ཆང་

ཡོང་ཁུངས་Wikipedia
ནས་ཆང་།

ཆང་ནི་སྤྱིར་འབྲུ་རིགས་ནས་ལས་བཟོས་པའི་ཞིག་ཡིན། དེ་ཡང་ནས་ཆང་ཞེས་བརྗོད། ཡིན་ཡང་ཆང་ཡིན་ཚད་ནས་ལས་བཟོས་པའི་ངེས་པ་མཐའ་གཅིག་ཏུ་གཏན་ནས་མེད། ནས་དང་གྲོ་མཉམ་བསྲེས་ནས་ཆང་བཟོ་མཁན་ཡང་ཡོད། ཆང་ནི་བོད་མིའི་འཚོ་བའི་ནང་མེད་དུ་མི་རུང་བའི་བཟའ་ཆས་གཙོ་གྲས་ཤིག་རེད། དེ་ལ་ལོ་རྒྱུས་ཡུན་རིང་ལྡན་ལ་བོད་རང་གི་ལག་རྩལ་ལས་བྱུང་བ་ཞིག་རེད།

File:ནས་ཆང་གི་རྒྱུ་ཆ་དགུན་ནས།.jpg
དགུན་ནས།

ཆང་གི་ལོ་རྒྱུས་མདོར་བསྡུས།[རྩོམ་སྒྲིག]

