ཁ་ཆེ་

ཡོང་ཁུངས་Wikipedia

ཁ་ཆེ་藏族穆斯林 KhacheTibetan Muslimཞེས་པ་འདི་ བོད་ནང་དུ་ཡོད་པའི་ཐུན་མོང་མ་ཡིན་པའི་མིའི་ཚོགས་པ་ཞིག་ཡིན་པ་རེད། མི་འདི་རྣམས་ལ་ཁྱད་ཆོས་འདི་འདྲ་ཡོད་པ་སྟེ། ༡ མ་སྐད་འདི་བོད་སྐད་ཡིན་པ།

༢ ཆོས་ལུགས་འདི་ནི་དབྱི་སི་ལན་ཡིན་པ།

༣ འདི་ཚོའི་མེས་པོ་སྤྱིར་བཏང་ནས་ ཁ་ཤི་རྨི་རི་克什米尔 ནས་ཡོང་བ་ཡིན་པ་དང་ རྗེས་སུ་བོད་རིགས་དང་ཁྱིམ་ཚང་བསྒྲིགས་ནས་ ཁྲག་འབྲེལ་བྱུང་བ་།

༤ རྒྱ་མི་དང་ཧུས་རིགས་ལས་མི་འདྲ་བར་ཆོས་ལུགས་ནང་བཀོད་པའི་མི་ཕྱོགས་པ་མ་གཏོགས་ འདི་ཚོའི་འཚོ་བའི་ལོགས་སྲོལ་སོགས་བོད་རིགས་དང་མི་འདྲ་བ་གང་མེད་པ།

༥ ཁ་ཆེ་ཞེས་པ་འདི་ བོད་ནང་མི་རྣམས་ཀྱིས་མི་འདིའི་རིགས་ལ་འབོད་པའི་ཐུན་མོང་ཀྱི་ མིང་ཞིག་ཡིན་པ་ལས་ དབྱི་སི་ལན་ལ་ཡིད་ཆེས་བྱེད་མཁན་ཚང་མར་ཁ་ཆེ་ཟེར་ཀྱི་མེད།

༦ཁ་ཆེ་མང་ཆེ་བ་ད་ལྟ་བོད་རིགས་དང་མཉམ་འདྲེལ་བྱས་ཡོད་པ་དང་ཉུང་ཤད་ཞིག་ད་དུང་འཁྲགས་རུས་འགྲེལ་མེད།

༧བོད་མི་ཚོས་ཟེར་བའི་ཁ་ཆེ་ནི་ ལྷ་སར་གཅིག་པོར་གནས་ཆགས་པ་ལས་ ལུང་པ་ཞན་དུ་མེད་པ་ ཁོང་ཚོ་མི་འབོར་བོད་ནང་དུ་འཕལ་ཆེར་༣༠༠༠ནས་༤༠༠༠ལས་མེད་པ་དང་ རྒྱ་དཀར་དང་ བད་ཡུལ་སོགས་ལ་འཕལ་ཆེར་༡༠༠༠ཙམ་ལས་མེད་པ་རེད་།

              ࿏ལོ་རྒྱུས་དང་ཤོད་སྲོལ་འབྲེལ་བ་ན་࿏


༡ ཁ་ཆེ་ནི་སྤྱི་ལོ་༡༦༡༧ལོའི་གོང་ནས་ལྷ་སར་གནས་ཆགས་ཟིན་ཅིང་ མང་ཆེ་བ་ཚོང་པ་དང་ གཤན་པ་ དེ་ཞིན་འཁྲབ་སྟོན་པ་རིག་རྩལ་ཅན་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་ཞིན་ ཡིན་ཡང་ དེ་སྐབས་ཀྱི་བོད་སུ་ནངས་པའི་ཆོས་ལུགས་དར་ཟོ་ད་ལྟ་ལས་ཧ་ཅང་ཆེ་ཞིན་ ཁ་ཆེ་རྣམས་རང་སོ་སོའི་ཆོས་ལུགས་ཀྱི་གོམ་སྲོལ་ལག་ལྟར་བྱེད་པར་དཀའ་བ་དང་ བོད་མི་ཚོས་དང་མཐུན་འབྲེལ་བྱེད་མི་ཐུབ་པ་སོགས་ཀྱི་རྐྱེན་པས་ བོད་མི་ཚོའི་འཚོ་བར་ཞུགས་ཐུབས་ཀྱི་མེད་པ་རེད་ སྤྱི་ལོ་༡༦༡༧-༡༦༨༢པའི་སྐབས་ ཁ་ཆེའི་ཐུན་མི་ འ་ཧུང་དང་སོགས་དེ་སྐབས་ཀྱི་གོང་ས་ཕྱོགས་ྋཏྰ་ལའི་བླ་མ་ྋསྐུ་ཁྲེངས་ལྔ་པའི་ཟུར་དུ་བཅར་ཏེ་ ཁོ་རྣམས་ཚོ་གོང་དུ་ཞུས་པའི་རྒྱུ་སྐྱེན་པས་ད་ལྟ་ལྷ་ས་ནས་ཁ་བྲལ་ཏེ་རང་ཡུལ་ཁ་ཤི་རྨི་རི་克什米尔ལ་ལོགས་འགྲོ་གི་ཡིན་ཞེས་ཞུས་པས་ གོང་ས་ཕྱོགས་ཀྱིས་ ཁྱེད་རྣམས་ལྷ་སར་མུ་མཐུད་ནས་ཞུགས་རོགས་དང་ ཁྱེད་རྣམས་ཀྱི་ལྷ་སར་ཚོང་རྒྱབ་ཞིན་དཔལ་འབྱོར་ལ་འཕེལ་རྒྱས་ཡོད་པ་མ་ཟད་ ད་ལྟ་བོད་མི་རྣམས་ཆོས་ལ་དལ་པ་ཧ་ཅང་ཆེ་བཞིན་ སྤྱིར་བཏང་གཤན་པ་བྱེད་འདོད་མེས་པས་ ཁྱེད་རྣམས་འདི་གར་གཤན་པ་བྱེད་པར་ཧ་ཅང་ཡག་པོ་འདུག་ བརྗེས་སུ་ད་དུང་ཁ་ཆེའི་ཆོས་རྒན་འམ་ཡང་ན་ འ་ཧུང་ལ་ ཁྱོད་ཚོའོ་ནང་གི་ལག་ཤུགས་ཆེ་ཤོས་ཞིག་འབོད་ཏེ་ ཕྱོགས་བཞི་ལ་མདའ་གཅིག་རེ་རྒྱབ་ནས་ རྒྱང་མདའ་གང་གི་ས་ཆ་ཞིག་ཁྱོད་ཚོར་སྤྲད་ནས་ ཁ་ཆེ་སྤྱིའི་གླིང་ཁ་དང་ ཆོས་ཁང་སོགས་བྱེད་ཆོག་ཞེས་ ད་ལྟ་ལྷ་སའི་ནུབ་ངོས་ ནོར་བུ་གླིང་ཁ་མ་ཟིན་ཙམ་ 海关འགག་སྒོའི་འཕྲོད་སུ་ཡོད་པའི་ས་ཆ་ཞིག་སྤྲོད་པ་རེད་། ས་ཆ་འདིའི་མིང་ལ་ཡང་རྒྱང་མདའ་གང་ཞེས་ ཁ་སྐད་དུ་ཕལ་ཆེར་ཀྱང་ལྟའི་ཁང་ཞེས་འབོད་འདྲ་ ད་ལྟ་བར་ཁ་ཆེའི་ནང་དུ་དེ་བཞིན་འབོད་ཀྱི་ཡོད་པ་རེད་ ། སྐབས་དེ་ནས་བཟུང་ ཁ་ཆེ་རྣམས་ལྷ་སར་དངོས་སུ་གནས་ཆགས་པ་ཡིན་།

