གནམ་མཚོ་ཕྱུག་མོ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
བྱང་གནམ་མཚོ།

བོད་བྱང་རྒྱུད་ཀྱི་མཚོ་ཆེན་དང་པོ་གནམ་མཚོ་ཕྱུག་མོ་ནི། བོད་ལྗོངས་ཀྱི་འདམ་གཞུང་གི་ནུབ་བྱང་ཕྱོགས་སུ་གནས་ཤིང་། རྒྱ་མཚོའི་ངོས་ལས་རྨིད་4441དང་། མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་638ཙམ་ཡོད། མཐའ་སྐོར་གྱི་རིང་ཚད་ལ་སྤྱི་ལེ250ལྷག་ཙམ་ཡོད་ཅིང་ཟབ་ཚད་ལ་རྨིད་30ནས40བར་ཡོད། མཚོ་འདི་དང་ཡར་འབྲོག་གཡུ་མཚོཕུ་མ་གཡུ་མཚོདྭངས་ར་གཡུ་མཚོ་བཅས་ལ་བོད་ཀྱི་གཡུ་མཚོ་གྲགས་ཅན་བཞི་ཞེས་ཟེར། མཚོ་རུ་ཉ་རིགས་རྩེན་ཞིང་སྟེང་དུ་བྱ་ཁྱུ་ལྡིང་བ། མཐའ་རུ་སྤང་གཞོངས་སྔོན་མོས་མཛེས་པ་སོགས་བོད་ཁམས་ཀྱི་མཛེས་ལྗོངས་ལས་དྭངས་རྩེར་འཕགས་པ་ཞིག་ཡིན།
མཚོ་ནང་དུ་གླིང་ཕྲན་མང་པོ་ཡོད། ངག་རྒྱུན་ལ་མཚོ་འདི་སྔོན་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་སྒྲུབ་པ་ལ་བཞུགས་སྐབས། བོན་པོས་གསེར་བཙོ་མ་ཞོ་གང་འཕངས་པ་མཚོར་བསྒྱུར་བ་ཡིན་ཟེར།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]