ཇོར་རྒ་ཨེ་བ་ན་སི་ཁད་ཐེ།

From Wikipedia

ཇོར་རྒ་ཨེ་བ་ན་སི་ཁད་ཐེ (Jurga Ivanauskaitė) 1961ལོའི་ཟླ༡༡པའི་ཚེས14ལ་འཁྲུངས། ལྦེ་ནི་སུ་ནི། ལེ་སུ་ནི་ཡྰ་རུ་སྐུ་འཁྲུངས། ཁོ་མོ་ལེ་སུ་ནི་ཡྰ་སྐད་ཀྱི་རྩོམ་པ་པོ་ཞིག་ཡིན།ལྦེ་ནི་སུ་ནི་སྒྱུ་རྩལ་སློབ་གླིང་ནས་མཐར་ཕྱིན་ཤིང་། མོའི་ཐོག་མའི་བརྩམས་ཆོས་ནི་The Year of the Lilies of the Valleyཟེར་བ་དེ་ཡིན་ལ། 1985ལོར་པར་དུ་བསྐྲུན། དེའི་རྗེས་མོས་བསྟུད་མར་བརྩམས་སྒྲུང་དྲུག་དང་བྱིས་པའི་དེབ་ཅིག་དང་དཔྱད་རྩོམ་གྱི་དཔེ་དེབ་གཅིག་བཅས་སྤེལ། མོའི་བརྩམས་ཆོས་དབྱིན་སྐད། ལ་ཐེན་ལྦན། ཕོལ་ན་སྐད། ཨུ་རུ་སི། འཇར་མན། ད་དུང་སི་ལྦེ་སྡེ་དག་གི་སྐད་རུ་བསྒྱུར་མྱོང་ལ། ཁོ་མོ་ཤར་ཕྱོགས་ལ་ཐེངས་གཅིག་ཕེབས་རྗེས། མོ་བོད་དོན་ལ་འབད་བརྩོན་བྱེད་མཁན་ཅན་ཞིག་གྱུར། དགུང་ལོ45སྟེང་སྐྲན་ནད་ཤིག་རྐྱེན་བྱས་ནས་ཚེ་ལས་འདས་ནསAntakalnis དུར་ཁྲོད་དུ་ཕུང་པོ་སྦས་ཡོད།

[རྩོམ་སྒྲིག] ཕྱི་ཕྱོགས་དྲ་མཐུད།