༢ གནའ་སྔ་མོ་བོད་རིགས་ཀྱིས་ཀ་ཤི་རྨི་རི་ཡི་མི་ལ་ཁ་ཆེ་ཞེས་འབོས་ཀྱི་ཡོད་པ་རེད་ དཔེར་ན་ ཁ་ཆེ་ཤ་སྐམ་藏红花 ནི་ ཀ་ཤི་རྨི་རི་ལ་མང་བ་སྐྱེས་པས་སོ། །

༣བོད་ཀྱི་རིག་གཞུང་དུ་ཡོད་པའི་ གར་གླུ་དང་ ནང་མ་ སོགས་ཀྱི་གླུ་གཞས་ཀྱི་སྒྲ་གདངས་ནི་ བོད་ཀྱི་གླུ་གཞན་དང་མི་འདྲ་བར་ མཐོ་སྒྲ་སོགས་མང་པོ་ཡོད་པའི་ཁྱད་ཆོས་ལྡན་ དེ་ནི་Persis ཕོར་སི་ དང་ ཁ་ཤི་རྨི་རའི་ལ་དགས་ཀྱི་ཤུགས་རྐྱེན་གྱིས་སོ་།

༤བོད་ཡིགས་ནང་ ཁ་ཆེ་ཕ་ལུ་ ཞེས་པ་དེ་ནི་ པན་ཆེན་སྐུ་ཁྲེང་བདུན་པ་ བསྟན་པའི་ཉི་མ་ཕྱོགས་ཀྱིས་ ཁ་ཆེའི་ཕ་རྒན་ཞིག་གིས་རང་གི་ཕྲུ་གུར་བརྒྱབ་པའི་སློབ་གསོ་དག་སྙན་ངག་དུ་བཀོད་ནས་མི་རྣམས་ལ་སློབ་གསོ་ཡོང་བའི་ཆེད་དུ་བརྩམས་།

༥སྔ་མོ་ནས་ཁ་ཆེའི་ནང་ ལེགས་ཅན་གྱི་མི་རིགས་འཛུགས་སྐྲུན་པ་ དགེ་རྒན་ ཚོང་པ་ རྒྱུ་རྩལ་ལྡན་པའི་མི་རིགས་རི་མོ་མཁས་ཅན་ མི་རིགས་རོལ་དབྱང་མཁས་པ་ འཁྲབ་སྟོན་པ་ སོགས་མང་པོ་ཐོན་ཡོད་པ་དང་ ད་ལྟ་ཡང་ ཁ་ཆེའི་ནང་ མི་རིགས་རྒྱུ་རྩལ་ཅན་དང་ མི་རིགས་རིག་གཞུང་ལ་མཁས་པའི་མི་རྣ་མང་པོ་ཡོད་པས་ ཁ་ཆེས་བོད་ཀྱི་རིག་གནས་དང་ དཔལ་སྦྱོར་ ལོ་རྒྱུས་བཅས་འཕེལ་རྒྱས་དང་ རྒྱུན་འཁྱོངས་ཡོང་བ་སོགས་ལ་ལེགས་འཕུལ་མང་པོ་བྱས་ཡོད་དོ་།

"https://bo.wikipedia.org/w/index.php?title=ཁ་ཆེ་&oldid=131196"ལས་སླར་རྙེད་སོང།