བོད་མིའི་བོད་ཆང་འཐུང་བའི་གོམས་སྲོལ་དེ་བོད་ལ་དར་ནས་ད་བར་ལ་དུས་ཡུན་རིང་པོ་ཞིག་ཕྱིན་ཡོད། དེའང་《ཇ་མང་ལྷ་མོའི་བསྟན་བཅོས་》ལས། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཕོ་བྲང་ཡུམ་བུར་མངའ་གསོལ་བའི་སྐབས་དང་། གཞན་ཡང་ཆོས་རྒྱལ་བྱང་ཆུབ་སེམས་པ་རིམ་བྱོན་ཚང་མས་བདེ་ལྡན་བདུད་རྩིའི་སྐྱེམས་འདིར་གཙིགས་མཛད་པའི་ལོ་རྒྱུས་མང་ཞིང་། ཁྱད་པར་མཚུངས་མེད་སྲོང་བཙན་རྗེའི་འཁྲུང་སྣོད་མིང་ཅན་ཡང་ནང་རྟེན་དུ་བཞུགས་པ། དེའི་ཐོག་ནས་ཆང་འཐུང་བའི་སྲོལ་དར་ནས་ལོ་རྒྱུས་རིང་པོ་ཕྱིན་ཡོད་པ་གསལ་རྟོགས་ཐུབ། ཆང་དུས་ཇི་ཙམ་ལ་བྱུང་མིན་ཐད་ཚིག་ཟིན་དུ་འཁོད་པའི་ཡིག་ཆ་ཁ་གསལ་ཞིག་ཁོ་བོས་ལག་སོན་མ་བྱུང་བས་འདིར་ཐར་ཐོར་དུ་གནས་པའི་ཆང་གི་བཤད་པའི་སྐོར་ལ་ཕྱིར་འདང་ཞིག་རྒྱབ་ན། ཁ་ཅིག་གིས་རྒྱ་བཟའ་གོང་ཇོ་བོད་དུ་ཕེབས་རྗེས་བོད་དུ་ཆང་གི་ལག་རྩལ་དར་བའི་སྐོར་གླེང་བ་ལ་ཁོ་བོ་ནི་མི་འདོད་དེ།དེའི་ཐད་ད་ཡོད་ཡིག་རྙིང་ཁུངས་ལྡན་པ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་ཁྱུང་པོ་སྤུང་སད་ཟུ་ཙེས་བཙན་པོ་ཁྲིར་འཁོད་མ་ཐག་ཏུ་གཡོ་སྒྱུའི་སྦྱོར་བས་གསོལ་བར།“བདག་གི་སྡུམ་པ་ཁྲི་བོམ་སུ།དགྱེས་སྐྱེམས་སྟོན་མོ་གསོལ་དུ་ཇི་གནང་ཞེས་གསོལ་ནས།བཙན་པོས་སྤུང་སད་གསོལ་བ་བཞིན་གནང་སྟེ”ཞེས་དང་ཡང་བཙན་པོ་དང་བློན་པོ་འགའ་བྲོ་བོར་སྐབས་བཙན་པོས་ཆང་སྟོན་གཤོམ་དགོས་པའི་བཀའ་བསྩལ་བ་ནི།“ལ་མོ་ཆག་པ་སྦྲུམ་དུ། རྩང་ཕྱེད་པུབ་སྟེ། པྱག་ཐབ་གསོལ་ཏོ”②ཞེས་པར་བསམ་ཚེ་ཀོང་ཇོ་ནི་བཙན་པོ་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་པའི་དབང་དུ་བཏང་ན་སྤྱི་ལོ་༦༤༡ལོར་བོད་དུ་ཕེབས་ལ།བཙན་པོ་དང་ལོ་གསུམ་ཙམ་ལས་བཤོས་ཡུན་མ་བྱུང་བ་སོགས་ཐང་ཡིག་ནང་དུའང་གསལ་བས་ཀོང་ཇོ་མ་ཕེབས་གོང་དུ་བོད་ལའང་ཆང་བསྙལ་བའི་ལག་རྩལ་དར་ཡོད་པ་ནི་བློ་ལྡན་རྣམས་ཀྱིས་རང་ཤུགས་སུ་རྟོགས་ཐུབ། ཆང་གི་བྱུང་བའི་ཐད་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང《བོན་གྱི་གནའ་དཔེ་བདམས་བསྒྲིགས་》ཞེས་པའི་ནང་གི་གསར་སྐྱེམས་ཀྱི་རབ་ལས་“ཆང་གི་མེས་པོ་བའ། ། གནམ་འཁུན་དྀང་བས་བགྱི།།ཆང་གི་ཕྱི་མོ་བ་ས་ཁུན་དྀང་བས་བགྱི།། ཕ་དང་ཡབ་གྱི་མཚན་ལྷ་ཆུ་རྔམ་བས་བགྱི།།མ་དང་ཡུམ་གྱི་མཚན།། རྨུ་ཆུ་དྀང་བས་བགྱི།།བཤོས་དང་ནམས་ཀྱི་སྲས།།ཆང་སྲས་མཆེད”③ཅེས་དང་།《ཇ་ཆང་ལྷ་མོའི་བསྟན་བཅོས་》ལས“ང་བདེ་ལྡན་བདུད་བརྩི་མ་དཀར་མོ་ནས་དང་།ཇོ་ཇོ་རིན་ཆེན་རྩམ་པ་ཡིན་ཐོམ་གྱེ་ཁྱོད་ཀྱིས་མ་ཤེས་ན་མ་གཏོགས་གཞན་དག་ཐམས་ཅད་ཀྱིས་མཁྱེན་སྤྱོད་དེ་ག་ལ་ཡིན”④ཞེས་དང་ཡང་བོད་པའི་ཅང་གཞས་ཀྱི་གཞས་ཚིག་ཏུ་ཡང་།“དཀར་མོ་ནས་ལས་བཙོས་པའི།།ཞིམ་པོའི་མཆོད་ཆང་མངར་མོ།།ཧོབ་སྟེ་བལྟས་པ་ཙམ་གྱིས།།སེམས་ཀྱི་སྡུག་བསྔལ་བསངས་སོང།།”ཞེས་པ་དག་ལས་བོད་པ་རང་གི་ངལ་རྩོལ་གྱི་བརྒྱུད་རིམ་ནང་ཆང་གསར་རྙེད་བྱུང་བ་དང་ཕྱིས་འབྱུང་མི་རིགས་གཞན་དང་འབྲེལ་འདྲིས་བྱེད་པའི་ཁྲོད་རྒུན་ཆང་དང་འབྲས་ཆང་སོགས་ཀྱི་ཆང་རིགས་བསྙལ་བའི་ལག་རྩལ་རྒྱ་ཁྱབ་བྱུང་བར་སེམས། དམངས་ཁྲོད་དུ་ཆང་ཕབ་ཀྱི་ཕྱི་མོ་ནི་འཕར་བའི་ལྕེ་དང་སྤྱང་ཀིའི་སྙིང་།བེའུ་རློན་གྱི་ཚིགས་རྡོག་བཅས་སྡེབ་སྦྱོར་བྱས་པ་ལས་བྱུང་བ་རེད་ཅེས་ཤོད་སྲོལ་ཡོད་ལ།དེར་ཡང་རྒྱུ་མཚན་གཏན་ནས་མེད་པ་མ་ཡིན་ཏེ།འཕར་བའི་ལྕེ་བསྡེབས་པས་ཆང་བཏུང་རྗེས་ཅ་ཅོ་མང་བའི་འཕར་བའི་གཤིས་ཀ་དེ་ལས་བྱུང་ལ།སྤྱང་ཀིའི་སྗིང་འདྲེས་པ་ལས་སྙིང་རྩ་རབ་ཏུ་རྒྱས་ནས་སྤྱང་ཀི་ཤོར་བ་ལྟ་བུའི་ལམ་ལ་ཞུགས་པ་དང་།བེའུ་ཚིག་རྡོག་རྫས་སུ་སྦྱར་བས་ཆང་བཏུང་རྗེས་བེའུ་རློན་བཞིན་དུ་ཁྱར་རེ་ཁྱོར་རེའི་ངང་འགྲོ་བ་སོགས་ཀྱི་ཉེས་སྐྱོན་དག་བྱུང་བ་ཡིན་ལ།འོ་ན་དེང་དུས་ཀྱི་ཕབ་ལ་དེ་འདྲའི་རྫས་སྦྱོར་སྲོལ་མེད་པས་ནུས་པ་འདི་འདྲ་གང་ནས་བྱུང་སྙམ་ན།ཕབས་ཀྱི་ཨ་མ་དེ་ཕྱིས་སུ་ཕབས་བསྙལ་དུས་རྫས་སུ་སྦྱར་བས་ཕབས་ལ་ཕབས་སྦྱོར་བའི་རྫས་རྒྱུན་ལས་དེའི་ནུས་པ་བྱུང་ཞེས་པའི་ཤོད་རྒྱུན་དག་ལས་ཀྱང་ཆང་ནི་བཙན་པོའི་དུས་ནས་བོད་པ་རྣམས་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་དུ་གསར་རྙེད་ཅིང་ལོངས་སུ་སྤྱོད་པ་ནི་ལུང་རིགས་ཅི་ཐད་ནས་བསྒྲུབས་ཐུབ།

