ཀ་གཞུང་།

ཡོང་ཁུངས་Wikipedia

བོད་གངས་ཅན་ལྗོངས་ཁམས་སྟོད་ནང་ཆེན་ཁོངས་གཏོགས་ཡུལ་ཤོགས་ཤིག་གི་མིང་། ལུང་པ་དེར་ཡིག་འབྲུ་ཀ་ཡི་རང་བྱོན་ཞིག་ཡོད་པས་ཀ་གཞུང་ཞེས་མིང་དུ་གྲགས་སྲོལ་ཡོད།ཡུལ་ཤོག་དེའི་ཁོང་སུ་རྨེ་སྟོད་སྨད་དང་། ཀ་ཉིན་སྲིད་བཅས་རུ་ཆེན་བཞི་ཡིས་གྲུབ། དེར་འབའ་རོམ་དང་འབྲི་གུང་འབྲུག་པ་སོགས་ཀྱི་ཆོས་རྒྱུད་འཛིན་པའི་དགོན་སྡེ་བཞི་ཡོད་པ་ནི། བཀྲ་ཤིས་དགོན། ཚངས་གསར་དགོན། ཧེ་རུ་དགོན། ཝྃ་ལུང་དགོན་བཅས་ཡིན། ས་གནས་དེར་དམིགས་ལགས་ཁྱད་ཆོས་ཤིག་ཡོད་པ་ནི་ས་ལ་དབྱར་རྩ་དགུན་འབུ་ཡག་པོ་ཞིག་དང་། མི་ལ་བྲིས་ཀྱིས་སྒྱུ་རྩལ་ལེགས་པོ་ཞིག་ཡོད་པ་དེ་རེད།