དཔལ་འབར་ཉི་ཤར་དགོན།

ཡོང་ཁུངས་Wikipedia

ཉི་ཤར་དགོན་པ་ནི།

Banbar County, 边坝县;

བོད་ལྗོངས་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་མཚོ་ཁ་ཤང་ལ་ཐོག་གྲོང་ན་ཡོད་ཅིང། སྤྱི་ལོ་དུས་རབ་བཅུ་དགུ་པའི་སྐབས་སུ་ཉི་ཤར་སྤྲུལ་སྐུ་འམ། ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དང་པོ་ཀརྨ་འོད་གསལ་རང་གྲོལ་ནས་ཕྱག་བཏབས། དམ་པ་འདི་ཉིད་ནི། འབྲུག་གསང་སྔགས་ཆོས་འཁོར་གླིང་དུ་སྐུ་འཁྲུངས་ནས། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་མཛད་ཅིང་། མཐར་ཨོ་རྒྱན་ཆེན་པོ་ཞལ་གཟིགས་ནས་འགྲོ་དོན་བོད་དུ་ཡོད་པ་ལུང་བསྟན་པ་ལྟར། ཆིབས་ཞབས་སུ། དབྲོང་ཤོད་སྤྲུལ་སྐུ་དང་། རྒྱལ་བློ་སྤྲུལ་སྐུ་འཁྲིད་ནས་ཕེབས་མཐར་སྟར་རྫོང་ཁོངས་སུ་འབྱོར་། དེ་ནས་གཏེར་ཆེན་ཉི་སྤྲུལ་ལྔ་པ་བསྟན་འཛིན་འཕྲིན་ལས་དབང་ཕྱུག་དང་མཇལ་ཞིང་། ཕན་ཚུན་དབང་རྒྱུན་བཞེས་རེས་སོགས་མཛད་ནས། དགོན་འདིས་ནང་ལའང་། ཉི་གྲགས་ཆོས་བསྐོར་གཙོ་བོར་ཆགས་པ་འདྲ། གཞན་ཡང་དམ་པ་འདིའི་ཞལ་སློབ་དུ་གྱུར་པ། དཔལ་འབར་སྤྲུལ་སྐུ་དང་ཐུག་སྲས། རྒྱ་སྟོན་སྟོན་སྤྲུལ་སྐུ་ལ་སོགས་བསྟན་འཛིན་སྐྱེས་བུ་མི་ཉུང་བ་ཡོད་འདུག། རྒྱས་པ་ཤར་སྤྲུལ་རིན་པོ་ཆེས་འཁྲུངས་རབས་ལས་གསལ། སྐུ་འཕྲེང་གཉིས་པ་ཤར་སྤྲུལ་རིན་པོ་ཆེ་ཨོ་རྒྱན་གར་དབང་རྒྱ་མཚོ་མཆོག་༡༩༥༩ སྐུ་སྲོག་ཤོར།

སྐུ་འཕྲེང་གསུམ་པ་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ། བོད་ལྗོངས་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་སྲ་སྟེང་ཤང་། རྐེ་ཉིན་གྲོང་བྱིའུ་ཚང་ནང་ལ་སྐུ་འཁྲུངས་ཤིང་། ༧གོང་ས་མཆོག་དང་། གྲུབ་དབང་པད་ནོར་རིན་པོ་ཆེ་རྣམ་གཉིས་ནས་ངོས་འཛིན་གནང་ཞིང་། ད་ལྟ་རྒྱ་གར་ཅོན་ཏ་ར་ལ། ཉི་གྲགས་དགོན་ཕྱག་བཏབས་ཤིང། རྒྱལ་ཁབ་མི་འདྲ་བ་བཅོ་བརྒྱད་ཙམ་ལ་ཆོས་ཚོགས་ཡོད་འདུག།

ཉི་ཤར་དགོན་ནི། སྲིད་གཞུང་ནས་མཆོག་མཆན་མ་ཐོབ་པར་བརྟེན། ཉི་ཤར་སྤྲུལ་སྐུའི་རིན་པོ་ཆེ། དམ་ཆོས་རྒྱ་མཚོ་མཆོག་མཛད་ཕྲིན་རྒྱ་གར་དང་བལ་ཡུལ་ལ་སྐྱོང་བ་དང་། རིན་པོ་ཆེ་བོད་ལ་ཕེབས་རྒྱུར་མཆོག་མཆན་ཐོབ་མིན་ཀྱིས་འགོག་རྐྱེན་སྣ་ཚོགས་འཕྲད་བཞིན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་མཐུས། ། ད་དུང་ཉམས་གསོ་གང་ཡང་མ་གྲུབ་པ་ལྷག་བསྡད་ཡོད།