ཆང་གི་བཟོ་རྩལ།[རྩོམ་སྒྲིག]

  1. དགུན་ནས་ལེགས་པར་དཀྲུས་ནས་སྣོད་ཆེ་ཙམ་ཞིག་གི་ནང་དུ་ཆུ་དང་མཉམ་དུ་བླུགས་དགོས།
  2. མེ་ཚ་ཙམ་བཏང་ནས་ལེགས་པར་བཙོས་དགོས། ཆུ་ཚང་མ་སྐམ་པའི་སྐབས་ནས་ཀྱང་ཚོས་ཀྱི་རེད། དེ་ནས་ནས་མ་འཚིགས་གོང་ལ་སྣོད་མེ་སྟེང་ནས་ཕབ་དགོས།
  3. ཚོས་ཟིན་པའི་ནས་རྣམས་རང་ཡང་ན་འགྱིག་སྣོད་སྟེང་བཀྲམ་ནས་གྲངས་སངས་གཏོང་དགོས།
  4. ཏོག་ཙམ་གྲང་མོ་ཆགས་སྐབས་ཆང་རྩི་ཞིབ་ཞིབ་བཟོས་ནས་དེའི་སྟེང་དུ་གཏོར་དགོས། ཆང་རྩིའི་མང་ཉུང་ཡང་ཉམས་མྱོང་ལ་བརྟེན་དགོས།
  5. ཚོས་ཟིན་པའི་ནས་དང་ཆང་རྩི་ལེགས་པར་བསྲེས་རྗེས་ཁོག་མ་ཡང་ན་ཆང་བསྙལ་བྱེད་ཀྱི་སྣོད་ནང་བླུགས་ནས་ཉལ་ཆས་དང་རས་གོས་སོགས་ཀྱིས་བཏུམས་ནས་བསྙལ་བཞག་དགོས།
  6. ཉིན་གཅིག་གཉིས་རྗེས་ཆང་གི་དྲི་མ་འཐུལ་བའི་སྐབས་ཉམས་མྱོང་ལྟར་ཆང་ལངས་ཡོད་མེད་ཀྱང་ཤེས་ཀྱི་རེད།
  7. ལངས་ཟིན་པའི་ནས་འདི་ལ་བང་མ་ཞེས་ཟེར། བང་མ་རྣམས་རྫེ་མའི་ནང་བླུགས་ནས་ཆུ་ཚད་རན་པ་ཞིག་བརྒྱབ་དགོས།
  8. ཆུ་བརྒྱབ་པའི་ཉིན་གཉིས་པའི་ནང་སྤྱིར་ཆུ་རྣམས་བང་མ་འདྲེས་ནས་བང་མའི་བཅུད་རྣམས་འཐེན་ནས་ཆང་རུ་འགྱུར་གྱི་རེད།
  9. མཐའ་མ་ཆང་ལ་བྲོ་བ་ལྟས་ན་ཡག་པོ་ཆགས་ཡོད་མེད་ཤེས་ཐུབ།

ཆང་གི་དགེ་སྐྱོན།[རྩོམ་སྒྲིག]

དཔྱད་གཞིའི་ཡིག་ཆ།[རྩོམ་སྒྲིག]

"https://bo.wikipedia.org/w/index.php?title=ཆང་&oldid=143296"ལས་སླར་རྙེད་སོང།