅིག་གཟིགས། ། དྲི་མེད་ཟླ་ཤེལ་ལྷུན་པོའི་གཟི་མདངས་ཀྱིས། ། འཁྱུད་པའི་ལྷག་བསམ་གཙང་མའི་བློ་གྲོས་ཀྱིས། ། རང་ཡུལ་མི་ཡི་ཆོལ་ཁའི་རྒྱལ་འབངས་ལ། ། ནུས་པའི་སྲི་ཞུ་ཅུང་ཟད་བདག་གིས་བགྱིས། ། མདོ་སྟོད་ནོར་འཛིན་དཔྱིད་ཀྱི་དཔལ་མོ་འདིར། ། གདུག་རྩུབ་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། ། མི་ཆོས་གཙང་མའི་ལུཊ་བཟང་རྒྱུན་བསྐྱངས་ནས། །

སླར་ཡང་རྗོགས་ལྡན་དཔལ་གྱིས་འཚོ་བར་ཤོག  །

ཅེས་མདོ་སྟོད་མི་ཡི་ཆོལ་ཁ་ཁམས་སྒོམ་སྡེ་ནང་ཆེན་པའི་རྒྱལ་རབས་འདི་ནི་ཕྱོགས་འདིའི་ལོ་རྒྱུས་ལ་འཚོལ་རྟོག་བྱེད་མཁན་གསར་བུ་དག་ལ་ཕན་དུ་རེ་ནས། སེར་རྩ.ཟླ་བ་བཟང་པོའམ་སྨྱུག་མིང་ལ་ཁམས་འཛུམ་གྲོལ་དུ་འབོད་པས་མི་ལོ་དུ་མར་ལོ་རྒྱུས་ཡིག་ཆ་མང་པོར་ལྟ་ཀློག་དང་དཔྱད་གཞིག་བྱས་སྟེ་རྣམ་འགྱུར་ཅེས་པ(༢༠༡༡)ལྕགས་ཕོ་སྟག་གི་ལོའི་བོད་ཟླ༦པའི་ཚེས༡༥ནས་འགོ་བརྩམས་ཏེ(༢༠༡༢)ལྕགས་མོ་ཡོས་ཀྱི་ལོའི་ཟླ༩པའི་ཚེས༢༢བཟང་པོར་གྲུབ་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །སླར༢༠༡༥ལོར་སྣོན་འཕྲི་དང་དག་བཅོས་ཅུང་ཟད་བགྱིས་པའོ། །