གཏམ་དཔེ།

ཡོང་ཁུངས་Wikipedia

--113.63.113.54 ༡༥:༡༨, ༤ ཟླ་བཅུ་གཉིས་པ། ༢༠༡༣ (UTC)== གཏམ་དཔེ། ==

  • རྨ་ལ་ཕན་ན་ཁྱིའི་ཚིལ་ཡང་རུང།
  • སྐྱིད་པོ་རང་གིས་མ་བྱས་ན་སྔུག་པོ་མི་ཡིས་གཏོང་གི་རེད།
  • མི་སུམ་ཅུར་སེམས་སུམ་ཅུ། མཛོ་སུམ་ཅུར་རྭ་དུག་ཅུ།
  • རི་མགོ་ཐམས་ཅད་མིག་དང་རྩིག་ཁུག་ཐམས་ཅད་ཨ་མཆོག་རེད།
  • དཀྱིལ་དུ་བཞག་ན་ཕྲ་འདྲ། ཟུར་དུ་བཞག་ན་རྒྱན་འདྲ།
  • བཀའ་དྲིན་ལ་བསམ་ཤེས་མེད་པར། དྲིན་ལན་ལ་ལོག་འཇལ།
  • རྐང་ཐང་ལ་མ་ཕྱིན་པར། རྟ་རྩ་ཆེན་ཡིན་པ་མ་ཤེས།
  • རྐུན་ཇག་བཟུང་ན་གཏེ་པོ་ཟུངས། རྩྭ་ངན་བཀོག་ན་རྩ་བ་འདོན།
  • རྐུན་པོར་རྫུ་འཕྲུལ་གྱི་སྟོབས་ཡོད་ཀྱང༌། བདག་པོར་ཡེ་ཤེས་ཀྱི་སྤྱན་ཡོད།
  • རྐྱང་ལྷོ་ལ་ཤི་ཡང༌། མགོ་བྱང་ལ་ལྟ།
  • ཀ་ར་བཞིན་དུ་དྲང་དགོས། ཀ་རྡོ་བཞིན་དུ་བརྟན་དགོས།
  • ཀ་ར་མེད་ན་གུར་མི་འབུབས། འབངས་དང་བྲལ་ན་དོན་མི་འགྲུབ།
  • ཀི་ཧོར་པས་བརྒྱབ་རྒྱུ་ཧོར་མོས་བརྒྱབ། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག།

ལབ་རྒྱུ་ཕ་བསད་བུ་ལ་ཡོད། རྭ་ཡོད་བརྒྱ་ཐར་སར་རྭ་མེད་གཅིག་མི་ཐར་མེད།

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

Áá== ད་དུང་གཟིགས། ==

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]