དཔྱིད་དཔལ།

ཡོང་ཁུངས་Wikipedia

སིལ་ཞིང་འཇམ་པའི་རླུང་པོ་དེས།

གཉིད་དུ་ཡུར་བའི་ས་གཞི་དེ་མལ་ལས་དཀྲོག་ཞིང་།

གཏིང་འཛིན་དུ་ཡོད་པའི་རྩེ་ཤིང་ལྗོན་པ་རྒྱས་སུ་བཅུག

དེ་ཙ་ན།

ས་གཞི་དེར་གྲང་རེག་གི་སྡུག་བསྔལ་མེད་ལ།

འཁྱགས་རོམ་གྱི་བཙན་གཤེས་མེད།

ས་གཞི་དེས་འཐུག་ཞིང་གྲང་བའི་ཁ་བའི་ལྭ་བ་ཕར་ལ་གཡུག་ནས།

མཛེས་པས་རྒྱན་པའི་སྔོན་ལྗང་གི་ལྭ་བ་ཚུར་ལ་གྱོན།

མི་རྣམས་ཀྱི་སེམས་ལ་རེ་བ་དང་ཡིད་ཆེད་ཀྱིས་ཁེངས་ཞིང་།

བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལས་ལ་བཞུགས།

དབྱར་སྐྱེས་རྔར་སྒྲ་ཡང་མི་རྣམས་ལ་མགྲན་དུ་འདོད་ནས་འུར་འུར་དུ་སྒྲོག

མི་རྣམས་ལ་མགྲན་རྩོད་ཀྱིས་སྤོབས་པས་ཁེངས་ཤིང་།

ཡིད་ཆེད་ཀྱི་སྤྲོ་བས་ཉོས་སྟབས།

ལས་གླུ་ལེན།

གར་ལ་རོལ།

སུམ་རྩེན་ཡུལ་དུའང་འཇིགས་སྣང་གིས།

དཔྲལ་བའི་རྔུལ་ཆུ་དབང་མེད་དུ་ས་གཞིའི་སྟེང་ཤོར།

དཔྱིོད་དཔལ།

ཁྱེད་ནི་མི་རྣམས་ཀྱི་སེམས་ཤུགས་ཀྱི་རྩ་བ་ཡིན་ལ།

ཁྱེད་ནི་མི་རྣམས་ཀྱི་འབྲས་བུའི་ས་བོན་ཀྱང་ཡིན།

དཔྱིད་དཔལ།

ཁྱེད་ནི་རིན་པ་མཇལ་དུ་བྲལ་བའི་ནོར་འཛིན་གྱི་རྒྱན་ཆའང་རེད།

ཁྱེད་ནི་འཁྱགས་རོམ་བཞུར་དུ་ཐུབ་པའི་ཚ་གཟེར་གྱི་འབར་མེ་ཡང་རེད།